༄༅། །བཀའ་ཐང་སྡེ་ལྔ།
༡༥ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་དབུ་རྩེ་དཀོར་མཛོད་ཀྱི་ལེའུ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༡༥ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་དབུ་རྩེ་དཀོར་མཛོད་ཀྱི་ལེའུ།)

དེ་ནས་ཡང་དག་བཤད་བྱ་བ༔ རིན་ཅེན་གཏེར་གྱི་མཛོད་གསུམ་ལ༔ གསུམ་ཀའི་ནང་ན་ཀེའུ་ཚང་རེ༔ ཀེའུ་ཚང་དབུས་མའི་སྒོ་ནང་ན༔ མིའུ་སྡེ་བཞི་སྐད་པ་ཡིས༔ ཕྱོགས་ནས་ཕུལ་བའི་ནོར་ཆེན་ནི༔ རྒྱ་གར་རྒྱལ་པོའི་ནོར་ཆེན་རྫས༔ གསེར་དངུལ་པ་ཏྲ་ནོར་གྱིས་བཀང་༔ ཀེའུ་ཚང་གཡོན་པོའི་སྒོ་ནང་ན༔ རྒྱ་ནག་རྒྱལ་པོས་ཕུལ་བའི་ནོར༔ གསེར་གྱི་དོང་ཙེ་ལ་སོགས་པ༔ དར་ཟབ་རིན་ཅེན་ཚོགས་ཀྱིས་བཀང་༔ ཀེའུ་ཚང་གཡས་པའི་སྒོ་ནང་ན༔ ཏ་ཟིག་རྒྱལ་པོས་ཕུལ་བ་ཡི༔ གསེར་དང་རིན་ཅེན་སྨན་གྱིས་བཀང་༔ གྲུ་གུ་རྒྱལ་པོས་ཕུལ་བ་ཡི༔ གཡུ་དང་རིན་ཅེན་སྨན་གྱིས་བཀང་༔ རྒྱལ་བློན་འཁོར་དང་བཅས་པ་ནི༔ འདོད་པའི་ཡོན་ཏན་གང་དགོས་སྦྱོར༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱད་ལས་དབུ་རྩེ་དཀོར་མཛོད་ཀྱི་ལེའུ་སྟེ་བཅོ་ལྔ་པའོ༔       ཐྲཐ྅རྦྱ།རྦྱ།༔       ༔