༄༅། །བཀའ་ཐང་སྡེ་ལྔ།
༣༩ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་སྒྲགས་ཀྱི་ཡང་རྫོང་གི་ལེའུ།
ལེའུ་སྔོན་མ།
(༣༩ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་སྒྲགས་ཀྱི་ཡང་རྫོང་གི་ལེའུ།)
དེ་ནས་ཡང་དག་བཤད་བྱ་བ༔ སྒྲགས་ཀྱི་ཡང་རྫོང་དབེན་གནས་སུ༔ ཕུར་པ་དང་ནི་སེམས་ཕྱོགས་སྦས༔ ཞེས་པས༔ སྒྲགས་ཀྱི་ཡང་རྫོང་གོང་མའི་དཀྱིལ་འཁོར་གྱི་ལྷོ་ལྡེབས་སྐར་ཁུང་ན༔ གཤིན་རྗེའི་རྒྱུད་མན་ངག་དང་བཅས་པ་ཆུ་དར་ལ་བྲིས་ནས་ལྕགས་ཀྱི་སྒྲོམ་བུར་བཞུགས་སོ༔ བྱང་ཤར་གྱི་སྐར་ཁུང་ན་ཕུར་པའི་ལས་ཚོགས་བཞུགས་སོ༔ དཀྱིལ་ཐིག་དྲང་པོའི་འོག་ན་སེམས་ཕྱོགས་མང་ཞིག་བཞུགས་སོ༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་སྒྲགས་ཀྱི་ཡང་རྫོང་གི་ལེའུ་སྟེ་སོ་དགུ་པའོ༔ ཐྲཐ྅རྦྱ།རྦྱ།༔ ༔