༄༅། །བཀའ་ཐང་སྡེ་ལྔ།
༣༠ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་རྩེ་ལུང་གི་ལེའུ།
ལེའུ་སྔོན་མ།
(༣༠ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་རྩེ་ལུང་གི་ལེའུ།)
(བུམ་ཐང་རྩེ་ལུང་དང་གཙང་འགྲམ་གྱི་ལེའུ་འདི་གཉིས་ཟམ་བུ་ནང་རྟེན་གྱི་བུ་ཞིག་ལས་བྱུང་བ་ལྟར་བྲིས།) དེ་ནས་ཡང་དག་བཤད་བྱ་བ༔ བུམ་ཐང་རྩེ་ལུང་གི་གཡས་ཕྱོགས་རྡོའི་སྟེང་ཞིག་ཡོད༔ དེའི་སྐེད་པ་ན་རྡོའི་ཆོལ་ནར་མོ་ཞིག་ཡོད༔ དེ་བཅག་པའི་ནང་ན་སྔགས་སྲུངས་ཀྱིས་གཙོ་བྱས་པའི་མ་མོའི་རྒྱུད་དང་སྒྲུབ་ཐབས་བཞུགས་པ་ལ༔ མདོ་རྒྱུད་སྟོང་ཕྲག་གཅིག་གི་སྙིང་ཕྱུང་བ་སྙིང་གཅིག་ཏུ་དྲིལ་བའི་དྲིལ་སྒྲུབ་དང་༔ དཀར་མོ་ནག་མོ་སྨུག་མོའི་སྒྲུབ་ཐབས་ལ་སོགས་པ་མང་པོ་ཡོད༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་རྩེ་ལུང་གི་ལེའུ་སྟེ་སུམ་ཅུ་པའོ༔ ཐྲཐ྅རྦྱ།རྦྱ།༔ ༔