༄༅། །བཀའ་ཐང་སྡེ་ལྔ།
༣༣ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་མཁོ་མཐིང་ལྷ་ཁང་གི་ལེའུ།
ལེའུ་སྔོན་མ།
(༣༣ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་མཁོ་མཐིང་ལྷ་ཁང་གི་ལེའུ།)
(ལེའུ་འདི་ཟམ་བུ་ནང་རྟེན་གྱི་བུ་ཞིག་ལས་བྱུང་བ་ལྟར་བྲིས།) དེ་ནས་ཡང་དག་བཤད་བྱ་བ༔ མཁོ་མཐིང་ལྷ་ཁང་གི་ལྷ་གཙོ་བོའི་དབུའི་གཙུག་གཏོར་གྱི་ཐད་ཀའི་གྱང་ལྡེབས་ལ་མཐོ་གང་བྲུས་པ་ན་ཤོག་སེར་གྱི་གླེགས་བམ་ཚེར་ནག་གི་སྤང་ལེབ་དང་༔ ཤིང་དམར་གྱི་སྤང་ལེབ་ཀྱིས་གཏུམས་པ་ཡོད༔ མིག་སྐོར་ལ་ཟངས་ཀྱིས་གཏུམས་པ་བདུན་བཞུགས་སོ༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་མཁོ་མཐིང་ལྷ་ཁང་གི་ལེའུ་སྟེ་སོ་གསུམ་པའོ༔ ཐྲཐ྅རྦྱ།རྦྱ།༔ ༔