༄༅། །བཀའ་ཐང་སྡེ་ལྔ།
ལེའུ་ཉེར་བཞི་པ། རྒྱ་བོད་དྲིན་ཆེན་གང་ལ་གང་འདུལ་མཛད་པའི་ལེའུ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་ཉེར་བཞི་པ། རྒྱ་བོད་དྲིན་ཆེན་གང་ལ་གང་འདུལ་མཛད་པའི་ལེའུ།)

རྒྱ་བོད་དྲིན་ཆེ་གང་ལ་གང་འདུལ་མཛད༔ ཅེས་པས༔ ཕྱི་ནང་གསང་བའི་ལྷ་མ་སྲིན་སྡེ་བརྒྱད༔ སྦས་ཡུལ་གཤོང་པོ་ཧོད་པོར་ཚོགས་ཤིང་འདུས༔ ཕྱི་ཡི་ལྷ་སྲིན་སྡེ་བརྒྱད་མྱུར་མགྱོགས་བརྒྱད༔ འགོང་པོ༔ ཐེའུ་བྲང་༔ དལ་མ༔ ས་བདག༔ ཡུལ་ལྷ༔ སྨན༔ བཙན༔ ཀླུ་དང་བརྒྱད་དོ༔ ནང་གི་ལྷ་མ་སྲིན་སྡེ་བརྒྱད་བརྒྱད༔ སྲོག་བདག༔ མ་མོ༔ གཤིན་རྗེ༔ བདུད༔ གནོད་སྦྱིན༔ དམུ༔ དགྲ་ལྷ༔ འགོང་པོ་དང་བརྒྱད་དོ༔ གསང་བའི་ལྷ་མ་སྲིན་སྡེ་བརྒྱད༔ གཟའ་མཆོག་བྱི་ཏྲི་པ་ཏྲ་དང་༔ ལྗང་སྔོན་དྲག་པོ༔ དུ་བ་མཇུག་རིང་༔ འབར་བ་ར་ཙ༔ སྒྲ་གཅན་འཛིན༔ བྱི་ནུ་ར་ཙ༔ རཱ་ཧུ་ལ༔ ཁྱབ་འཇུག་ཆེན་པོ་དང་བརྒྱད་དོ༔ ཕྱི་ནང་ལྷ་འདྲེ་ཁེངས་ལོག་མི་དམག་གཡོབ༔ འཁོན་གྱི་གདུང་བརྒྱུད་ཆུ་མོ་ལུག་ལ་འཁྲུག༔ ས་བདག་རྒྱལ་པོ་པ་ལ་པ་ཏྲ་ཕག་མགོ་ཅན༔

1-72a

༄༅༔       ༔ས་འཛིན་ལག་པ་ཆེན་པོ༔ སའི་ལྷ་མོ་བསྟན་མ༔ ལྷོའི་ས་བདག་གཙང་ཀུན༔ ནུབ་ཀྱི་ས་བདག་ཧང་ཕན༔ བྱང་གི་ས་བདག་ཐེ་ཁྱིམ༔ ཤར་གྱི་ས་བདག་སྟག་དཀར་བདུན༔ ལྷོའི་ས་བདག་འབྲུག་རྗེ་སྔོན༔ ནུབ་ཀྱི་ས་བདག་བྱ་དམར་པོ༔ བྱང་གི་ས་བདག་རུས་སྦལ་ནག་པོ༔ ཤར་ལྷོའི་ས་བདག་པི་ལིང་འཕར་མ༔ ལྷོ་ནུབ་ས་བདག་འབྲུག་རྗེ་ལོག་པ༔ ནུབ་བྱང་ས་བདག་གྲ་ཧེ་མི་བོ་ཆེ༔ ཀླུའི་རྒྱལ་པོ་ས་འཛིན༔ བྱང་ཤར་གྱི་ས་བདག་གྷིར་ཏི་ནག་པོ༔ ཡང་༔ ཤར་ཕྱོགས་ས་བདག་ནག་པོ་འཁོར་ཅན༔ ལྷོའི་ས་བདག་བ་དན་སེར་པོ༔ ནུབ་ཀྱི་ས་བདག་གཟིག་གི་གཞུག་མ་ཅན༔ བྱང་གི་ས་བདག་བྱའི་ཟེ་བ་ཅན༔ ཐེ་སེ་དང་༔ རྩང་ཀུན་དང་༔ ཐེ་ཁྱིམ་དང་༔ སེ་བ་བླ་མཁྱེན་དང་༔ ཧང་ཕན་དང་༔ པི་ལིང་དང་༔ སེ་ཤར་མི་སོད་དང་༔ སེ་བ་རང་རྟ་དང་༔ ཧལ་ཁྱི་ནག་པོ་དང་༔ སེ་འུག་སྔོན་པོ་དང་༔ ཏེ་སོ་དམར་པོ་དང་༔ སེ་ལོ་སེར་པོ་དང་༔

1-72b

འགྲོལ་བུའི་ཡུལ་ལྷ་ལྔ་དང་༔ ས་བདག་ཆེན་པོ་ལྔ་དང་༔ འབྲུག་ལྷ་གསང་བ་དང་༔ གཡུ་འཛིན་སྔོན་མོ་དང་༔ གསེར་འཛིན་སེར་མོ་དང་༔ པི་ལིང་ནག་པོ་དང་༔ གནམ་ཁྱི་དང་༔ སྤྲིན་ལྷ་ཆེན་པོ་ཨ་ཙ་ར་དང་༔ དྲེགས་པ་ཅན་དང་༔ རལ་པ་ཅན་དང་༔ ཧབ་གསལ་ཅན་དང་༔ སྒྲུབ་པོ་ཅན་དང་༔ ཨ་ཙར་ཅན་ལ་སོགས་ཏེ༔ མི་ཡུལ་རྒྱུག་ཅིང་འགྲིམ་པའི་ས་བདག་གོ༔ ཀླུའི་རིགས་སུ་གྱུར་པ་ཐམས་ཅད་ཀྱི་རྗེ༔ ཀླུ་མལ་གྲོ་གཟི་ཅན༔ དེ་འོག་ཚོང་དཔོན་ནག་པོ༔ དེ་འོག་ཁམས་ཀྱི་བྱ་ཐུལ༔ གངས་ཀྱི་གཅུང་པོ་སྤ་གྲོ་སྐྱེར་ཆུའི་ལྷ༔ ཁ་རྒྱལ་ཞྭ་མོ་ཡོད༔ དེའི་འཁོར་ན་གདུག་པ་ཅན་བཞིའོ༔ དེ་དག་ཐམས་ཅད་རབ་ཏུ་སྨྱོ་བ༔ བསྐལ་པའི་མེ་འབར་བ༔ སྤྱན་ཁྲག་གི་རྒྱ་མཚོ་འཁྱིལ་བ༔ ཁྲག་གི་ཉི་ཟེར་རབ་ཏུ་འཁྲུག་པ༔ ཤངས་ནས་རླུང་ནག་འཚུབ་ཅིང་༔ ཁ་རླང་སྤྲིན་ནག་པོ་འཁྲུག་པ༔ ཞལ་ནས་འབྲུག་སྟོང་སྒྲོག་ཅིང་༔ ལྗགས་ལས་བསྐལ་པའི་གློག་འཁྱུག་པ༔ སྐུ་ལ་

1-73a

༄༅༔       ༔ཐོད་པ་སྣ་ཚོགས་པ་དང་༔ སྙིང་མང་པོའི་འཕྲེང་བ་བསྣམས་པ༔ ཕྱག་ན་མཚོན་ཆའི་རིགས་བྱེད་ཐོགས་ཤིང་༔ འཇིག་རྟེན་འཕུང་བར་བྱེད་པ༔ རལ་པ་ཁམས་ནག་མུན་ལྟར་འཛར་བ༔ གནམ་ལྕགས་ཀྱི་ཟོར་བ་དང་༔ དགྲ་སྟ་དང་༔ ཁ་ཊྭཱཾ་ག་དང་༔ གསེར་གྱི་ཟོར་བ་དང་༔ གནམ་ལྕགས་ཀྱི་ཐུར་མ་བསྣམས་པ༔ འོད་ཟེར་རབ་ཏུ་འཁྲུག་པ༔ ལུང་པ་ཐམས་ཅད་ཀུ་ཅོ་དང་ཁུ་དིར་འགྲོ་བ༔ མོན་པ་བྱ་རོག་མགོ་ཅན་དང་༔ བདུད་སྟག་གི་མགོ་ཅན་དང་༔ སྲིན་པོ་ཀང་ཀའི་མགོ་ཅན་དང་༔ གནོད་སྦྱིན་བྱ་རོག་ཞོན་པ་དང་༔ སྐེམ་བྱེད་ལྕགས་ཀྱུ་ཅན་དང་༔ བརྗེད་བྱེད་དར་རལ་ཅན་དང་༔ སྲིན་མོ་དྲེད་ཞོན་ལ་སོགས་པ་གྲངས་མེད་དོ༔ ལ་ལ་ནི་མཁའ་འགྲོའི་བྲོ་བརྡུང་༔ ལ་ལ་ནི་མི་མགོའི་དུང་འབུད༔ ལ་ལ་ནི་སྤྱུག་པའི་གླུ་ལེན༔ ལ་ལ་ནི་གནམ་ལྕགས་ཀྱི་ཟོར་འཕེན༔ ལ་ལ་ནི་རོ་ཁྱེར་ནས་བར་སྣང་ལ་རྒྱུག༔ ལ་ལ་ནི་འཇིགས་པའི་གར་བྱེད༔ ལ་ལ་ནི་ཀུ་ཅོ་ཆེན་པོ་འདོན༔ ལ་ལ་ནི་

1-73b

་་་་་་་་་་་་་་་་་་་་་་་ཉི་མ་ཟླ་བ་ལྟོར་མིད༔ ལ་ལ་ནི་རི་རབ་བསྐོར་དུ་རྩེ༔ ལ་ལ་ནི་རྒྱ་མཚོ་ཟོར་དུ་འཕེན༔ ལ་ལ་ནི་འཇིག་རྟེན་བླ་འོག་བསྒྱུར༔ ལ་ལ་ནི་འགྲོ་དང་རབ་ཏུ་འགྲོ༔ ལ་ལ་ནི་ས་བདག་དང་གཉན་གྱི་དམག་སྡུད༔ ལ་ལ་ནི་བདུད་མོ་དང་གནོད་སྦྱིན་གྱི་དམག་སྡུད༔ ལ་ལ་ནི་ཀླུ་དང་གཟའི་དམག་སྡུད༔ ལ་ལ་ནི་རྒྱལ་པོ་དང་ཐེའུ་བྲང་གི་དམག་སྡུད༔ མ་མོ་ཕག་ལོར་ཡར་ཀླུངས་ཁྲིམས་དམག་འབྱུང་༔ མཚལ་པའི་བསྟན་པ་དཔོན་རབས་བདུན་གྱིས་རྗེས༔ ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་སྙིང་ལ་ཞུགས༔ རང་རང་བསྟན་པ་རང་རང་འཇིག་པར་འགྱུར༔ བསོད་ནམས་ཟད་པའི་རྒྱལ་པོ་གཅིག༔ ཨ་ལ་ཧུ་ཡི་ཕྲ་མའི་ངག་ལ་ཉན༔ དམག་ལས་ཤེད་མོ་གདབ་པ་སྲོག་དང་བྲལ༔ མ་ཉེས་པ་ལ་སྐྱོན་ཕོག་རྒྱལ་ས་འཁྲུག༔ ཐལ་སྐྱ་བིང་དབང་ཕོ་བྲང་ཞུགས་ཀྱིས་སྒྲོན༔ སོག་པོའི་མི་དཔོན་ངོ་ལོག་མི་འཚམ་བྱེད༔ ཧོར་རྣམས་བསྐལ་པ་འཁུ་བའི་དུས་ཤིག་འབྱུང་༔ ཧོར་རུལ་ཕོ་རུ་བྱེ་སྟེ་ཆ་

1-74a

༄༅༔       ༔མི་ཕྱེད༔ བོད་རྣམས་བཅོམ་པའི་ལ་ཡོགས་ཡིན་ཏེ་མཆི༔ ཆོས་སྡེ་བཤིག་པའི་རྣམ་སྨིན་འོས་ཅི་བདོག༔ པད་འབྱུང་བཞིན་ན་རྒྱ་ནག་བྱུང་གི་དྭོགས༔ ཅན་བཞི་རྒྱལ་པོས་དངངས་སྐྲག་འདི་ཙམ་པ༔ རྒྱལ་པོ་གནམ་གྱི་མིང་ཅན་རྩུབ་འགྱུར་ཅན༔ ས་ཕོ་སྤྲེལ་ལ་ཇིང་གིར་རྒྱལ་ས་འཆོར༔ ཏ་ཤིང་ཕོ་བྲང་འབྱུང་བཞིའི་འཇིགས་པས་འཇོམས༔ གནམ་ཐེས་གཡང་འཆི་དབེན་སླད་བོད་འཆོས་འབྱུང་༔ ས་ཡི་སྟེང་འདིར་མི་སྡེ་རླུང་འཚུབ་ལྡང་༔ དཔའ་བོ་ཡིན་ཀྱང་འཐབས་པས་ཐུབ་པ་མིན༔ སྡར་མ་ཡིན་ཀྱང་བྲོས་པས་ཐར་ས་མེད༔ ལྷ་འབོད་ཀླུ་འབོད་བྱས་ཀྱང་ཕན་པ་མེད༔ ཡར་ཆེན་མཚན་ཐོས་ཙམ་གྱིས་བྱང་ཆུབ་འཐོབ༔ ལྷ་ཁང་ཝ་ར་ཎཱ་སི་མ་གྷ་དྷ༔ ནཱ་ལེནྡཱ་དང་རྒྱ་གར་རྡོ་རྗེ་གདན༔ བི་ཀ་མ་ལ་ཤཱི་ལ་ཨོ་རྒྱན་གན་དྷོ་ལ༔ མཆོད་རྟེན་པདྨ་འཁོར་ལོ་ཅན༔ དཔལ་དུ་བ་མེད་པའི་མཆོད་རྟེན་དང་༔ དཔལ་རེག་པ་མེད་པའི་མཆོད་རྟེན་དང་༔ རི་བོ་ཏ་

1-74b

ལ་ཨོ་ཏན་པཱུ་རི་དང་༔ མཆོད་རྟེན་བདེ་བྱེད་བརྩེགས་པ་དགེ་གནས་བྱེད༔ མཆོད་རྟེན་རྣམ་དག་ལྷ་ལས་བབས་པ་དང་༔ བལ་ཡུལ་གོ་ཏ་བི་རའི་གཙུག་ལག་ཁང་༔ པ་ཙ་སུར་དང་པད་རྒྱས་ལྷ་ཁང་དང་༔ ལྷ་ས་བསམ་ཡས་ཁྲ་འབྲུག་ཡར་ཆེན་གྱི༔ བསྟན་པ་འགྲིབ་པའི་སྐབས་མེད་མ་གོའམ༔ མ་འོངས་གསང་གཏམ་ཐུགས་ལ་ཤར་བ་བཤད༔ ལྗང་ཁུར་ཁར་མིག་ལྷ་རིས་མངའ་གསོལ་མོད༔ དེ་བས་ཡིད་བཞིན་ཡར་ཀླུངས་མཐིལ་ནས་འོངས༔ གསལ་བྱེད་ཆོས་ཀྱི་མེ་ལོང་བསྟན་པ་རྣམས༔ ཁ་བ་ཅན་ལྗོངས་བོད་ཀྱི་རྒྱལ་ཁམས་འདི༔ རྒྱ་ནག་བཙོང་ཁ་རྒྱལ་པོའི་མི་སྡེ་ཡིན༔ མ་སངས་བོན་པོ་འདྲེ་རྒོད་ཅེས་བྱ་བའི༔ མ་འོངས་དབུས་སུ་འདི་ལྟར་མི་བརྒྱུད་འབྱུང་༔ ཕ་ཡི་མིང་ནི་རིན་ཅེན་སྐྱབས་ཞེས་པ༔ ར་སྤུ་སྐུད་ཁལ་སྒྱེ་ཆར་ནོར་དུ་གསོག༔ མ་ཡི་མིང་ནི་ཡོན་བདག་འབུམ་སྐྱིད་མ༔ བྱང་ཆུབ་མཚན་ཅན་ལྕགས་སྟག་ལོ་པ་འབྱུང་༔ ཕྱོགས་

1-75a

༄༅༔       ༔ཆོད་ཀུན་གྱི་མཚོ་རི་བྱ་བ་བྱེད༔ རྒྱལ་ཁམས་འཁྲུགས་ནས་བདེ་བ་མི་འབྱུང་ངོ་༔ སུ་ཡིད་མ་ཆེས་བསྟན་པའི་ཐ་ལ་ལྟོས༔ ལོང་འཐེང་མེ་ཏོག་དཀུ་འདྲའི་བུ་མོ་ལ༔ བྱང་མིང་འདུལ་སྐྱོང་གནམ་སའི་བདག་པོ་འཁྲུངས༔ བར་གཅོད་བདུད་ཀྱི་བསྟན་པ་འདུལ་བར་བྱེད༔ ཁྲིམས་དང་དམ་པ་ཆོས་ཀྱི་ཉི་མ་ཤར༔ ལྕགས་རྟ་དྲུག་ཅུ་རྩ་ལྔ་ལོ་སྐོར་བཞི༔ ལྕགས་ཀྱི་སྐམས་ཆུང་ཁ་བརྒྱད་རོ་ལངས་བདུན༔ ཞེ་སྡང་ལས་གྱུར་དམ་འཁྲུག་འབྱུང་བའི་དུས༔ འདོད་ཆགས་ལས་གྱུར་མུ་གེ་འབྱུང་བའི་དུས༔ གཏི་མུག་ལས་གྱུར་ཡམས་ནད་འབྱུང་བའི་དུས༔ སྤུན་བདུན་སྐྱེ་བ་བདུན་འབྱུང་བསྟན་པ་འཛིན༔ ང་རྒྱལ་ལས་གྱུར་དམག་འཁྲུག་འབྱུང་བའི་དུས༔ མི་རྣམས་སྐྱོ་ཤས་ཆེ་བས་ཆོས་ཀྱིས་འདུལ༔ ཨོ་རྒྱན་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཅིག༔ དབུས་ཕྱོགས་ཉི་མ་གྲ་སྟོད་ཡར་ཆེན་དུ༔ གཏད་པའི་ལས་ཅན་མེ་ཁམས་ཆུ་མོ་ཕག༔ བསྟན་པའི་

1-75b

བདག་པོ་ཨོ་རྒྱན་གླིང་པ་འབྱུང་༔ ཡར་ཆེན་ཚེས་བཅུར་ས་ཡུལ་ལུང་དུ་བསྟན༔ ཡུལ་མང་ལྷ་འདྲེའི་རྟེན་འབྲེལ་བསྒྲིགས་པ་ལས༔ མི་ཡིས་རྟེན་འབྲེལ་བསྒྲིགས་པ་མ་ཡིན་ནོ༔ ཡུག་མོ་ཚེ་བར་མང་པོ་ངོ་མ་ཤེས༔ ཡར་ཆེན་འོ་དད་ཙམ་ལས་མི་འདུག་ཀྱང་༔ བྱིན་རླབས་གཞན་ལས་ཆེ་བ་ཡིན་མ་ཤེས༔ རི་མོ་བཟོ་ཀུན་རི་མོ་གཡག་སྟངས་ཅན༔ ཆོས་ཁ་གཅིག་གིས་གཅིག་བཟུང་ཕྲག་དོག་འཐབ༔ སྐུར་པ་འདེབས་ཤིང་གཅིག་གིས་གཅིག་ལ་སྨོད༔ འདི་དུས་ཨོ་རྒྱན་པད་འབྱུང་བསྟན་པ་དར༔ རྟེན་བཞེངས་ལུགས་སུ་བླུག་དང་འབུར་དུ་བཏོད༔ རིས་སུ་བྲིས་པ་པད་འབྱུང་སྐུ་འདྲ་ལ༔ འཁོར་གསུམ་ཡོངས་དག་ཕུལ་རྣམས་སྒྲིབ་ཀུན་སྦྱོང་༔ ཇི་ལྟར་གུ་རུའི་སྐུ་གཟུགས་ཤིང་ལ་བྱས༔ རྫའམ་བ་སོ་སའམ་རིན་ཅེན་ལས༔ བགྱིས་པ་ཅི་འདྲ་རུང་ཡང་མཆོད་པའི་གནས༔ དེ་བས་ཆེ་འབྱོར་ཆུང་འབྱོར་བསོད་ནམས་གསག༔ ཚེས་བཅུ་ཆོས་ཁྲིམས་བྱ་རྒྱུ་གཞན་མེད་པ༔ ཕན་

1-76a

༄༅༔       ༔པའི་དབང་བྱས་སྲ་མཁྲེགས་འཇམ་རྡོ་རགས༔ མེད་པའི་དབང་བྱས་ཆུ་ཕོར་གང་ཙམ་མམ༔ ཡོད་པའི་དབང་བྱས་ཤིང་གི་ལོ་མ་ཙམ༔ ཆུང་བའི་དབང་བྱས་ཡོས་རྡོག་སྲན་མ་ཙམ༔ ཁྲབ་དང་རལ་གྲི་གོ་མཚོན་སྣ་ཚོགས་པ༔ ཀ་ར་བུ་རམ་ཤིང་ཏོག་ནས་འབྲས་གྲོ༔ འབྲུ་རིགས་རཏྣ་ཀ་ཏོ་ར་དང་ཟངས༔ ག་བུར་ལ་སོགས་བཟང་པོའི་སྨན་རིགས་དང་༔ ས་གཞི་སྔོ་ཐོག་གནག་ལུག་བ་གླང་དང་༔ སྔོ་གསར་དཀར་ཐོག་འདོད་ཡོན་ལྔ་ལ་སོགས༔ ཞལ་ཟས་གཏོར་མ་མར་མེ་མེ་ཏོག་ཚང་༔ གོས་གསར་དང་ནི་སྣོད་སྤྱད་གསར་པ་དང་༔ དེ་ལ་སོགས་པ་ཞག་རེ་ཕུལ་ལམ་སྤྱད༔ རྐུན་ཇག་སྨད་པའི་ཁྱིམ་བདུན་བཤན་ལིངས་མི༔ ཁྱད་པར་སྤྲེལ་ཟླའི་ཚེས་བཅུ་ལོ་ཟླར་མཆོད༔ སྲོག་དང་རྒྱལ་སྲིད་ཕྱིར་དུའང་མཆོད་མི་གཅག༔ ཚེ་འདིར་ཇེ་བདེ་ཇེ་བདེ་ཇེ་སྐྱིད་འབྱུང་༔ ཕྱི་མ་མཐོ་རིས་ལྷ་མིའི་ལོངས་སྤྱོད་འཐོབ༔ ཤར་ནས་འོངས་པའི་རྡོ་རྗེ་སེམས་

1-76b

དཔའ་མཇལ༔ ལྷོ་ནས་འོངས་པའི་རིན་ཆེན་འབྱུང་ལྡན་མཇལ༔ ནུབ་ནས་འོངས་པའི་སྣང་བ་མཐའ་ཡས་མཇལ༔ བྱང་ནས་འོངས་པའི་དོན་ཡོད་གྲུབ་པ་མཇལ༔ དབུས་ནས་འོངས་པའི་རྣམ་པར་སྣང་མཛད་མཇལ༔ རྒྱ་ལ་སྐྱེད་གསུམ་སྦས་ལུང་དཀར་པོའི་ལྗོངས༔ ལྷ་འདྲེ་གདུག་པ་ཅན་རྣམས་ལས་ལ་འཁོལ༔ ལྷ་མིའི་མཆོད་གནས་བསམ་ཡས་ཙམ་རེ་བཞེངས༔ དེ་ཡི་རབ་གནས་ལེགས་པས་རྒྱ་དམག་བཟློག༔ སྐུ་གཟུགས་གྱང་ལོག་བྲིས་པའི་རི་མོ་ཀུན༔ ལྷ་ཁང་བག་ཙམ་ཉམས་པ་འོང་སྲིད་པས༔ ཆོས་ཀྱི་སྐུ་ལ་འོ་བརྒྱལ་མི་མངའ་ཡང་༔ དེ་དུས་ཞིག་གསོས་ལ་ནི་བརྩོན་པར་བྱ༔ འདི་མེད་ལྷ་ཁང་གཞན་རྣམས་ཐམས་ཅད་ཀུན༔ སྦང་རོ་རུལ་བ་བཞིན་དུ་སོང་དོགས་ཡོང་༔ ནག་པོའི་རིགས་ཀྱི་ལྷ་འདྲེ་རྒྱལ་གྱུར་པས༔ ཡིད་བརྟེན་བྱེད་པ་ལྷ་ཁང་གསོ་མ་བཞེངས༔ འཕན་ཡུལ་དར་ཡུལ་གཙང་རིའི་བྲག༔ ཨིནྡྲ་བྷུ་ཏི་རང་བྱོན་མྱ་ངན་སྐུ༔ པད་འབྱུང་

1-77a

༄༅༔       ༔བ་ཁལ་སྨུག་པོ་རང་བྱོན་སྐུ༔ གཏེར་དུ་སྦས་པའི་རྡོ་སྐུ་ཁྱད་འཕགས་གཉིས༔ རྫོང་སྨན་སྐྱེས་ཆུང་ཕན་མོ་དང་༔ ཏི་ལོ་སྨན་དང་སྟག་སྨན་གདོང་༔ གཏད་གཉེར་བྱས་པའི་ཡབ་སྲས་རང་བྱོན་འདི༔ རྡོ་སྐུ་གསེར་སྐུ་ནང་རྫོང་གཞུག་པའི་དུས༔ ཡབ་ཀྱི་གཞུག་དང་སྲས་ཀྱིས་རྒྱབ་གཉིས་བརྡར༔ ཛ་གད་དཔའ་བྱེད་ཨ་མྲྀ་ཏ་བཏབ་པ༔ རབ་གནས་སྟོན་མོ་ལྟད་མོ་བྱས་ཏེ་བྱིན༔ ཁུ་བ་འདི་ཉིད་ལྷོ་རུ་སོང་ཚད་ཀུན༔ མི་དགེ་བཅུ་དང་མཚམས་མེད་ལྔ་བྱས་པ༔ སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་འགྱུར༔ གནས་ངན་ངན་སོང་གསུམ་གྱི་སྐྱེ་སྒོ་གཅོད༔ མཐོ་རིས་ཐར་པའི་ལུས་ནི་ཐོབ་པར་འགྱུར༔ དེ་བས་མཆོད་པ་ཞབས་ཏོག་འབད་ལ་གྱིས༔ བསྟན་པའི་སྤྱི་ཚིག་ཡིན་པས་རྒྱ་དམག་བཟློག༔ ལྷ་ས་བསམ་ཡས་ཁྲ་འབྲུག་ལུང་གསུམ་ལྗོང་༔ རྒྱལ་བློན་བཞེངས་པའི་ས་སྟེང་ལྷ་ཁང་དུ༔ སྡེ་བརྒྱད་ཁེངས་ལོག་དམག་སྒྱུར་གཡུལ་བཟློག་བཤོམ༔

1-77b

ལྷ་འདྲེ་ཁེངས་ལོག་ལྷ་འདྲེ་གཡུལ་ཟློག་བཤོམ༔ དཔེ་དོན་ཕུབ་བམ་བཞག་སྒོར་ལྟ་བུར་བསྐོར༔ དབུས་སུ་གླང་ཆེན་རབ་ཏུ་བརྟན་པ་ལ༔ རིན་ཆེན་ཚོགས་ཚད་འབྲུ་སྣ་ཚོགས་ཚད་དང་༔ རྩི་ཤིང་སྣ་ཚོགས་དར་སྣ་ཚོགས་ཚད་དང་༔ སྟག་རས་གཟིགས་རས་གླང་ཆེན་ལྗོངས་ལ་འདེབས༔ ཀླུ་རིགས་གྱུར་པ་ཐམས་ཅད་རྗེ༔ ཀླུ་ནི་མལ་གྲོ་གཟི་ཅན་ཡིན༔ མི་ཡི་ལུས་ལ་སྦྲུལ་མགོ་བདུན༔ སྐུ་མདོག་ནག་པོ་སྨད་སྦྲུལ་འཁྱིལ༔ གླང་པོ་ཆེ་ཡི་སྟེང་ན་འདུག༔ མལ་གྲོ་གཟི་ཅན་གཡས་གཡོན་གཉིས༔ བུད་མེད་སྔོན་མོ་གཡུ་ཡི་ཐོར་ཅོག་ཅན༔ དེ་གཉིས་མལ་གྲོའི་བཙུན་མོ་ཡིན༔ དེ་འོག་ཚོང་དཔོན་ནག་པོ་མི་ཡི་ལུས༔ དཀར་པོ་སྦྲུལ་མགོ་ལྔ་པས་གཡས་རུ་འདྲེན༔ དེ་འོག་ཁམས་ཀྱི་བྱ་ཐུལ་ནི༔ མི་ལུས་སེར་པོ་སྦྲུལ་མགོ་གཉིས༔ གཟི་ཅན་གཡོན་གྱི་རུ་འདྲེན་ནོ༔ གངས་ཀྱི་གཅུང་བོ་སྤ་གྲོ་སྐྱེར་ཆུའི་ལྷ༔ ཁ་རྒྱལ་ཞ་མོ་འོད་ནི་སེར་པོ་གླང་མགོ་ཅན༔ གཟི་ཅན་སྔོན་གྱི་བཤུལ་སེལ་ཡིན༔

1-78a

༄༅༔       ༔དེ་ཡི་འཁོར་ན་གདུག་པ་ཅན་ནི་བཞི༔ མཐོང་བའི་དུག་ཅན་མི་ལུས་སྦྲུལ་མགོ་ཅན༔ མནམ་པའི་དུག་ཅན་མི་ལུས་རྟ་མགོ་ཅན༔ བསམ་པའི་དུག་ཅན་མི་ལུས་ཁྱི་མགོ་ཅན༔ རེག་པའི་དུག་ཅན་མི་ལུས་རྒྱ་མགོ་ཅན༔ ཀླུ་གཉན་ས་བདག་མང་པོ་གླང་རྗེས་མྱུལ༔ ཚལ་ནག་ཀླུ་ནི་སྦྲུལ་ནག་ཅིག༔ རྐྱང་བུ་ཚལ་ཀླུ་ཁྱེའུ་ཆུང་ཟུར་ཕུད་ཅན༔ ནག་པོ་ཀློང་བརྡོལ་ཀླུ་ནག་སྐུ་མེ་འབར༔ ལུ་མ་ནག་པོའི་ཀླུ་ནི་རྟ་སྔོན་མི་མགོ་ཅན༔ ཟངས་གྲི་མཚོ་དམར་ཀླུ་ནི་གླང་དམར་པོ༔ སྦྲུལ་དང་སྦལ་པ་ལ་སོགས་པ༔ ས་བདག་གཟུགས་ནི་སྣ་ཚོགས་བྱ༔ ཕྱོགས་དང་ཁ་དོག་བསྟུན་ལ་གཟུག༔ དུས་ནི་རྩི་ཐོག་མ་བོ་པ་ཡི་དུས༔ དཀར་གཏོར་ཆུ་གཏོར་དཀར་གསུམ་མངར་གསུམ་བསྐོར༔ དེ་ནས་ཀླུ་ཆོག་བྱེད་པ་བརྒྱ་རྩ་བརྒྱད༔ དེ་ཕྱི་བོན་ཆོག་བྱེད་པ་བརྒྱ་རྩ་བརྒྱད༔ དེ་ཕྱི་གདོན་ཆོག་བྱེད་པ་བརྒྱ་རྩ་བརྒྱད༔ དེ་ཕྱི་སྔགས་

1-78b

ཆོག་བྱེད་པ་བརྒྱ་རྩ་བརྒྱད༔ དེ་ནས་ཚ་ཚ་བརྒྱ་རྩ་གཏོར་མ་བརྒྱ༔ དེ་ནས་སྡོང་པོ་རྒྱན་པ་ཆུ་འཇམ་བརྒྱ༔ དེ་ནས་སྦྱིན་བསྲེག་མནན་པ་བརྒྱ་རྩ་བརྒྱད༔ དེ་ནས་སྨན་བླ་གདུགས་དཀར་སྒྲོལ་མཆོད་པ༔ ཞུབ་ཅན་གོ་མཚོན་གྱོན་པས་བསྐོར༔ ཡུག་མོ་བརྒྱ་དང་རྩ་བརྒྱད་གཡོབ་རྡུལ་བྱ༔ ཞག་བདུན་བྱས་ནས་གཙང་པོའི་གཞུང་ལ་བསྐྱལ༔ རོ་ལངས་བདུན་ཟློག་ཆམ་འབེབས་རྫོང་འདེབས་བསྐྱས༔ རྟེན་འབྲེལ་འདི་བྱས་ཕན་ཡོན་མཐུ་སྟོབས་ཀྱིས༔ མཐའ་དམག་ཐམས་ཅད་འཇིགས་བརྒྱད་རང་འུར་འགྲོ༔ ཟློག་ཐབས་བསྟན་པའི་རིམ་གྲོ་རོ་ལངས་བདུན༔ མི་རྣམས་བསམ་པ་ཕྱོགས་གཅིག་བསྒྲིལ་ནས་སུ༔ གསེར་འབུམ་བརྒྱད་ནས་གྲུབ་ཐོབ་སྐུ་ཤ་བརྒྱད༔ བྱང་མིང་དུར་ཁ་ཕྱེད་ནས་དགྲ་ཕྱོགས་བསྟན༔ སྒྲུབ་ཆེན་བརྒྱད་སྒྲུབས་རོ་ལངས་གཟུངས་སྒྲུབ་བཟློག༔ ཀློག་འདོན་ཡང་ནས་ཡང་དུ་བྱས་ན་ཟློག༔ མདོས་རིགས་

1-79a

༄༅༔       ༔གྱུར་ཚད་ཡང་དང་ཡང་དུ་བཏང་༔ ནག་པོའི་ཕྱོགས་ཕམ་དཀར་ཕྱོགས་སྤོབས་པ་བསྐྱེད༔ སྔགས་བོན་དགེ་སྦྱོང་དཔུང་ནི་བསྐྱེད་ནས་ཟློག༔ ཟློག་ཐབས་མི་བྱེད་སྦས་པའི་ཡུལ་ལ་བྲོས༔ བྱི་འབྲུག་སྤྲེལ་གསུམ་ལོ་ལ་རྒྱ་དམག་འོང་༔ ཆུ་ཕོ་སྤྲེལ་ལ་ཡར་ཀླུངས་གཏམ་ངན་འཚོག༔ བཙན་པོའི་རྫོང་འབེབས་སྒྱོགས་ཀྱི་འཁྲུལ་འཁོར་བཅའ༔ ཡོ་ལ་བཙན་རྫོང་ཕུལ་ཙམ་མ་ལུས་པ༔ ཐམས་ཅད་རྒྱ་ནག་དམག་གིས་འཇོམས་པར་འགྱུར༔ ཤམ་པོའི་ཡུལ་དུ་རྒྱ་ནག་སྒར་མང་འདེབས༔ ཟ་འཐུང་དབྱུང་གི་སྡིག་རྔམས་འདི་ལྟ་བུ༔ རྣམ་སྨིན་ཡིན་ཀྱང་ཆོས་པ་སྙིང་རྗེ་སྐྱེ༔ ཧོར་རྒྱལ་འོག་གི་སྡེ་དགོན་བསོད་ནམས་ཟད༔ བོད་ཁམས་མི་སྐྱིད་པ་ཡི་ཉི་ནག་ཤར༔ གླིང་ཚ་དགོན་འཇོ་ཁྲོམ་ཏོག་མི་ཉག་འབྱུང་༔ རྐུན་ཇག་ཨར་སྤྲང་དགེ་བ་སྤེལ་ཐབས་མེད༔ དབུས་གཙང་ཁམས་གསུམ་ཐམས་ཅད་འོ་

1-79b

རེ་བརྒྱལ༔ དུས་ངན་སྐྱེས་པའི་སེམས་ཅན་སྙིང་རེ་རྗེ༔ ཀྱེ་མ་ཀྱི་ཧུད་མི་དགེ་བྱས་པས་ལན༔ བདུད་དང་སྲིན་པོ་མ་མོ་གནོད་སྦྱིན་དང་༔ གོང་དུ་སྨྲས་པའི་ལྷ་འདྲེ་མ་རུང་རྣམས༔ ནང་ཞིག་ས་ཇིང་ཁེངས་ལོག་རྣམས་ལ་རྒྱལ་པོ་འབྱུང་༔ རྒྱ་བོད་དྲིན་ཆེན་གང་ལ་གང་འདུལ་མཛད་པའི་ལེའུ་སྟེ་ཉེར་བཞི་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔