༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་གཅིག་པ། སྐུ་གསུམ་གྱི་ཞིང་ཁམས་བསྟན་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་བཅུ་གཅིག་པ། སྐུ་གསུམ་གྱི་ཞིང་ཁམས་བསྟན་པ།)

ཞིང་ཁམས་མདོར་བསྡུས་བསྟན་པ་ནི༔ མི་ཚེ་དཔག་མེད་དུས་ནས་སུ༔ ཚེ་ལོ་བཅུ་པ་མཐར་ཐུག་པ༔ ཡ་ཐོག་ཅེས་པ་དེ་ནས་ནི༔ བརྒྱད་ཁྲིའི་བར་དུ་འཕེལ་འགྲིབ་པ༔ བར་གྱི་་་་་་་་་་་་་བསྐལ་པ་བཅོ་བརྒྱད་བར༔ མཐར་ནི་འཕེལ་བས་མ་ཐོག་གཅིག༔ དེ་ལྟར་འཕེལ་ནས་གནས་པ་སྟེ༔ སངས་རྒྱས་སྟོང་དང་སེམས་དཔའ་གཉིས༔ དེ་ལ་རྫོགས་པར་འབྱུང་བའོ༔ དེ་རྣམས་སྤྲུལ་པའི་སྐུ་ཡིན་ལ༔ ཞིང་ཁམས་བཀོད་པ་འདི་ལྟ་སྟེ༔ གླིང་བཞི་པ་དང་ཉི་ཟླ་དང་༔ རི་རབ་

4-38a

༄༅༔       ༔དང་ནི་འདོད་ལྷ་དང་༔ ཚངས་པའི་འཇིག་རྟེན་སྟོང་ལ་ནི༔ སྟོང་ནི་སྤྱི་ཕུད་ཡིན་པར་འདོད༔ དེ་སྟོང་ལ་ནི་སྟོང་གཉིས་པ༔ བར་མའི་འཇིག་རྟེན་ཁམས་ཡིན་ནོ༔ དེ་སྟོང་ལ་ནི་སྟོང་གསུམ་མོ༔ མཉམ་དུ་འཇིག་ཅིང་འབྱུང་བ་ཡིན༔ རི་རབ་གླིང་བཞི་ཁོར་ཡུག་ལ༔ གླིང་བཞི་བཅོམ་པ་ལྡན་ཞེས་བྱ༔ འདི་ན་བཅོམ་ལྡན་ཤཱཀྱ་ཐུབ༔ རྒྱལ་པོ་དོན་གྲུབ་ལ་སོགས་པ༔ མཚན་ནི་སྟོང་ཕྲག་བཅུ་རུ་གྲགས༔ ཤར་ན་གླིང་བཞི་ཤིན་ཏུ་བསྲུང་༔ དེ་ན་བདེ་གཤེགས་རྡོ་རྗེ་སོགས༔ མཚན་ནི་སྟོང་ཕྲག་བཅུ་རུ་གྲགས༔ ལྷོ་ན་གླིང་བཞི་བཟོད་པར་དཀའ༔ དེ་ན་བདེ་གཤེགས་དབང་པོ་སོགས༔ མཚན་ནི་སྟོང་ཕྲག་བཅུ་རུ་གྲགས༔ ནུབ་ན་གླིང་བཞི་གཉེན་དང་ལྡན༔ དེ་ན་བདེ་གཤེགས་ཆུ་ལྷ་སོགས༔ མཚན་ནི་སྟོང་ཕྲག་བཅུ་རུ་གྲགས༔ བྱང་ན་གླིང་བཞི་སེང་གེ་ཡོད༔ དེ་ན་བདེ་གཤེགས་ཐུབ་ཆེན་སོགས༔ མཚན་ནི་སྟོང་ཕྲག་བཅུ་རུ་གྲགས༔ བྱང་ཤར་གླིང་བཞི་རྣམ་པར་

4-38b

བརྩེགས༔ དེ་ན་བདེ་གཤེགས་བདུད་རྣམས་འཇོམས༔ ཞེས་སོགས་མཚན་ནི་སྟོང་ཕྲག་བཅུ༔ ཤར་ལྷོ་གླིང་བཞི་དགའ་བ་ཞེས༔ དེ་ན་བདེ་གཤེགས་མི་འཇིགས་སོགས༔ མཚན་ནི་སྟོང་ཕྲག་བཅུ་རུ་གྲགས༔ ལྷོ་ནུབ་གླིང་བཞི་སྙིང་པོ་དམ༔ དེ་ན་བདེ་གཤེགས་མི་འཇིགས་སོགས༔ མཚན་ནི་སྟོང་ཕྲག་བཅུ་རུ་གྲགས༔ ནུབ་བྱང་གླིང་བཞི་ས་བཟང་པོ༔ བདེ་གཤེགས་ཡང་དག་མཐའ་ཡས་སོགས༔ མཚན་ནི་སྟོང་ཕྲག་བཅུ་རུ་གྲགས༔ འོག་ན་གླིང་བཞི་འོད་འཕྲོ་ལྡན༔ བདེ་གཤེགས་ཤིན་ཏུ་གྲུབ་ལ་སོགས༔ མཚན་ནི་སྟོང་ཕྲག་བཅུ་རུ་གྲགས༔ སྟེང་ན་གླིང་བཞི་ནོར་འཛིན་ཅེས༔ བདེ་གཤེགས་བློ་གྲོས་ལྡན་ལ་སོགས༔ མཚན་ནི་སྟོང་ཕྲག་བཅུ་རུ་གྲགས༔ དེ་འདྲ་གཅིག་ནས་གཉིས་བགྲངས་སྟོང་༔ སྟོང་ནི་སྤྱི་ཕུད་འཇིག་རྟེན་ཁམས༔ དེ་ཡི་ལྕགས་རིས་དགའ་ལྡན་སླེབ༔ དེ་ཉིད་གཅིག་ནས་གཉིས་བགྲངས་སྟོང་༔ སྟོང་གཉིས་བར་མའི་འཇིག་རྟེན་ཁམས༔ ལྕགས་རིས་གཞན་

4-39a

༄༅༔       ༔འཕྲུལ་དབང་བྱེད་སླེབ༔ དེ་གཉིས་གཅིག་ནས་གཉིས་བགྲངས་སྟོང་༔ སྟོང་གསུམ་སྟོང་གི་འཇིག་རྟེན་ཁམས༔ ལྕགས་རིས་བསམ་གཏན་དང་པོར་སླེབ༔ དེ་ནི་སྤྲུལ་སྐུའི་ཞིང་ཁམས་སོ༔ གླིང་བཞི་བྱེ་བ་ཕྲག་བརྒྱ་ཡོད༔ ཞིང་ཁམས་དེ་དང་མཉམ་པ་ནི༔ ཤར་ན་ཁེབས་པ་དང་ལྡན་པ༔ དེ་ན་དེ་བཞིན་གཤེགས་པ་ནི༔ མཉམ་པ་ཞེས་བྱ་ལ་སོགས་པ༔ མཚན་ནི་བྱེ་བ་སྟོང་ཕྲག་བཅུ༔ ལྷོ་ན་ལྷག་པའི་འཇིག་རྟེན་ཁམས༔ བདེ་གཤེགས་ཐུགས་སུ་ཆུད་པའོ༔ མཚན་ནི་བྱེ་བ་སྟོང་ཕྲག་བཅུ༔ ནུབ་ན་སྒྱུ་རྩལ་འཇིག་རྟེན་ཁམས༔ བདེ་གཤེགས་དགོངས་པ་དང་ལྡན་སོགས༔ མཚན་ནི་བྱེ་བ་སྟོང་ཕྲག་བཅུ༔ བྱང་ན་རྣམ་པར་འབྱུང་བའི་ཞིང་༔ བདེ་གཤེགས་ཙམ་པ་ཀའི་མདོག་སོགས༔ མཚན་ནི་བྱེ་བ་སྟོང་ཕྲག་བཅུ༔ བྱང་ཤར་འཕྲོ་བར་བྱེད་པའི་ཞིང་༔ བདེ་གཤེགས་སྡུག་བསྔལ་བྲལ་ལ་སོགས༔ མཚན་ནི་བྱེ་བ་སྟོང་ཕྲག་བཅུ༔ ཤར་ལྷོ་ཕན་

4-39b

པའི་འཇིག་རྟེན་ཁམས༔ བདེ་གཤེགས་རབ་འཇོམས་ལ་སོགས་པ༔ མཚན་ནི་བྱེ་བ་སྟོང་ཕྲག་བཅུ༔ ལྷོ་ནུབ་ཀུན་ཏུ་སྤོང་བའི་ཞིང་༔ བདེ་གཤེགས་ཐུབ་པའི་དབང་པོ་སོགས༔ མཚན་ནི་བྱེ་བ་སྟོང་ཕྲག་བཅུ༔ ནུབ་བྱང་ཡོངས་སུ་དགའ་བ་ཞེས༔ མེ་ཏོག་ཡང་དག་ཚལ་ལ་སོགས༔ མཚན་ནི་བྱེ་བ་སྟོང་ཕྲག་བཅུ༔ འོག་ན་མི་ཆེའི་ཞིང་ཁམས་ན༔ འོད་འཕྲོ་འགྱེད་པ་ལ་སེམས་པ༔ མཚན་ནི་བྱེ་བ་སྟོང་ཕྲག་བཅུ༔ སྟེང་ན་དབྱངས་སྒྲོག་འཇིག་རྟེན་ཁམས༔ དཔལ་གྱི་རྒྱལ་མཚན་ལ་སོགས་པ༔ མཚན་ནི་བྱེ་བ་སྟོང་ཕྲག་བཅུ༔ དེ་འདྲ་གཅིག་ནས་གཉིས་བརྩིས་སྟོང་༔ མཚམས་སྦྱོར་འཇིག་རྟེན་ཁམས་ཞེས་བྱ༔ ལྕགས་རིས་བསམ་གཏན་གཉིས་པར་སླེབ༔ དེ་སྟོང་རྒྱུད་བཀོད་དང་པོ་སྟེ༔ ལྕགས་རིས་བསམ་གཏན་གསུམ་པར་སླེབ༔ དེ་སྟོང་རྒྱུད་བཀོད་བར་པ་སྟེ༔ ལྕགས་རིས་བསམ་གཏན་བཞི་པར་སླེབ༔ དེ་སྟོང་རྒྱུད་བཀོད་ཐ་མ་སྟེ༔ ལྕགས་རིས་

4-40a

༄༅༔       ༔གྱ་ནོམ་སྣང་བར་སླེབ༔ དེ་སྟོང་སྟོང་ཆེན་རྟོགས་སྤངས་ཞེས༔ གཞི་དང་སྙིང་པོ་མེ་ཏོག་བརྒྱན༔ དེ་ཡི་ལྕགས་རིས་འོག་མིན་སླེབ༔ དེ་ཉིད་ལོངས་སྐུའི་ཞིང་ཁམས་ཏེ༔ ཆགས་པ་ཡོད་ལ་འཇིག་པ་མེད༔ དེ་ལ་དཔག་ཏུ་མེད་པ་ལ༔ ཆོས་སྐུའི་ཞིང་ཁམས་ཞེས་བྱ་སྟེ༔ དབྱིབས་དང་ཁ་དོག་མ་གྲུབ་པ༔ ཆགས་འཇིག་ཀུན་དང་བྲལ་བའོ༔ ཞིང་ཁམས་དེ་དག་ཐམས་ཅད་ཀྱང་༔ སངས་རྒྱས་སྤྲུལ་པ་བསམ་མི་ཁྱབ༔ སྐྲ་རྩའི་ཁྱོན་ལས་སངས་རྒྱས་མང་པོ་བྱོན༔ གདྒཱའི་ཀླུང་གི་བྱེ་མ་ཇི་སྙེད་པ༔ རྒྱལ་བ་དེ་དག་ཞིང་ཡང་དེ་སྙེད་དོ༔ དེ་དག་མཚན་ཉིད་མི་འདྲ་བསྐལ་མི་མཉམ༔ དེ་ཡང་སྒྱུ་མ་སྤྲུལ་པའི་རང་བཞིན་ཏེ༔ ཇི་སྙེད་ཕྱོགས་བཅུའི་འཇིག་རྟེན་འདི༔ འདས་པའི་ཞིང་རྣམས་རྒྱ་མཚོ་ཡང་༔ གཅིག་གི་ནང་ན་ཐམས་ཅད་སྣང་༔ སྒྱུ་མའི་རང་བཞིན་སྤྲུལ་པ་ཡིན༔ དེ་ལྟར་སྤྱན་རས་གཟིགས་དབང་གིས༔ རྣམ་པར་སྣང་མཛད་གངས་ཅན་མཚོའི༔

4-40b

ཞིང་ཁམས་དེ་འདྲ་བྱེ་བ་ནི༔ བཅོམ་ལྡན་སྤྱན་རས་གཟིགས་དབང་གི༔ མཆན་ཁུང་གཡོན་པའི་བ་སྤུ་ཡི༔ བུ་ག་གཅིག་ན་བཞུགས་ཞེས་གསུངས༔ ལོ་པཎ་བཀའི་ཐང་ཡིག་ལས་སྐུ་གསུམ་ཞིང་ཁམས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔