༄༅། །བཀའ་ཐང་སྡེ་ལྔ།
ལེའུ་གསུམ་པ། བློན་པོའི་བྱུང་ཁུངས་བཤད་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་གསུམ་པ། བློན་པོའི་བྱུང་ཁུངས་བཤད་པ།)

དེ་ནས་བློན་པོའི་བྱུང་ཁུངས་དཔྱད༔ གཉའ་ཁྲི་བཙན་པོ་མན་ཆད་ནས༔ ཁྲི་སྲོང་ལྡེའུ་བཙན་ཡན་ཆོད་ལ༔ ཚེ་བརྒྱུད་དྲུག་ཅུ་རྩ་གཅིག་བྱུང་༔ བློན་ལ་རིགས་བརྒྱུད་རྣམ་ལྔ་སྟེ༔ གུང་བློན་སྤྱི་བློན་དབང་བློན་གསུམ༔ ནང་བློན་བཀའ་བློན་གཉིས་ཏེ་ལྔ༔ དང་པོ་བློན་ལ་སྔ་བ་ནི༔ ལྷ་ཡི་

5-11b

སྨོན་གཟུགས་ཤམ་པོའི་སྲས༔ དེ་སྲས་ལྷ་ཡི་འོད་དཀར་བྱུང་༔ ཁུ་མང་པོ་རྗེ་ལྷ་གཟུགས་དང་༔ ཁུ་ཁྲི་ཐོག་ཤ་སྤྲེ་དང་༔ ཁུ་ལེགས་རྗེ་བཙན་པ་རྣམས༔ གྲོས་ནི་བློ་ཉེ་བོ་ལ་འདྲི༔ ཚོད་ནི་སྡུག་པོ་བྱུང་བས་འཛིན༔ གནུབས་ལ་བློན་པོ་བཞི་བྱུང་སྟེ༔ བླ་མཁྱེན་མང་བཙན་པ་དང་ནི༔ བཙན་པོ་དེ་རེ་མང་བཙན་དང་༔ ཁྲི་དོ་རེ་མཐོན་པོ་དང་༔ སྐྱེས་ཏོརེ་མང་སྣང་ངོ་༔ སྦས་ལ་བློན་པོ་ལྔ་བྱུང་སྟེ༔ ཁྲི་གཟིགས་ཞང་གཉན་དང་༔ ཁྲི་གསུམ་རྗེ་སྟག་སྣ་དང་༔ ཞང་བཞེར་བླ་བཙན་དང་༔ འཕགས་ཏོ་རེ་བཞི་ཆེ་བ་དང་༔ རྒྱལ་རྟ་ར་སྟག་སྣང་ངོ་༔ འབྲོ་ལ་བློན་པོ་ལྔ་བྱུང་སྟེ༔ འབྲོ་ཆུང་བཟང་ངོ་ར་མ་དང་༔ ཁྲོམ་གསུམ་རྗེ་སྟིག་སྣང་དང་༔ གཙུག་སྦ་ལྷ་སྣང་དང་༔ བཙན་པ་སྟག་ཚབ་དང་༔ ཁྲི་རྗེ་ནེ་ཤམ་དང་ནི་ལྔ༔ གཉགས་ལ་བློན་པོ་བཞི་བྱུང་སྟེ༔ གཉགས་ཁྱིམ་བུ་བདུད་ཀྱི་རྗེ༔ བལ་གསུམ་སྒྲ་ཡ་མཛད༔ ཐང་པ་ཡ་ཐང་རྗེ༔ གཉགས་

5-12a

༄༅༔       ༔རྒྱལ་ལྟོ་རེ་གེལ༔ ཁྱུང་པོ་ལ་བློན་པོ་གསུམ་བྱུང་སྟེ༔ ཡུ་ཡར་ཟུང་ཚེ་དང་༔ ཡུངས་རྟ་རིང་པོ་དང་༔ མི་རིང་སོས་དཀར་དང་གསུམ༔ བ་གར་ལ་བློན་པོ་ལྔ་བྱུང་སྟེ༔ མགར་སྲོང་བཙན་ཡུལ་གཟུང་དང་༔ ཁྲི་འབྲིང་བཙན་གྲོལ་དང་༔ བཙན་སྙ་སྡོམ་བུ་དང་༔ ཁྲི་ཐོག་རྗེ་ཨ་ནུ་དང་༔ ཁྲི་སྒྲ་ཟིན་ལུང་དང་ལྔ༔ མཆིམས་ལ་བློན་པོ་བཞི་བྱུང་སྟེ༔ མར་བཞེར་ངན་པ་པོ་དང་༔ བཙན་བཞེར་ལེགས་གཟིགས་དང་༔ རྒྱལ་གཟིགས་ཤུད་ཐོང་དང་༔ རྡོ་རྗེ་སྤྲེ་ཆུང་དང་བཞི༔ སྣ་ནམ་ལ་བློན་པོ་བཞི་བྱུང་སྟེ༔ རྒྱ་ཚ་ལྷ་སྣང་དང་༔ མང་སྙ་བསེ་བཙན་དང་༔ མ་ཞང་ཁྲོམ་པ་སྐྱབས་དང་༔ བཙན་པ་བུ་རིང་དང་བཞི༔ འགོས་ལ་བློན་པོ་གསུམ་བྱུང་སྟེ༔ ཁྲི་བཟང་ཡབ་ལྷག་དང་༔ ཡང་གོང་བླ་མ་དང་༔ ལྷ་གྲོ་དང་ནི་གསུམ༔ ཅོག་རོ་ལ་བློན་པོ་གསུམ་བྱུང་སྟེ༔ སྐྱེས་བཟང་རྒྱལ་མ་འོག༔ ལེགས་སྒྲ་ལྷ་ལྡོང་དང་༔

5-12b

ཅོག་རོ་ཕོ་གོང་གསུམ༔ མྱང་ལ་བློན་པོ་གསུམ་བྱུང་སྟེ༔ མྱང་སྨོན་ཏོ་རེ་རྩེ་གུ་དང་༔ མྱང་མཆོག་རབ་གཞུའོ་དང་༔ མྱང་མང་པོ་ཞང་སྣང་དང་གསུམ༔ ཐུ་ལ་བློན་པོ་གསུམ་བྱུང་སྟེ༔ འབྲིང་ཏོ་རེ་ཨ་ནུ་དང་༔ ཐུ་མི་རྒྱལ་མཚན་སྣང་ལ་འཕན༔ ཐུ་མི་ཀླུ་མང་དྲེད་དང་གསུམ༔ ཚེ་སྤོང་ལ་བློན་པོ་གཉིས་བྱུང་སྟེ༔ ན་གད་དང་སེ་གཉིས༔ བློན་པོའི་འཕྲུལ་ཆེ་བ༔ རྗེ་མཆོག་ཡེ་ཤེས་འཕྲུལ་གྱི་རྒྱལ་མ་བློན༔ ངན་ལམ་རྟ་ར་ཀླུ་གོང་དང་༔ སྤ་མང་པོ་ལྷ་ལིད་དང་༔ འབྲོ་སྐྱེ་བཟང་ལྡོང་བཙན་དང་༔ སྒྲང་ཁྲི་གླུ་རེ་ལེན་པ་དང་༔ ལང་བུ་ཐོ་ཡ་བཙན་པ་དང་༔ ཅོ་ཁྱིམ་བུ་ཆུང་དང་༔ དར་རྒྱལ་མང་པོ་རྗེ་སྲོང་ནམ་མོ༔ བློན་པོའི་བྱུང་ཁུངས་བཤད་པའི་སྐབས་ཏེ་གསུམ་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔