(ལེའུ་དང་པོ། མི་ཡི་འཆད་ཁུངས་བསྟན་པ།)
མི་ཡི་ཆད་ཁུངས་རྒྱལ་པོའི་བྱོན་ཚུལ་ནི༔ འཛམ་གླིང་སྙིང་པོ་རྒྱ་གར་རྡོ་རྗེ་གདན༔ རྡོ་རྗེ་གདན་ནས་བྱང་ཕྱོགས་བཅལ་བ་ན༔ རི་ནག་དགུ་འདས་ཕ་རོལ་གངས་ཏི་སེ༔ གངས་རིའི་བྱང་ངོས་རི་བོ་སྤོས་ངད་ལྡན༔ དེ་གཉིས་བར་ན་མ་དྲོས་མཚོ་ཞེས་ཡོད༔ གྲུ་བཞི་ཆུ་ཞེང་དཔག་ཚད་ལྔ་བཅུ་པ༔ ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ༔ རྟག་ཏུ་བསིལ་གནས་དབྱིབས་ལེགས་ལྟ་ན་སྡུག༔ ནང་ན་ཀླུ་ཡི་རྒྱལ་པོ་མ་དྲོས་གནས༔ མཚོ་དེའི་ནུབ་ན་ཛམྦུ་ཏྲི་ཤའི་ཤིང་༔ འབྲས་བུ་དམར་པོ་མ་དྲོས་པ་ལ་ལྷུང་༔ ཛམྦུའི་ཆུ་བོ་གསེར་བཞུ་བཞུ་བཏུལ་འདྲ༔ མཚོ་དེའི་བྱང་ན་ཤལ་མ་ལི་ཤིའི་ཤིང་༔ རྩེ་མོ་མཐོ་བ་འབྲས་བུ་སེར་པོ་ཡོད༔ དེ་ལ་ནམ་མཁའ་
༄༅༔ ༔ལྡིང་གི་རྣམ་བཞི་གནས༔ ཤར་ན་ཙན་དན་སྦྲུལ་གྱི་སྙིང་པོའི་ཤིང་༔ འབྲས་བུ་དཀར་པོ་ལོ་མ་ཤུཉྩིར་ལྷུང་༔ ལྷོ་ན་ཤིང་ཆེན་ཡོངས་འདུ་ས་བརྟོལ་ཡོད༔ འབྲས་བུ་སེར་དམར་ཤིང་ཏོག་མཚོ་ནང་ལྷུང་༔ ཀོགས་པ་གཞུང་པ་ཤིང་དང་ཤུན་པ་བཞི༔ ཚི་བ་ལོ་མ་མེ་ཏོག་འབྲས་བུ་བཞི༔ བགྲོད་པར་དཀའ་བ་རྫུ་འཕྲུལ་ལྡན་པས་ལོན༔ ལྟོ་རུ་སོང་ཚད་ངན་སོང་མི་འགྲོ་ཡོད༔ མཚོ་དེའི་དཀྱིལ་ན་རིན་ཅེན་དེ་ཆད་བཞི༔ ཕྱོགས་བཞི་དག་ན་སེམས་ཅན་ཁ་འདྲ་བཞི༔ ཆུ་བོ་ཆེན་པོ་བཞི་ནི་ཕྱོགས་བཞིར་འབབ༔ ཤར་ཕྱོགས་གླང་ཆེན་ཁ་ནས་གདྒཱ་འབབ༔ དངུལ་གྱི་བྱེ་མ་འདྲེན་ཅིང་མ་དྲོས་བསྐོར༔ ཆུ་བྲན་ལྔ་བརྒྱར་བཅས་ནས་ཤར་མཚོར་འབབ༔ ལྷོ་ཁྱུང་འདྲ་བའི་ཁ་ནས་སིནྡྷུ་འབབ༔ བཻ་ཌཱུཪྻ་ཡི་བྱེ་མ་འདྲེན་ཅིང་བསྐོར༔ ནུབ་ཕྱོགས་རྟ་ཡི་ཁ་ནས་པཀྵུ་འབབ༔ ཤེལ་གྱི་བྱེ་མ་འདྲེན་ཅིང་སྔར་བཞིན་བསྐོར༔
བྱང་ཕྱོགས་སེང་གེའི་ཁ་ནས་སི་ཏ་འབབ༔ གསེར་གྱི་བྱེ་མ་འདྲེན་ཅིང་གོང་བཞིན་བསྐོར༔ ཛམྦུ་ཏྲི་ཤའི་ཤིང་ལ་རླུང་འབབ་པས༔ ཛམྦུ་ཞེས་བྱའི་སྒྲ་འབྱིན་ས་འགུལ་བྱུང་༔ གསེར་བྲག་བྱ་སྐྱིབས་ཅན་ཅེས་བྱ་བ་ནི༔ དེར་ནི་ཨུ་དུམ་ཝཱ་རའི་ས་བོན་ཡོད༔ ས་བོན་ནུབ་ཕྱོགས་ཨོ་རྒྱན་ཡུལ་དུ་རྒྱས༔ གླིང་དེར་མངལ་ནས་སྐྱེ་བ་མེད་པར་གསུངས༔ སྐྱེས་ཚད་ཕལ་ཆེར་བརྫུས་ནས་སྐྱེ་བའོ༔ དྷ་ན་ཀོ་ཤ་དྲི་མེད་མདངས་ལྡན་འགྲམ༔ མེ་ཏོག་ཨུ་དུམ་ཝཱ་རའི་ནགས་ཚལ་ནི༔ སྡོང་པོ་རེ་རེ་པང་གིས་མི་འཁྱུད་པ༔ ལོ་སྐོར་རེ་ལ་མེ་ཏོག་བརྗེ་བ་ཡོད༔ དགའ་ལྡན་ལྷ་ཡི་ཡུལ་ནས་ལྷ་བུ་གཉིས༔ མེ་ཏོག་ཨུ་དུམ་ཝཱ་རར་བརྫུས་ནས་སྐྱེས༔ ཙན་དན་དྲི་མ་མེད་པ་ཞེས་བྱ་དང་༔ སཱུར་ཡ་དྲི་མ་མེད་པ་ཞེས་བྱ་ལས༔ འཛམ་བུ་གླིང་པའི་མི་རྣམས་ཆད་པའོ༔ བསྐལ་པ་དང་པོའི་མི་རྣམས་གཟུགས་བཟང་ལེགས༔ འགྲོ་ན་ནམ་མཁར་འགྲོ་ཞིང་ནམ་
༄༅༔ ༔མཁར་འདུག༔ ཟས་གོས་དགའ་བ་དང་ནི་བདེ་བར་སྤྱོད༔ ཉོན་མོངས་མེད་པས་ཚེ་ལོ་དཔག་མེད་ཐུབ༔ དེ་ལྟ་བུ་ནི་ཡུན་རིང་བྱུང་བའི་མཐར༔ ཉོན་མོངས་ལས་རླུང་དྲག་པོ་ལངས་ནས་སུ༔ མངལ་སྐྱེས་པ་དང་རྫུས་སྐྱེས་རིགས་འཚོལ་ནས༔ དེ་ལས་འགྲོ་བ་མང་དུ་འཕེལ་བ་ཡི༔ བསོད་ནམས་ཆུང་དང་སྐྱེ་འཆི་གཉིས་བྱུང་ངོ་༔ ཤར་གྱི་ལུས་འཕགས་གླིང་དུ་རིགས་གཉིས་ཆད༔ གླིང་དེའི་འགྲོ་བ་ཐམས་ཅད་བརྫུས་ནས་སྐྱེས༔ ལུས་ཚད་ཁྲུ་བརྒྱད་ཉིས་བརྒྱ་ལྔ་བཅུའི་ཚེ༔ གཟུགས་བྱད་ལྟ་ན་ལེགས་སྡུག་ཆོས་མེད་དོ༔ དེ་ནས་བྱང་གི་སྒྲ་མི་སྙན་དུ་ཆད༔ ལུས་ཚད་ཁྲུ་ནི་སུམ་ཅུ་རྩ་གཉིས་པ༔ ཚེ་ཚད་ལོ་སྟོང་ཐུབ་སྟེ་ཆོས་མེདོ༔ ལོངས་སྤྱོད་མ་བཏབ་འབྲས་ནི་སཱ་ལུ་ཟ༔ གོས་ནི་དཔག་བསམ་ཤིང་ལས་བྱུང་བའི་གོས༔ ལོངས་སྤྱོད་ཆེ་བའི་སྦྱིན་པ་གཏོང་ལེན་སྨོན༔ སྒྲ་མི་སྙན་པ་ལོ་སྟོང་ངེས་པ་ཅན༔
ལྷ་མི་རྣམས་ལ་བར་དོར་འཆི་བ་ཡོད༔ ཐོག་མར་འཛམ་བུའི་གླིང་ཆགས་འདི་ནས་ཆད༔ གླིང་འདི་ལས་ཀྱི་ས་པ་ཞེས་བྱའོ༔ བོད་ཀྱི་མི་རྣམས་ཆད་ཁུངས་བསྟན་པ་ནི༔ བོན་ལུགས་ཀླུ་ལས་ཆད་པར་འདོད་པ་ཡོད༔ ཆོས་ལུགས་སྤྱན་རས་གཟིགས་ལས་ཆད་པར་འདོད༔ ནུབ་ཕྱོགས་བདེ་བ་ཆེན་པོའི་ཞིང་ཁམས་ན༔ སངས་རྒྱས་སྣང་བ་མཐའ་ཡས་བཞུགས་པ་ལས༔ རྒྱལ་པོ་འཁོར་ལོས་བསྒྱུར་བ་བཟང་པོ་མཆོག༔ བླ་མཆོད་སྣང་བ་མཐའ་ཡས་སྤྲུལ་པ་ལྔ༔ སྐུ་ཡི་སྤྲུལ་པ་པདྨ་འབྱུང་གནས་སྤྲུལ༔ ཐུགས་ཀྱི་སྤྲུལ་པ་འཕགས་པ་སྤྱན་རས་གཟིགས༔ ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོ་ལ༔ མེ་ཏོག་ཨུ་དུམ་ཝཱ་རར་བརྫུས་ནས་སྐྱེས༔ ཁྲེ་སྙན་ས་ལེའི་པགས་པ་ཕྲག་ལ་བཀལ༔ ངག་ནས་མ་ནུ་སརྦ་ཙིཏྟ་སྒྲོག༔ འཁོར་བ་དོང་ནས་ཉིན་མཚན་གསུམ་དུ་སྤྲུགས༔ འཁོར་བའི་གནས་ན་སེམས་ཅན་གཅིག་མེད་སྙམ༔ ཤར་ཕྱོགས་
༄༅༔ ༔རི་བོ་ཏ་ལའི་རྩེ་ནས་གཟིགས༔ སྔ་མ་ཇི་ལྟ་བ་བཞིན་འདུག་ནས་སུ༔ དབུ་ནི་ཚལ་པ་སྟོང་དུ་གས་པར་གྱུར༔ སྣང་བ་མཐའ་ཡས་ཕྱག་གིས་དབུ་རྣམས་བསྒྲིགས༔ ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་བྱིན་བརླབས༔ སྤྱི་བོའི་གཙུག་ཏུ་ཨ་མི་དེ་བ་བཞུགས༔ འཁོར་བ་འདི་ལ་ཐོག་མཐའ་གང་ཡང་མེད༔ འཁོར་བ་མ་སྟོངས་བར་དུ་དོན་གྱིས་ཤིག༔ སངས་རྒྱས་སྣང་བ་མཐའ་ཡས་ལུང་བསྟན་ནས༔ སྤྲེའུ་རྒྱལ་པོ་ཧ་ལུ་མནྠར་སྤྲུལ༔ སྒྲོལ་མས་བྲག་སྲིན་ཁྲོ་གཉེར་ཅན་དུ་སྤྲུལ༔ འགྲོ་བ་མང་པོ་སངས་རྒྱས་ཞིང་འཁྲིད་ཕྱིར༔ འཕགས་པ་ཆེན་པོ་སྤྱན་རས་གཟིགས་དབང་གིས༔ སྤྲེ་སྒོམ་ཁ་བ་ཅན་དུ་སྒོམ་ནུས་སམ༔ རྫུ་འཕྲུལ་སྤྲེའུས་སྒོམ་ནུས་ཁས་བླངས་ཏེ༔ འཕགས་པས་གཏན་ཁྲིམས་ཡན་ལག་ལྔ་པ་ཕོག༔ སྤྲེ་གོམ་དགེ་འདུན་རབ་བྱུང་ཁས་ལེན་བཅུག༔ དེ་ནས་བྱང་ཕྱོགས་ཁ་བ་ཅན་དུ་འོངས༔ བྲག་
རུམ་ཞིག་ལ་སྒོམ་ཞིང་བསྡད་ཙ་ན༔ དེ་ཡི་དྲུང་དུ་བྲག་སྲིན་མོ་གཅིག་བྱུང་༔ འདོད་པ་འཁྲིག་པའི་བརྡ་བྱས་ནས༔ ས་གཏོར་ཉི་མ་བདུན་བྱས་ཀྱང་༔ སྤྲེལ་སྒོམ་འདོད་པ་གཡོས་མ་གྱུར༔ ཉི་མ་བརྒྱད་པའི་ཉིན་པར་ནི༔ བྲག་སྲིན་མོ་དེ་བུད་མེད་ནི༔ ཤིན་ཏུ་མཛེས་པའི་ཆ་བྱད་ཅན༔ ཁྱོད་དང་ང་གཉིས་ཁྱིམ་ཐབ་བྱའོ་ཟེར༔ ནུ་མ་དང་ནི་མཚན་མ་བསྟན་པ་ཡིས༔ སྤྲེའུས་ས་བཏབ་རྒྱབ་ནི་བསྟན་ནས་བཞུགས༔ ང་ནི་ཨཱརྱ་པཱ་ལོའི་དགེ་བསྙེན་ཡིན༔ མི་ཚངས་པ་ནི་སྤྱོད་པར་མི་རུང་གསུངས༔ བྲག་སྲིན་སྐྱེངས་ནས་འདི་རུ་འཆིའོ་ཟེར༔ སྤྲེ་སྒོམ་དེ་ཡིས་ཞག་བདུན་སྙིང་རྗེས་བསམས༔ འདི་ནི་ཇི་ལྟར་འཕགས་པར་ཞུ་དགོས་སྙམ༔ རྫུ་འཕྲུལ་གྱིས་ནི་རི་བོ་ཏ་ལར་བྱོན༔ འཕགས་པར་བྲག་སྲིན་ཚིག་ཐ་སྙད༔ འཕགས་པས་ཁྱིམ་ཐབ་གྱིས་ཤིག་གསུངས༔ སྒྲོལ་མས་ཤིན་ཏུ་ལེགས་སོ་གསུངས༔ སྤྲེའུས་ཁ་བ་ཅན་དུ་འོངས༔
༄༅༔ ༔བྲག་སྲིན་མོ་ཡིས་འདི་སྐད་བརྗོད༔ ཀྱེ་མ་སྤྲེའུའི་རྒྱལ་པོ་དགོངས་ཤིང་གསོན༔ བདག་ནི་ལས་ངན་བྲག་སྲིན་མོ་རུ་སྐྱེས༔ འདོད་ཆགས་ཁྱོད་ལ་ཞེན་ཅིང་ཆགས༔ བདག་ཁྱོད་ཁྱིམ་ཐབ་མི་བྱེད་ན༔ མཐའ་མ་སྲིན་པོ་ཉིད་དང་འགྲོགས༔ ཉིན་རེ་བཞིན་དུ་སྲོག་ཆགས་ཁྲི་ཁྲི་གསོད༔ ནུབ་རེ་བཞིན་དུ་སྲོག་ཆགས་སྟོང་སྟོང་གསོད༔ སྲིན་པོའི་ཕྲུ་གུ་དཔག་མེད་སྐྱེས་གྱུར་ནས༔ བོད་ཡུལ་ཁ་བ་ཅན་གྱི་རྒྱལ་ཁམས་འདི༔ མི་མེད་སྲིན་པོའི་རྒྱལ་ཁམས་ཉིད་དུ་འགྱུར༔ འཛམ་གླིང་སེམས་ཅན་སྲིན་པོས་ཟ༔ དེ་བས་བདག་ལ་ཐུགས་རྗེས་གཟུང་༔ གདུང་བའི་ང་རོས་ཤིན་ཏུ་བཤུམ༔ བདག་ལ་མི་དགོངས་ཐུགས་རྗེས་མི་འཛིན་ན༔ ད་ལྟ་འདི་རུ་སྲོག་གཅོད་འཆི་བར་འགྱུར༔ ཤི་ནས་དམྱལ་བའི་གནས་སུ་སྐྱེ༔ དེ་ལ་སོགས་པ་མང་དུ་གསོལ་པ་ཡིས༔ སྤྲེལ་སྒོམ་བྱང་ཆུབ་སེམས་དཔའ་སྙིང་རྗེ་སྐྱེས༔
ཁྱིམ་ཐབ་བྱས་ནས་འདོད་པ་སྤྱད་པ་ཡིས༔ ཟླ་དགུ་ངོ་བཅུ་སོང་བའི་དུས་ཙ་ན༔ ཕ་མ་གཉིས་ཀ་མི་འདྲ་བུ་ཞིག་སྐྱེས༔ འགྲེང་བུ་ངོ་དམར་ལེབ་པ་མཇུག་མ་མེད༔ ཤ་དམར་ཟ་ཞིང་ཁྲག་ནི་དྲོན་མོ་འཐུང་༔ སྤྱོད་ལམ་མ་དག་འདུག་མི་ཚུགས༔ འདོད་ཆགས་ལ་སོགས་དུག་ལྔ་ཤས་ཆེ་བས༔ དམུ་རྒོད་སུས་ཀྱང་ཐུལ་བར་མི་འགྱུར་བ༔ དེ་ནས་ཆེར་སྐྱེས་མ་ནི་ཟ་བར་འདུག༔ ཕ་ཡིས་ལྷོ་ཕྱོགས་ནགས་མ་བྱ་ཚོགས་བསྐྱལ༔ ལོ་གཅིག་སོང་ནས་བལྟ་རུ་ཕྱིན་པ་ན༔ སྤྲེ་མོ་རྣམས་དང་རྩེས་པས་ལྔ་བརྒྱ་ཙམ་དུ་འཕེལ༔ དེ་རྣམས་གཅིག་ལ་གཅིག་རྩེས་མང་དུ་འཕེལ༔ དུ་མར་འཕེལ་བས་ས་སྟེང་ཐམས་ཅད་གང་༔ དབྱར་དུས་ཉི་མས་འཚིག་ཅིང་ཆར་བས་གདུངས༔ དགུན་དུས་ཁ་བ་དང་ནི་ལྷགས་པས་གདུངས༔ ཟས་དང་གོས་མེད་སྡུག་བསྔལ་ཡིད་མི་བདེ༔ ཕ་ཡིས་འགུལ་ཚེ་ཕྲུག་གུ་ལྔ་བརྒྱ་འཕུངས༔ ང་ཅག་ཅི་ཟ་ཅི་གྱོན་ལག་པ་གདེངས༔ ཉམ་ཐག་
༄༅༔ ༔དེ་ལ་ཤིན་ཏུ་སྙིང་རྗེ་སྐྱེས༔ སྤྲེལ་སྒོམ་འདི་འདྲ་སུས་ལན་སྙམ་དུ་བསམས༔ འཕགས་པའི་གསུང་བསྒྲུབས་པས་ནི་ལན་ནོ་བསམ༔ ཨཱཪྻ་པཱ་ལོའི་དྲུང་ཕྱིན་ཞུས་པ་ནི༔ ཀྱེ་མ་འགྲོ་བའི་མགོན་པོ་སྤྱན་རས་གཟིགས༔ བདག་ནི་དགེ་བསྙེན་སྡོམ་པ་སྲོག་བཞིན་བསྲུངས༔ འདོད་ཆགས་རྒྱས་པའི་སྲིན་མོ་འདོད་སྲེད་ཅན༔ བདག་ལ་མཐོ་འཚམས་སྡོམ་པ་འཕྲོག་ཏུ་བྱུང་༔ བྱམས་མགོན་ཁྱེད་ཀྱིས་བདག་ལ་བཀའ་གནང་བས༔ འཕགས་པའི་གསུང་བསྒྲུབས་བདག་ཉིད་འདི་ལྟར་གྱུར༔ ལུས་ཀྱི་སྤུ་བྱི་མཇུག་མ་སྐྱ་བ་འདྲ༔ ད་ནི་ཇི་ལྟར་བྱས་ནས་བུ་ཚ་གསོ༔ འཕགས་པ་སྤྱན་རས་གཟིགས་དབང་གིས༔ གསེར་ཕྱེ་ཁྱོར་གང་བོད་ཡུལ་ཕྱོགས་སུ་གཏོར༔ ཁྱིམ་ཐབས་ཟས་སུ་འབྲུ་སྣ་ལྔ་བསྐུར་རོ༔ ནས་དང་གྲོ་དང་འབྲས་དང་ཏིལ༔ སྲན་མ་དང་ནི་ལྔ་བྱིན་ནས༔ ས་ཡུལ་ལུང་མ་བསྟན་པ་བཅུ་བཞི་ཡིན༔ ས་དྲོད་མཉམ་པའི་གནས་སུ་ཐོབ་
ཅིག་གསུངས༔ འདི་ལས་ཡོན་ཏན་ཇི་ལྟར་འབྱུང་འགྱུར་ནི༔ བོད་ཡུལ་སྐབས་རེ་བཞིན་དུ་དུས་དུས་སུ༔ རིན་པོ་ཆེ་ཡི་གཏེར་ཁུང་ཁ་རྣམས་འབྱེད༔ སངས་རྒྱས་བསྟན་པ་ཉམས་དམའ་དུས་ཙ་ན༔ གྲུབ་པ་ཐོབ་པའི་བྱུང་ཆུབ་སེམས་དཔའ་འབྱུང་༔ སྤྲུལ་སྐུ་ཐོད་བརྒལ་པ་རེ་བྱུང་ནས་སུ༔ དེ་ཡིས་བསྟན་པ་དར་ཞིང་རྒྱས་པར་བྱེད༔ འགྲོ་བ་ཕོ་མོ་མང་པོ་ཆོས་ལ་བཀོད༔ མི་ཞེས་བྱ་བ་ཤེས་པ་མི་མཐུན་པ༔ ཁྱོད་ཀྱི་རིགས་ནི་གཉིས་སུ་འགྱུར༔ ཕ་རིགས་ཆད་པས་་་་་་་་་་་་་་དད་པ་སྙིང་རྗེ་ཆེ༔ ཆོས་ཟབ་སྟོང་པ་ཉིད་ལ་ཤིན་ཏུ་མོས༔ བསོད་ནམས་ཆུང་བས་མི་ངོམས་ཤིང་༔ བློ་རྒྱ་ཆེན་པོ་ལ་དགའ༔ འཆག་འདུག་མི་ཚུགས་པ༔ རྡེའུ་དང་ཤིང་བུ་ལ་ཡང་གཏུབ་པ༔ མིག་གཅིག་ཏུ་མི་ཚུགས་པ་ཕར་ཧྲིག་ཚུར་ཧྲིག་བྱེད༔ བྱང་ཆུབ་སེམས་དཔའ་བློ་ཆེན་ལྡན་ཅེས་རིགས་དེའི་བརྒྱུད་པས་སྟོན་པའི་བསྟན་པ་སྤེལ༔ དེའང་གསོས་ཤིག་ས་
༄༅༔ ༔སྟེང་མིའི་འཇིག་རྟེན་འོང་༔ མའི་རིགས་ནས་ཆད་པའི་དད་བ་དང་སྙིང་རྗེ་ཆུང་བ་ཤ་དམར་ཟ་ཞིང་ཁྲག་དྲོན་འཐུང་བ་ངོ་ལེབ་ཁ་ནས་གད་རྒྱངས་སྒྲོག༔ གཞན་གྱི་སྐྱོན་རྟོག་མཛའ་བོ་བདག་ཡིད་བྱེད༔ ཞེ་སྡང་གདུག་སེམས་ལུས་ལ་དཔའ་རྩལ་ཆེ༔ དགེ་ཆོས་མི་སེམས་ཚོང་དང་ཁེ་སྤོགས་སྦྱོར༔ གདོལ་པ་ཤ་ཟན་གནས་ངན་རིགས་སུ་འགྲོ༔ དེ་ཡང་གསོས་ཤིག་མཐའ་ཡི་དགྲ་རྣམས་འདུལ༔ ཁྱོད་ཀྱི་བརྒྱུད་པས་སངས་རྒྱས་བསྟན་པ་བསྲུང་༔ བསྟན་པ་འཛིན་སྐྱོང་བསྲུང་གསུམ་བོད་དུ་འབྱུང་༔ སྐུ་གསུང་ཐུགས་རྟེན་མཆོད་ལས་རྒྱས་པར་འགྱུར༔ དེ་ནས་སྤྲེལ་སྒོམ་ཁ་བ་ཅན་དུ་འོངས༔ བཞེད་པ་རྣམ་པ་གསུམ་དང་ལྡན་པའི་ཡུལ༔ ས་ཕྱོགས་ཉམས་དགའ་བཀྲ་ཤིས་ཞལ་དྲོ་བ༔ རང་བཞིན་ཡོན་ཏན་འབྱུང་བའི་ས་ལ་བཏབ༔ བྲ་བོ་སོ་བ་ཡུངས་ཀར་ཞར་ལ་སྐྱེས༔ འབྲུ་སྣ་རྣམ་པ་དྲུག་ཏུ་གྱུར༔ ཟང་ཟིང་
འདི་ལ་ཟོ་དང་བྱས་པས་ཟོ་དང་ཞེས་སུ་གྲགས༔ ཞིང་ལ་སྔ་བ་ཟོ་དང་ཡིན་ནོ་གསུངས༔ མུ་གེ་གནམ་ལ་ཡར་བས་ཡར་ཀླུངས་ཞེས་སུ་གྲགས༔ ཡུལ་ལ་སྔ་བ་ཡར་ཀླུངས་ཡིན་ནོ་གསུངས༔ མིའི་ཆད་ཁུངས་བསྟན་པའི་སྐབས་ཏེ་དང་པོའོ༔ ཐྲཐཉྲརྦྱ།རྦྱ།༔ ༔