༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་བདུན་པ། རྩིས་ཀྱི་རྡོ་རིང་ཇི་ལྟར་བསླངས་བའི་ལེའུ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་བཅུ་བདུན་པ། རྩིས་ཀྱི་རྡོ་རིང་ཇི་ལྟར་བསླངས་བའི་ལེའུ།)

རྩིས་ཀྱི་རྡོ་རིང་ཇི་ལྟར་བསླངས་པ་ཡང་༔ གཙུག་ལག་ལྷ་ཁང་ཚར་བའི་དུས་སུ་ནི༔ སྟོང་སྡེ་ཕྱོགས་ཀྱི་མི་རྣམས་ཀུན་ཚོགས་ནས༔ རིན་ཅེན་རྡོ་ལ་འཕྲུལ་གྱིས་འཁྱགས་ལུང་བཏགས༔ རྒྱལ་པོའི་དྲུང་དུ་བདེ་བླག་དྲངས་ནས་ནི༔ རིག་པ་ཅན་གྱི་རྡོ་བཟོ་མཁན་རྣམས་ཀྱིས༔ ལྕགས་ཞུན་རྡོ་རྗེ་ཕ་ལམ་བཏབ་ནས་ནི༔ འཕྲུལ་གྱི་བཟོ་བོས་གཟོང་ཐོག་ལག་གིས་བདར༔ ཇི་ལྟར་རྡོ་རིང་བཟོ་ལེགས་བཙུགས་པ་ནི༔ ཡབ་མེས་

2-71a

༄༅༔      ༔རྒྱལ་པོས་ཇི་ལྟར་མཛད་ཚུལ་དང་༔ ཐང་ཡིག་རྒྱལ་པོའི་བཀའ་ལུང་སྩལ་བ་བྲིས༔ རྒྱལ་པོ་དགེ་སྤྱོད་སྒོ་མོ་རྣམ་བཞི་ལ༔ སྲོང་གི་བང་སོ་ཆེ་བའི་ཡོན་ཏན་དང་༔ བཞུགས་ཀྱི་སྐུ་མཁར་བཞེངས་ཀྱི་ལྷ་ཁང་དང་༔ རྩིས་ཀྱི་རྡོ་རིང་རྣམ་པ་བཞི་ལ་ནི༔ རབ་གནས་མཛད་དུས་སྟོང་སྡེའི་མི་རྣམས་ཚོགས༔ ལོ་པཎ་གྲུབ་ཐོབ་བླ་མཆོད་རྣམས་ལ་ནི༔ ཚོགས་ཀྱི་འཁོར་ལོའི་དགའ་སྟོན་བྱས་ནས་སུ༔ བོད་ཀྱི་བདེ་སྐྱིད་གཟིགས་མོ་སྣ་ཚོགས་བྱས༔ སྟོང་སྡེའི་རྟ་རྒྱུག་གླུ་གར་བྲོ་ཤོན་དང་༔ གཞོན་པའི་རྡོ་བ་རྩེད་མཆོང་བྱེད་པ་དང་༔ མི་དགའ་ལྷ་དགའ་སྐྱིད་རྟགས་བཅུ་གསུམ་བྱས༔ བདེ་སྐྱིད་ཕུན་ཚོགས་སུམ་ཅུ་རྩ་གསུམ་གྱིས༔ དཔག་བསམ་ཤིང་སོགས་ཆོས་བཟང་ལྷ་ཡུལ་འདྲ༔ འདོད་པའི་ཡོན་ཏན་ལྔ་ལ་གང་དགྱེས་རོལ༔ ལོངས་སྤྱོད་སྤྲིན་ཕུང་དགོས་རྒུ་ཆར་ལྟར་འབབ༔ བདེ་བའི་ངང་ལ་བདེ་ཆེན་རོལ་བ་

2-71b

མཛད༔ ཐུགས་ལ་ཅི་བསམ་རང་བཞིན་ལྷུན་གྱིས་གྲུབ༔ བོད་ཁམས་བདེ་སྐྱིད་བཀའ་ནན་རྒྱ་ཆེར་མཛད༔ རྩིས་ཀྱི་རྡོ་རིང་ཇི་ལྟར་བསླངས་པའི་ལེའུ་སྟེ་བཅུ་བདུན་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔