༄༅། །བཀའ་ཐང་སྡེ་ལྔ།
༣༡ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་གཙང་འགྲམ་གྱི་ལེའུ།
ལེའུ་སྔོན་མ།
(༣༡ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་གཙང་འགྲམ་གྱི་ལེའུ།)
དེ་ནས་ཡང་དག་བཤད་བྱ་བ༔ གཙང་འགྲམ་ལྷ་ཁང་གི་དབུ་རྩེ་སྔ་གདོང་གཡས་པའི་སྟེང་ལ་སེངྒེའི་གཟུགས་གཅིག་ཡོད༔ དེའི་མཇུག་མའི་རྩེ་མོ་ལ་སོར་བཞི་བྲུས་པའི་ས་ན༔
2-126b
ལྕགས་ཀྱི་སྦུག་མ་ཅིག་ན་ཡབ་འཇམ་དཔལ་ནག་པོ༔ ཡུམ་ཨེ་ཀ་ཙ་ཏི༔ སྲོག་གིན་བཤན་པའི་མན་ངག་དང་བཅས་པ༔ གཤིན་རྗེ་ཝ་ཐོད་ལས་ཀྱི་རླུང་དམར་དང་༔ མིག་སྲོག་ཟན་དམར་པོ་རེ་སྒྲུབ་པའི་རྒྱུད་དང་བཅས་པ་ཤོག་དྲིལ་མ་བདུན་དང་༔ གཏེར་བྱང་ཤོག་དྲིལ་མ་གསུམ་ཡོད༔ རྒྱལ་པོ་སྲོག་བདག་མཆོད་ལ་འདོན་པར་བྱའོ༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་གཙང་འགྲམ་གྱི་ལེའུ་སྟེ་སོ་གཅིག་པའོ༔ ཐྲཐ྅རྦྱ།རྦྱ།༔ ༔