༄༅། །བཀའ་ཐང་སྡེ་ལྔ།
༣༢ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་རྒྱང་རོ་དཔལ་ཆད་ལྷ་ཁང་གི་ལེའུ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༣༢ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་རྒྱང་རོ་དཔལ་ཆད་ལྷ་ཁང་གི་ལེའུ།)

དེ་ནས་ཡང་དག་བཤད་བྱ་བ༔ རྒྱང་རོ་དཔལ་ཆད་ལྷ་ཁང་དུ༔ རིན་ཅེན་ཆོས་སྨན་རྩི་གསུམ་སྦས༔ ཞེས་པ༔ རྒྱང་རོ་དཔལ་ཆད་ལྷ་ཁང་གི་ཀ་བ་བྱང་ཤར་མར༔ ཡར་ལ་འདོམ་གང་གིས་ན་ཤིང་ཆོལ་ནར་མོ་མཛུབ་གང་པ་ཅིག་ཡོད༔ དེ་གཟོང་གིས་བཀོག་པའི་ནང་ན༔ སྔར་ས་སྟེང་དུ་མ་འཕེལ་བའི་མན་ངག༔ ཀློང་ཆེན་རབ་འབྱམས་བསྡུས་པ་གཅིག་ཏུ་སྒྲིལ་བ་དང་༔ སྨན་དཔྱད་མགོ་ཚལ་གང་སྦྱིན་དང་༔ བྱང་ཁོག་གསེར་གྱི་སྒྲོམ་བུ་

2-127a

༄༅༔      ༔ཞེས་པ་དང་༔ ཡན་ལག་ཀ་བ་དགུ་སྒྲིལ་ཞེས་པ་དང་༔ གཉེན་དཔྱད་རིན་ཅེན་བསྡུས་པ་ཞེས་པ་དང་༔ སྨན་སྦྱོར་བདུད་རྩི་ལྗོན་ཤིང་རྣམས་བཞུགས༔ རྩིས་ལ་རི་རབ་རྡུལ་ཕྲན་དུ་བརྩི་བའི་དགུ་མཐའ་དུས་ཀྱི་འཁོར་ལོ་དང་༔ ཟངས་སྐྱེམ་ཆེ་ཆུང་ལོ་ཟླ་གནད་དུ་བརྩི་བ་རྣམས་བཞུགས་སོ༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་རྒྱང་རོ་དཔལ་ཆད་ལྷ་ཁང་གི་ལེའུ་སྟེ་སོ་གཉིས་པའོ༔       ཐྲཐ྅རྦྱ།རྦྱ།༔       ༔