༄༅། །བཀའ་ཐང་སྡེ་ལྔ།
༤༣ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་གཙང་ཕུང་པོ་རི་བོ་ཆེའི་ལེའུ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༤༣ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་གཙང་ཕུང་པོ་རི་བོ་ཆེའི་ལེའུ།)

དེ་ནས་ཡང་དག་བཤད་བྱ་བ༔ གཙང་གི་ཕུང་པོ་རི་བོ་ཆེའི་རྩེ་མོ་ན་གཡམ་པ་རྩིག་པས་བསྡམས་ཏེ་རྩེ་མོ་ཉུག་གེ་ཡོད༔ དེའི་ཤར་དུ་མདའ་གང་བྲུས་པ་ན༔ རྡོ་སྒྲོམ་སོལ་ཕྱེས་བཀང་བའི་དཀྱིལ་དུ༔ ཙན་དན་གྱི་སྒྲོམ་བཅས་ཀྱིས་གཏུམས་པའི་ནང་ན༔

2-131a

༄༅༔      ༔གཤིན་རྗེ་ཚེ་བདག་ནག་པོའི་རྒྱུད་སྒྲུབ་ཐབས་ལས་ཕྲན་དང་བཅས་པ་བཞུགས་སོ༔ བདུད་བཙན་དམུ་རྒྱལ་པོ་གིང་གཟའ་བདུད་ཀྱི་དྲག་སྔགས་ཅོག་བརྡུངས་ཀྱི་རྒྱུད་དང་སྒྲུབ་ཐབས་རྣམས་བཞུགས་སོ༔ སྲུངས་མ་ནི་གཟའ་བདུད་ལ་རྒྱས་པར་མཆོད་ལ་འདོན་པར་བྱའོ༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་གཙང་ཕུང་པོ་རི་བོ་ཆེའི་ལེའུ་སྟེ་ཞེ་གསུམ་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔