༄༅། །བཀའ་ཐང་སྡེ་ལྔ།
༢༥ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་གླིང་བརྒྱད་ཀྱི་ལེའུ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༢༥ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་གླིང་བརྒྱད་ཀྱི་ལེའུ།)

དེ་ནས་ཡང་དག་བཤད་བྱ་བ༔ ཨཱཪྻ་པཱ་ལོའི་གླིང་གི་རྟ་མགྲིན་གྱི་ཞབས་འོག་ན༔ སྡེ་བརྒྱད་ཀྱི་མནན་པ་ཡོད་པས་འདོན་པར་མ་བཤད་དོ༔ རྟ་མགྲིན་གྱི་རྒྱབ་དབུ་རྩེའི་ཐད་ཀ་ན༔ ཚོང་དཔོན་གྱི་བུ་ནོར་བུ་ལེན་པའི་རྫིངས་བྲིས་པ་ཡོད༔ དེའི་འོག་གི་གྱང་ལྡབས་ལ་སོར་བཞི་བྲུས་བ་ན༔ རྟ་མགྲིན་དམར་པོ་དྲེགས་པ་ཟིལ་གནོན་གྱི་རྒྱུད་དང་སྒྲུབ་ཐབས་

2-123a

༄༅༔      ༔བཞུགས༔ ལྷ་སྲིན་དྲེགས་པ་བཅོ་བརྒྱད་ཀྱི་སྲོག་སེར་གཏད་གསུམ་ལས་ཚོགས་དང་བཅས་པ་བཞུགས༔ དེ་དག་ཐོག་མར་གསེར་གྱིས་གཏུམས༔ བར་དུ་ཟངས་ཀྱིས་གཏུམས༔ ཐ་མར་ལྕགས་ཀྱིས་གཏུམས༔ སྲུངས་མ་ལོང་བརྒྱ་འདྲེ་ལ་གཏད་ཡོད༔ ཁཪྶཱ་པ་ཎི་ཞབས་བརྐྱངས་པའི་འོག་ན༔ ཆུ་ཡི་པ་ཏྲ་རླུང་གི་པ་ཏྲ་འཁྱིལ་བ་ཡོད༔ སྲུངས་མ་མེ་འབྲུག་རླུང་འབྲུག་ལ་གཏད་ཡོད༔ དཔེ་དཀར་གླིང་གི་གཙོ་བོའི་ལྷའི་གདན་ཁྲིའི་གཡོན་ཟུར༔ པདྨོ་ཟེའུ་འབྲུ་ཅན་གྱི་འོག་ཏུ་ཁྲུ་དོ་བྲུས་པ་ན༔ རྡོ་སྒྲོམ་གཅིག་གི་འོག་ན་ཟངས་བུམ་ཆེན་པོ་ཞིག་གི་ནང་ན་གསེར་ཁལ་ཕྱེད་ཡོད༔ དཔེ་དཀར་གྱི་སྙིང་ག་ན་གཏེར་བྱང་གི་ཤོག་དྲིལ་རྣམས་ཡོད་དོ༔ བཤོས་བུ་དང་བྱ་དཀར་པོས་མཆོད་ལ་ཐོན་ཅིག༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་གླིང་བརྒྱུད་ཀྱི་ལེའུ་སྟེ་ཉེར་ལྔ་པའོ༔       ཐྲཐ྅རྦྱ།རྦྱ།༔       ༔