༄༅། །བཀའ་ཐང་སྡེ་ལྔ།
༢ གཏེར་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཡར་ཀླུངས་ཞང་མདའི་ལེའུ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༢ གཏེར་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཡར་ཀླུངས་ཞང་མདའི་ལེའུ།)

དེ་ནས་ཡང་དག་བཤད་བྱ་བ༔ རྒྱལ་པོ་འབྲོང་གཉན་ལྡེ་རུ་ཡི༔

2-74a

༄༅༔      ༔སྐུ་ལ་སྙུན་ནད་བྱུང་བའི་དུས༔ ཞང་ཕུའི་མདའ་རུ་བང་སོ་བརྩིགས༔ རེའུ་མིག་དགུ་པའི་དབུས་མ་རུ༔ ཙན་དན་གདུང་གི་ལྡིང་ཁྲི་བྱས༔ རྒྱལ་པོའི་སྐུ་ཚབ་གསེར་ལས་བཞེངས༔ ཟངས་ཆེན་ཁ་སྦྱར་ནང་དུ་བཞུགས༔ གསེར་བྲེ་དགུ་དང་དངུལ་བྲེ་བརྒྱད༔ རྒྱལ་པོའི་དཀོར་ནོར་བཅས་པ་ཀུན༔ ས་རྡོ་ཤིང་གསུམ་རྒྱ་ཡིས་བཏབ༔ ཕྱི་རབས་རྒྱལ་བརྒྱུད་ནོར་བུ་སྦས༔ གཏེར་སྲུངས་གཉེར་ཏུ་གཏད་པ་མེད༔ ལོ་དུས་ཟླ་དུས་ཚེས་གྲངས་མེད༔ ཅེས་གསུངས་པས༔ ཞང་བུའི་མདའ་རུ་བང་སོ་རེའུ་མིག་དགུ་པ་ཡོད་དོ༔ དེའི་དཀྱིལ་ན་གཡམ་པ་ནག་པོ་མགོ་དཀར་པོ་ཅན་ཞིག་བཙུགས་ཏེ་ཉུག་གེ་ཡོད་དོ༔ དེའི་མཐའ་སྐོར་ཏེ་འདོམ་གང་གྲུ་བཞི་རུ༔ འདོམ་ཕྱེད་དང་གསུམ་ཐུར་དུ་བརྐོས་པ་ན༔ ཙན་དན་གྱི་སྒོ་མོའི་སྟེང་དུ༔ རྡོ་པང་ཐེག་གཤིབས་པ་ཡོད༔ དེའི་

2-74b

སྟེང་ནང་གཡམ་ལེབ་གཤིབས་པ་ཡོད་དོ༔ དེ་རྣམས་བསལ་ལ་སྐས་གདང་ཉི་ཤུ་རྩ་གཅིག་བཙུགས་ཏེ༔ མར་མེ་གཏམས་པའི་དུས་སུ༔ ཙན་དན་གྱི་གདུང་གཉིས་གཤིབས་ཡོད་པའི་ཁྲིའི་སྟེང་༔ ཟངས་མོ་ཆེ་མཚལ་གྱིས་བཀང་བའི་ནང་ན༔ རྒྱལ་པོ་འབྲོང་གཉན་ལྡེ་རུའི་སྐུ་གཟུགས་རྒྱལ་པོ་དང་མཉམ་པ༔ གསེར་ལ་གར་བུར་བཞེངས་པ༔ རྒྱལ་པོའི་ན་བཟའ་གསོལ་བ་བཞུགས་སོ༔ དེའི་མཐའ་མ་ཕྱོགས་མཚམས་བརྒྱད་དུ༔ ཟངས་སྣོད་བཞི་དང་དངུལ་སྣོད་བཞི་ན༔ གསེར་བྲེ་དགུ་དངུལ་བྲེ་དགུ༔ གནམ་ཞལ་ཆེ་བ་དངུལ་གྱི་ཉི་ཤུ༔ ཆུང་བ་དངུལ་ལ་གཞི་བྱས་པ་རིན་པོ་ཆེ་སྣ་ཚོགས་པའི་ཕྲ་བཏབ་པ་བཅུ༔ དངུལ་གྱི་བུམ་པ་གསེར་གྱིས་བཀང་བ་བཞི་ཡོད་དོ༔ རེའུ་མིག་བརྒྱད་པོའི་ནང་རེ་རེའང་༔ ཟངས་རེ་རེའི་ནང་དུ་གསེར་སིལ་མ་མི་རྒྱབ་བཞི་བཞི་ཡོད་དོ༔ དེ་རྣམས་

2-75a

༄༅༔      ༔བཏོན་པའི་ཤུལ་དུ་ས་མི་སྟོངས་པར་བྱ་བའི་ཕྱིར༔ ནང་ཐམས་ཅད་དུ་གསེར་ས་གཏོར་ཏེ༔ སྟེང་གི་སྒོ་ལེགས་པར་བཅད་ལ་བཞག་གོ༔ གཏེར་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཡར་ཀླུངས་ཞང་མདའི་ལེའུ་སྟེ་གཉིས་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔