༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་དྲུག་པ། བྱ་རྒྱུད་ཀྱི་ཕུན་ཚོགས་བསྟན་པ།
ལེའུ་སྔོན་མ།
(ལེའུ་བཅུ་དྲུག་པ། བྱ་རྒྱུད་ཀྱི་ཕུན་ཚོགས་བསྟན་པ།)
བྱ་བའི་རྒྱུད་ཀྱི་ཕུན་སུམ་ཚོགས་ལྔ་ནི༔ ལོངས་སྐུའི་སྤྲུལ་སྐུ་རིགས་གསུམ་མགོན་པོའི་ཚུལ༔ རི་བོ་མ་ལ་ཡ་ཡི་རྩེ་ལ་སོགས༔ འཁོར་ནི་ལྷ་དང་མི་ཡི་རིག་འཛིན་ལ༔ རྒྱུད་སྡེ་སྟོང་ཕྲག་བཞི་ཙམ་གསུངས་པ་ཡི༔ བྱ་བའི་རྒྱུད་ཀྱི་ཀྲྀ་ཡ་སྡེ་དྲུག་ནི༔ རིགས་སྔགས་ཀུན་གྱི་ཁོག་དབུབས་དཔུང་བཟང་རྒྱུད༔ རིགས་སྔགས་དབང་བསྐུར་ཕྱག་རྡོར་དབང་བསྐུར་རྒྱུད༔ རིག་སྔགས་ཏིང་འཛིན་མཆོག་སྟོན་རིག་པ་མཆོག༔ རིགས་སྔགས་འདུལ་བ་ལེགས་པར་གྲུབ་པའི་རྒྱུད༔ རིགས་སྔགས་འཕྲིན་ལས་ཁྲོ་བོ་ཁམས་གསུམ་རྒྱལ༔ རིག་སྔགས་དགོངས་པ་བསམ་གཏན་ཕྱི་མའི་རྒྱུད༔ བྱ་བ་བྱེ་བྲག་རྒྱུད་གསུམ་འཇམ་དཔལ་སྐོར༔ སྤྱན་རས་གཟིགས་ཀྱི་སྐོར་དང་ཕྱག་རྡོར་སྐོར༔ ཀྲྀ་ཡའི་རྒྱུད་སྡེ་ལྔ་བརྒྱ་ཀླུ་ཡུལ་བཞུགས༔ དེ་རྣམས་སྡུད་པ་པོ་ནི་རིགས་གསུམ་མོ༔ ལོ་པཎ་བཀའི་ཐང་ཡིག་ལས་བྱ་རྒྱུད་ཀྱི་ཕུན་ཚོགས་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ༔
4-55a
༄༅༔ ༔ཐྲཐཉྲརྦྱ།རྦྱ།༔ ༔