༄༅། །བཀའ་ཐང་སྡེ་ལྔ།
༢༤ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཤར་གྱི་གླིང་གསུམ་གྱི་ལེའུ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༢༤ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཤར་གྱི་གླིང་གསུམ་གྱི་ལེའུ།)

དེ་ནས་ཡང་དག་བཤད་བྱ་བ༔ ཤར་གྱི་གླིང་གསུམ་གཙོ་བོའི་ཐུགས་ཀ་ནས༔ མདུན་གྱི་མཎྜལ་སྟེང་དུ་འདོམ་རེ་ཁྲུ་རེ་བཅལ་བའི་ས་རུ༔ ཁྲུ་རེ་བྲུས་པའི་འོག་ན༔ གསེར་དངུལ་མཚལ་གསུམ་འདྲེས་པ་ཟངས་ཆུང་རེ་རེ་ཡོད༔ སྲུངས་མ་གླིང་སོ་སོ་སྐྱོང་བ་ལ་གཏད་དོ༔ དེ་དག་ལ་མཆོད་པ་རྒྱས་པར་བྱས་ལ༔ གླིང་རྙིང་པའི་དུས་སུ་འདོན་ནོ༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཤར་གྱི་གླིང་གསུམ་གྱི་ལེའུ་སྟེ་ཉེར་བཞི་པའོ༔       ཐྲཐ྅རྦྱ།རྦྱ།༔       ༔