༄༅། །བཀའ་ཐང་སྡེ་ལྔ།
ལེའུ་སོ་གཉིས་པ། ཉན་ཐོས་ཀྱི་ཉམས་ལེན་བསྟན་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་སོ་གཉིས་པ། ཉན་ཐོས་ཀྱི་ཉམས་ལེན་བསྟན་པ།)

བཀོལ་མདོ་དྲུག་གིས་རང་རང་གིས༔ ཉམས་ལེན་བསྟན་ལ་རྣམ་པ་བཅུ༔ ཉན་ཐོས་རང་རྒྱལ་བྱང་སེམས་དང་༔ ཀྲི་ཡ་ཡོ་ག་ཨུ་པ་དང་༔ མ་ཧཱ་ཨ་ནུ་ཨ་ཏི་དང་༔ སྤྱི་ཏི་ཡང་ཏི་མཐའ་ཆེན་པོ༔ ཉན་ཐོས་ལ་ཡང་རྣམ་པ་དྲུག༔ འཇུག་སྒོ་ཚུལ་ཁྲིམས་ལྟ་བ་དང་༔ སྒོམ་པ་སྤྱོད་པ་འབྲས་བུའོ༔

4-76a

༄༅༔       ༔དང་པོ་འཇུག་སྒོ་བདེན་པ་བཞི༔ སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ༔ སོ་སོའི་ངོ་བོ་མཚན་ཉིད་དབྱེ༔ སྡུག་བསྔལ་གདུངས་ཤིང་ཤ་ཐང་མཚན་ཉིད་ཅན༔ ཀུན་འབྱུང་སྐྱེ་ཞིང་འཕེལ་བའི་མཚན་ཉིད་ཅན༔ འགོག་པ་མི་རྟོག་ཞི་བའི་མཚན་ཉིད་ཅན༔ ལམ་ནི་ཐེག་པ་ཆེན་པོའི་མཚན་ཉིད་ཅན༔ དབྱེ་ན་རེ་རེ་ལ་ཡང་བཞི་བཞི་སྟེ༔ སྡུག་བསྔལ་བདེན་པ་ལ་ཡང་རྣམ་པ་བཞི༔ མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་དོ༔ ཉེར་ལེན་ཕུང་པོ་མི་སྡོད་མི་རྟག་པ༔ དུཿཁ་བརྒྱད་དམ་གསུམ་ཉོན་སྡུག་བསྔལ་ལོ༔ ཕུང་ལྔ་ཆོས་ཙམ་ཡོད་ཀྱང་ཀུན་བརྟགས་སྟོང་༔ བདག་དང་བདག་གིར་འཛིན་མེད་བདག་མེད་དོ༔ ཀུན་འབྱུང་བདེན་པ་ལ་ཡང་རྣམ་པ་བཞི༔ ཀུན་འབྱུང་བདེན་པ་རྒྱུ་དང་རབ་ཏུ་བསྐྱེད༔ ལས་དང་ཉོན་མོངས་འབྱུང་བས་ཀུན་འབྱུང་ལ༔ དེ་ལས་སྡུག་བསྔལ་ཀུན་བསྐྱེད་རྒྱུ་ཞེས་བྱ༔ ལས་ཉོན་སྔ་མས་ཕྱི་མའི་རྐྱེན་བྱེད་རྐྱེན༔

4-76b

མ་སྤངས་རྒྱུན་མི་འཆད་བསྐྱེད་རབ་ཏུ་བསྐྱེད༔ འགོག་པའི་བདེན་པ་ལ་ཡང་རྣམ་པ་བཞི༔ བདག་མེད་ཞི་བ་གྱ་ནོམ་ངེས་འབྱུང་ངོ་༔ ཀུན་ནས་ཉོན་མོངས་འགོག་པས་འགོག་པ་ལ༔ བདག་དང་བདག་གིར་འཛིན་མེད་བདག་མེད་ཡིན༔ དུག་གསུམ་མེ་འདྲ་ཞི་བས་ཞི་བའོ༔ དུག་གསུམ་ཞི་བ་གནོད་མེད་གྱ་ནོམ་པ༔ ཁམས་གསུམ་འཁོར་བ་ལས་ནི་ངེས་འབྱུང་ངོ་༔ ལམ་གྱི་བདེན་པ་ལ་ནི་རྣམ་བཞི་སྟེ༔ ལམ་དང་རིག་པ་སྒྲུབ་པ་ངེས་འབྱིན་ནོ༔ མྱ་ངན་འདས་པའི་ལམ་དུ་གྱུར་པས་ལམ༔ འབྲས་བུ་ཐོབ་པར་ཐར་པས་རིག་པ་ཡིན༔ མྱ་ངན་འདས་འབྲས་བསྒྲུབ་པས་སྒྲུབ་པ་ལ༔ ཁམས་གསུམ་གནས་ནས་འབྱིན་པས་ངེས་འབྱིན་ནོ༔ མ་རྟོགས་ཕུང་པོ་ལྔ་ནི་སྡུག་བསྔལ་ལ༔ སྡུག་བསྔལ་སྟོང་པར་རྟོགས་པས་འཕགས་བདེན་ཡིན༔ ཕུང་ལྔ་རྒྱུ་ནི་སྲེད་པས་ཀུན་འབྱུང་ངོ་༔ སྲིད་པས་མི་ལེན་ཀུན་འབྱུང་འཕགས་བདེན་ནོ༔ ཕུང་པོ་ལྔ་རྣམས་ཟད་པས་འགོག་པ་ལ༔ མ་

4-77a

༄༅༔       ༔བྱུང་མི་འཕོ་མི་གནས་འགོག་འཕགས་བདེན༔ དེ་རྣམས་རྟོགས་ཤིང་བདེན་པས་ལམ་བདེན་ཡིན༔ འབྲས་ཐོབ་མེད་ཤེས་ལམ་གྱི་འཕགས་བདེན་ཡིན༔ ད་ལྟར་ཤེས་པའི་སྒོ་ནས་འཇུག་པའོ༔ བསྲུང་བའི་ཚུལ་ཁྲིམས་ལ་ནི་དོན་བཅུ་གཅིག༔ ངོ་བོ་ངེས་ཚིག་མཚན་ཉིད་དབྱེ་བ་དང་༔ ཡུལ་དང་གང་ཟག་ཐོབ་དུས་བསྲུང་ཐབས་དང་༔ སྟོན་དུས་སྐྱོན་དང་གསོ་ཐབས་ཕན་ཡོན་ནི༔ ངོ་བོ་གནོད་བཞི་བཅས་པ་ལས་ལོག་པ༔ ངེས་ཚིག་ལུས་ངག་ཡིད་གསུམ་ཉེས་སྤྱོད་སྡོམ༔ མཚན་ཉིད་ལྟུང་བཞི་འཁར་བཅས་གཉེན་པོར་དགེ༔ དབྱེ་ན་རིགས་བརྒྱད་དགེ་བསྙེན་ཕོ་མོ་དང་༔ དགེ་ཚུལ་ཕོ་མོ་དགེ་སློང་ཕོ་མོ་དང་༔ བར་སློབ་མའོ་བསྙེན་གནས་དང་ནི་བརྒྱད༔ ཡུལ་ནི་མཁན་སློབ་བཙུན་པའི་དྲུང་དུ་སྐྱེ༔ གང་ཟག་གླིང་གསུམ་མི་འགྱུར་མཚན་ཉིད་ལྡན༔ ཐོབ་དུས་ཆོ་ག་གཙང་ཞིང་མ་འཁྲུགས་པ༔ ཁས་བླངས་གསུམ་དང་བརྗོད་གསུམ་ཐ་ལ་འཐོབ༔ ཆོ་ག་

4-77b

མདོ་རུ་བསྡུས་པ་འདི༔ ལས་ཆོག་ཀརྨ་ཤ་ཏམ་ལས༔ སྔོན་དང་དགེ་བསྙེན་བསླབ་པ་དང་༔ ཞུ་དང་མཁན་པོ་དད་ཡོད་དང་༔ རབ་བྱུང་དགེ་ཚུལ་དྲི་ཚད་དང་༔ བསླབ་པ་བརྗོད་པ་ཐ་མ་ཡིན༔ བསྲུང་ཐབས་རྣམ་པ་ལྔས་བསྲུང་སྟེ༔ གང་ཟག་གཞན་ལ་བརྟེན་ནས་བསྲུང་བ་ནི༔ མཁན་པོ་གནས་ཀྱི་བླ་མ་མཚན་ཉིད་ལྡན༔ གྲོགས་བཟང་རྣམས་ལ་བརྟེན་ནས་བསྲུང་བའོ༔ རང་གི་བསམ་པ་ཕུན་ཚོགས་སྒོ་ནས་བསྲུང་༔ དྲན་དང་ཤེས་བཞིན་བག་ཡོད་ངོ་ཚ་དང་༔ ཁྲེལ་ཡོད་འཛེམ་བག་སྒོ་ནས་བསྲུང་བའོ༔ སྤང་བྱ་མི་མཐུན་ཕྱོགས་ཤེས་སྒོ་ནས་བསྲུང་༔ སྤང་བྱ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སོགས༔ ཤེས་པར་བྱས་ནས་མྱང་འདས་བསམ་པས་བསྲུང་༔ བསླབ་པ་ཡོངས་སྦྱོང་སྒོ་ནས་བསྲུང་བ་ནི༔ གསོ་སྦྱོང་དབྱར་གནས་དགག་དབྱེ་བྱེད་པ་དང་༔ ཐོས་བསམ་སྒོམ་གསུམ་སྒོ་ནས་བསླབ་པ་སྦྱོང་༔ བདེ་གཤེགས་རྟེན་ལ་བརྟེན་ནས་བསྲུང་བ་ནི༔

4-78a

༄༅༔       ༔གོས་དང་ཟས་དང་སྣོད་སྤྱད་གནས་ལ་སོགས༔ མཐའ་གཉིས་མ་ལྷུང་བརྟེན་ནས་བསྲུང་བའོ༔ གཏོང་རྒྱུ་རང་བཞིན་མ་ནུས་དང་༔ ལོག་ལྟ་སྐྱེས་ན་ལྟུང་བ་འབྱུང་༔ མཚན་མོ་འདས་དང་ཤི་འཕོས་དང་༔ བསླབ་པ་ཕུལ་དང་ལོག་ལྟ་སྐྱེས༔ མཚན་གཉིས་བྱུང་དུས་སྟོངས་པས་རྫོགས༔ ཉེས་སྐྱོན་ཚུལ་ཁྲིམས་ཉམས་པ་ཡི༔ ལྕི་བ་བསྟན་པའི་མདོ་ལས་སུ༔ དགེ་སློང་དང་ནི་དགེ་སློང་མ༔ ངོ་ཚ་དང་ནི་ཁྲེལ་མེད་པས༔ སངས་རྒྱས་བཀའ་ནི་ཁྱད་དུ་གསོད༔ བསླབ་པ་མང་པོའི་སྡོམ་ཉམས་ན༔ རྒྱལ་ཆེན་རིགས་བཞིའི་ཚེ་ཚད་དང་༔ མཉམ་པར་དམྱལ་བར་ལྟུང་བར་བཤད༔ སོ་སོར་མ་བཤགས་པས་ཉམས་ན༔ རྩ་གསུམ་ཚེ་ཚད་དམྱལ་བར་ལྟུང་༔ ལྟུང་བ་ལས་ཉམས་འཐབ་བྲལ་ཚེ༔ སྦོམ་པོ་ལས་ཉམས་དགའ་ལྡན་ཚེ་༔ ལྷག་མ་ཉམས་ན་འཕྲུལ་དགའི་ཚེ༔ ཕམ་པ་ལས་ཉམས་གཞན་འཕྲུལ་གྱི༔ ཚེ་ཡི་ཚད་དུ་དམྱལ་

4-78b

བར་ལྟུང་༔ གསོ་བའི་ཐབས་ནི་འདུལ་བ་ལས༔ མཐོལ་བ་དང་ནི་བཤགས་པ་དང་༔ རྡོ་རྗེ་བྱིན་བརླབས་སྒོ་ནས་བཅོས༔ སྟོབས་བཞིའི་སྒོ་ནས་བཤགས་པའོ༔ མདོ་རུ་བསྡུ་ན་འདུལ་བ་ལས༔ དང་པོ་སྦྱོར་དངོས་རྗེས་གསུམ་གྱིས༔ སྡོམ་པ་ཐོབ་པར་བྱ་བ་དང་༔ བར་དུ་བསྲུང་ཐབས་ཡན་ལག་ལྔས༔ མ་ཉམས་པ་རུ་བསྲུང་བ་དང་༔ ཐ་རུ་བྱིན་རླབས་ཕྱིར་བཅོས་ཀྱི༔ སྒོ་ནས་ཉམས་པ་བཅོས་པའོ༔ ཕན་ཡོན་ཏིང་འཛིན་རྒྱལ་པོ་ལས༔ ཡེ་ཤེས་ཡོངས་སུ་རྫོགས་བྱེད་ཅིང་༔ སངས་རྒྱས་དང་ནི་རྗེས་སུ་བསླབ༔ མཁས་པ་གང་གིས་མི་སྨད་པ༔ རྟག་ཏུ་འཇིགས་པ་མེད་པར་འགྱུར༔ ཀུན་ནས་སྡང་བ་མེད་གནས་ཤིང་༔ ཏིང་ངེ་འཛིན་རྣམས་མྱུར་དུ་འཐོབ༔ ཚུལ་ཁྲིམས་དག་པའི་ཕན་ཡོན་ནོ༔ ལྟ་བ་བདག་མེད་གང་ཟག་དེ༔ བདག་ཅེས་ཕུང་ལྔ་གཅིག་ཏུ་འདོད༔ གང་ཟག་བདག་མེད་ཅེས་པ་ནི༔ ཕུང་ལྔ་དུ་མར་ཕྱེ་བས་ཏེ༔ ཡུལ་སེམས་གཉིས་པོ་ཐ་

4-79a

༄༅༔       ༔དད་འདོད༔ ཉན་ཐོས་ལྟ་བ་གཉིས་ཡིན་ཏེ༔ བྱེ་བྲག་པ་དང་མདོ་སྡེ་པ༔ བྱེ་བྲག་དོན་དམ་སྡུག་བསྔལ་བྲལ༔ ཆ་མེད་ཕྱོགས་དང་བཅས་པར་འདོད༔ མདོ་སྡེ་གཡག་རྔ་ནེའུ་གསིང་ཚུལ༔ ཀུན་རྫོབ་ཚུལ་དུ་འདོད་པའོ༔ སྒོམ་པའི་ཐབས་ནི་མི་ཟད་པ༔ ཉན་ཐོས་ཐ་མའི་དམིགས་པ་ནི༔ སེམས་ཀྱི་བག་ཆགས་སྤང་བའི་ཕྱིར༔ ཀེང་རུས་ལ་སོགས་སྒོམ་པར་བྱེད༔ ཉན་ཐོས་འབྲིང་གི་དམིགས་པ་ནི༔ དབུགས་ལ་སོགས་པ་བགྲང་བར་བྱེད༔ ཉན་ཐོས་རབ་ཀྱི་སྒོམ་པ་ནི༔ རང་སེམས་སྣ་རྩེར་གཏད་བྱས་ནས༔ མ་ཡེངས་རྟག་ཏུ་གནས་པར་བྱེད༔ ཉན་ཐོས་སྤྱོད་པ་དེ་ཉིད་ལས༔ མི་དགེ་བཅུ་དང་དགེ་བ་བཅུ༔ བདེ་སྡུག་ལས་ཀྱི་རྒྱུར་བརྟགས་ནས༔ མི་དགེ་བཅུ་སྤོང་དགེ་བ་བཅུ༔ རང་གི་དོན་དུ་སྤྱོད་པར་བྱེད༔ སྦྱངས་པའི་ཡོན་ཏན་བཅུ་གཉིས་སྤྱོད༔ འབྲས་བུ་ས་ལམ་མོས་པར་སྤྱོད༔ སྤྱད་པས་ཚོགས་ལམ་གསུམ་མཐར་ཕྱིན༔ དྲོད་ཐོབ་

4-79b

སྦྱོར་ལམ་རྩེ་མོ་སྐྱེ༔ རྣམ་བྱང་དཀར་པོ་བར་ཕང་ལ༔ མཐོང་བའི་ས་ཡིན་ཚོགས་ལམ་འཛིན༔ ཡིད་ཆོས་དང་འཛིན་ཆོས་མཆོག་ལ༔ གང་ཟག་བདག་མེད་བཟོད་པས་ནི༔ བྱང་ཆུབ་སྦྱོར་ལམ་རིག་ངོས་འཛིན༔ དགྲ་བཅོམ་འབྲས་བུ་ཐོབ་ནས་སུ༔ ཡས་མར་བགྲངས་པས་རྒྱུན་ཞུགས་པའི༔ འབྲས་བུ་ལ་གནས་ཕན་ཆད་ལ༔ གང་ཟག་བརྒྱད་ནི་ཚང་བས་སུ༔ རྒྱུན་དུ་ཞུགས་པ་བརྒྱད་པའི་ས༔ རྒྱུན་ཞུགས་འབྲས་བུ་ལ་གནས་པའི༔ མཐོང་བས་སྤང་བྱར་གྱུར་པ་སྤངས༔ སྐད་ཅིག་བཅུ་དྲུག་ལ་སོགས་པ༔ དེ་ཉིད་རྟོགས་པ་མཐོང་བའི་ས༔ ལན་ཅིག་ཕྱིར་འོང་འདོད་པ་ཡིས༔ འདོད་ཁམས་ལན་གཅིག་སྐྱེ་བ་བླངས༔ ཕྱིར་འོང་ལ་སྦྱོར་འདོད་པ་ཅན༔ འདོད་ཁམས་འདོད་སོགས་བསམ་པའི་ས༔ ཕྱིར་མི་འོང་བར་འདོད་པ་ལ༔ ཉོན་མོངས་སྤངས་པས་དེར་མི་སྐྱེ༔ རྫུན་དང་གནོད་སེམས་སྤངས་པས་ནི༔ འདོད་པའི་ངོ་བོ་ཆགས་བྲལ་བ༔ དགྲ་བཅོམ་སྒྲུབ་པའི་འབྲས་བུ་

4-80a

༄༅༔       ༔ཞུགས༔ བསླབ་གསུམ་མ་ཉམས་བསྲུངས་པས་སྐྱེ༔ སྲིད་པའི་རྩེ་ནས་སྒོམ་སྤང་བརྒྱད༔ སྡོམ་པ་མི་ཉམས་བྱས་རྟོགས་ས༔ མཐར་ཐུག་འབྲས་བུ་ལ་གནས་པ༔ དགྲ་བཅོམ་པ་ལས་གོམས་ཐར་མེད༔ ཉན་ཐོས་ཐེག་པ་ཉམས་སུ་ལེན༔ ལོ་པཎ་བཀའི་ཐང་ཡིག་ལས་ཉན་ཐོས་ཀྱི་ཉམས་ལེན་བསྟན་པའི་ལེའུ་སྟེ་སོ་གཉིས་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔