༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅོ་བརྒྱད་པ། རྣལ་འབྱོར་རྒྱུད་ཀྱི་ཕུན་ཚོགས་བསྟན་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་བཅོ་བརྒྱད་པ། རྣལ་འབྱོར་རྒྱུད་ཀྱི་ཕུན་ཚོགས་བསྟན་པ།)

རྣལ་འབྱོར་རྒྱུད་ཀྱི་ཕུན་སུམ་ཚོགས་ལྔ་ནི༔ ལོངས་སྐུའི་ཆོས་སྐུ་རྣམ་པར་སྣང་མཛད་ཀྱིས༔ ཐུན་མོང་གནས་ནི་སུམ་ཅུ་རྩ་གསུམ་དང་༔ ཁྱད་པར་གནས་ནི་འོག་མིན་ལ་སོགས་སུ༔ ལྷ་དང་བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ༔ རྣལ་འབྱོར་རྒྱུད་སྡེ་སྟོང་ཕྲག་བཅུ་གསུམ་གསུངས༔ ཡོ་གའི་རྒྱུད་ཆེན་བམ་པོ་

4-55b

སུམ་བརྒྱ་དང་༔ ཡོ་ག་ལུང་སེམས་ལ་ནི་རྒྱུད་སྡེ་བཞི༔ ཁོ་ན་ཉིད་འདུས་ཏ་ཐཱ་སང་ཀྲ་ཧ༔ ཕ་ཤ་ཧ་ཀར་རྡོ་རྗེ་རྩེ་མོའི་རྒྱུད༔ དཔལ་མཆོག་དང་པོ་བར་མ་བ་ཏེའི་རྒྱུད༔ རྟོགས་པ་བསྡུས་པའི་རྒྱུད་རྣམས་ཕྱག་རྡོར་བསྡུས༔ ལོ་པཎ་བཀའི་ཐང་ཡིག་ལས་རྣལ་འབྱོར་རྒྱུད་ཀྱི་ཕུན་ཚོགས་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔