༄༅། །བཀའ་ཐང་སྡེ་ལྔ།
ལེའུ་ཉེར་གཅིག་པ། ཨ་ཏི་ཡོ་གའི་ཕུན་ཚོགས་བསྟན་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་ཉེར་གཅིག་པ། ཨ་ཏི་ཡོ་གའི་ཕུན་ཚོགས་བསྟན་པ།)

ཨ་ཏི་ཡོ་གའི་ཕུན་སུམ་

4-61b

ཚོགས་ལྔ་ནི༔ ཆོས་སྐུའི་ཆོས་སྐུ་ཀུན་ཏུ་བཟང་པོའི་ཚུལ༔ གནས་ནི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ༔ འཁོར་ནི་ཉིད་ལ་ཉིད་ཀྱིས་བཤད་པ་ནི༔ ལོངས་སྤྱོད་རྫོགས་པའི་རིགས་བྱེད་ལྔ་བརྒྱའོ༔ ཆོས་ནི་བྱེ་བ་ཕྲག་ནི་སུམ་ཅུ་གཉིས༔ དེ་ལས་བཏུས་པའི་རྒྱུད་སྡེ་ཁྲི་ཕྲག་གཉིས༔ མདོར་བསྡུས་ཉི་ཤུ་རྩ་གཅིག་བཅོ་བརྒྱད་དོ༔ རྫོགས་པ་ཆེན་པོ་རྒྱ་གར་ཆོས་ལུགས་བཞི༔ རྒྱལ་བའི་ཆོས་ལུགས་རྒྱུད་སྡེ་མན་ངག་དང་༔ འཕགས་པའི་ཆོས་ལུགས་རྒྱུད་སྡེ་མན་ངག་དང་༔ རྒྱལ་པོའི་ཆོས་ལུགས་རྒྱུད་སྡེ་མན་ངག་དང༔ བྲམ་ཟེའི་ཆོས་ལུགས་རྒྱུད་སྡེ་མན་ངག་གོ༔ བོད་དུ་སྒྱུར་བ་སེམས་ཀློང་མན་ངག་སྡེ༔ སེམས་སྡེ་ལ་ནི་རྒྱུད་སྡེ་སྟོང་དགུ་བརྒྱ༔ ཀློང་སྡེ་ལ་ནི་ཀློང་སྐོར་བཅུ་གཉིས་རྒྱུད༔ མན་ངག་སྡེ་ལ་བསམ་གྱིས་མི་ཁྱབ་རྒྱུད༔ སྒོམ་པའི་རྒྱུད་སྡེ་སྔ་འགྱུར་ལྔ་པོ་ནི༔ ཁྱུང་ཆེན་ལྡིང་པ་བསྒོམ་པ་དོན་དྲུག་པ༔ རིག་པའི་ཁུ་བྱུག་རྩལ་ཆེན་སྤྲུགས་པ་དང་༔ ནམ་མཁའ་ཆེའོ་ཕྱི་འགྱུར་

4-62a

༄༅༔       ༔བཅུ་གཉིས་ནི༔ རྗེ་བཙུན་དམ་པ་ཡིད་བཞིན་ནོར་བུ་དང་༔ རིན་ཆེན་ཀུན་འདུས་རྫོགས་པ་སྤྱི་སྤྱོད་དང་༔ བྱང་སེམས་བདེ་འབྱམས་སྲོག་གི་འཁོར་ལོ་དང་༔ བདེ་བ་ཕྲ་བཀོད་རྨད་དུ་བྱུང་བ་དང་༔ རྩེ་མོ་བྱུང་རྒྱལ་བྱང་ཆུབ་སེམས་ཏིག་དང་༔ བྱང་སེམས་སྤྱི་ཆིངས་བྱང་སེམས་མྱུ་གུའོ༔ སྡུད་པ་པོ་ནི་སྟོན་པ་ཉིད་ཀྱིས་བསྡུས༔ དེ་ལྟར་ཆོས་རྣམས་གསུངས་པའི་ཚད་བསྟན་ནས༔ ཐེག་ཆེན་ལ་སོགས་གཞན་ཡང་མདོ་སྡེ་རྣམས༔ དུང་ཕྱུར་ཕྲག་གཉིས་གསུངས་པ་ཡིན༔ དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ༔ ས་ཡ་དང་ནི་དུང་ཕྱུར་ལྔ༔ རྣལ་འབྱོར་ཕ་ཡི་རྒྱུད་ཀྱི་ཚད༔ བྱེ་བ་ཕྲག་ནི་དྲུག་ཏུ་ངེས༔ དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས༔ བྱེ་བ་ཕྲག་ནི་བཅུ་དྲུག་གོ༔ འདི་དག་ཐམས་ཅད་ཐུབ་དབང་པོ༔ སྐུ་གསུམ་བདག་ཉིད་ཅན་གྱིས་གསུངས༔ བྱ་བའི་རྒྱུད་ལ་སྟོང་ཕྲག་བཞི༔ སྤྱོད་པའི་རྒྱུད་ལ་སྟོང་ཕྲག་བརྒྱད༔ རྣལ་འབྱོར་སྟོང་ཕྲག་བཅུ་དྲུག་སྟེ༔

4-62b

རྒྱུད་སྡེ་སྟོང་ཕྲག་དེ་རྣམས་ཀྱི༔ རྟོགས་པ་ཕྲ་མོ་སྟོན་པ་ཡི༔ རྒྱུད་སྡེ་སྟོང་ཕྲག་བཞི་ཉིད་དེ༔ དེ་ལྟར་སུམ་ཅུ་སོ་བཞིའོ༔ ལོ་པཎ་བཀའི་ཡིག་ལས་ཨ་ཏི་ཡོ་གའི་ཕུན་ཚོགས་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔