༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཞི་པ། སྟང་སྟེའི་དམག་རྟ་དཔྱད་པའི་སྐབས།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་བཞི་པ། སྟང་སྟེའི་དམག་རྟ་དཔྱད་པའི་སྐབས།)

དེ་ནས་སྟོང་སྡེའི་དམག་རྟ་བཤད་པ་ནི༔ གཙང་རུ་ལག་ལ་སྟོང་སྡེ་བརྒྱད༔ སྟོང་བུ་ཆུང་དང་དགུ་ལ་ནི༔ མང་གར་ཁྲི་དགོངས་འབྲོ་ཡི་སྟོང་སྡེ་

5-13a

༄༅༔       ༔ཡིན༔ གྲོམ་པ་ལྷ་རྩེ་འབྲོ་ཡི་སྟོང་སྡེ་ཡིན༔ རྒྱ་བོད་འཐབ་དུས་རུ་བཞིའི་དམག་དཔོན་ལ༔ རུ་ལག་དམག་དཔོན་འབྲོ་རྒྱལ་སེང་གེ་ཡིན༔ རུ་རྟ་ངང་པ་འཕྲུལ་དམར་ཡིན༔ རུ་དར་སེང་གེ་དཀར་པོ་གནམ་བསྒྲེང་ཐོགས༔ རུ་སྒང་བ་ནི་སྣང་སྟག་བྱུ་རུ་མཚལ༔ ཡིག་ཚངས་པ་ནི་ཟངས་ཀྱི་ཡི་གེ་གཏོང་༔ དམག་བཞེད་ཤེལ་གྱི་མེ་རྡེལ་བཀྲམ་པ་འདྲ༔ མགོ་གྲངས་སུམ་འབུམ་དང་ནི་དྲུག་ཁྲི་ཡོད༔ རུ་ལག་སྨད་ཀྱི་སྟོང་སྡེ་བཞི༔ ཉང་རོ་འདྲེ་ཡི་སྟོང་སྡེ་ཡིན༔ ཁྲི་ཐ་ཁྱུང་པོའི་སྟོང་སྡེ་ཡིན༔ གད་བཀྲམ་འགོས་ཀྱི་སྟོང་སྡེ་ཡིན༔ མཁར་པ་ཤུ་གུའི་སྟོང་སྡེ་ཡིན༔ འཚོང་མ་སྟོང་པུ་ཆུང་སྒྲོའི་སྟོང་སྡེ་ཡིན༔ རུ་ལག་སྨད་ཀྱི་དམག་དཔོན་ནི༔ འདྲེ་རྒྱལ་ཏོ་རི་ཁྲི་ལོད་ཡིན༔ རུ་རྟ་ངང་པ་རྔོག་གནག་ཡིན༔ ལུང་པ་དར་དཀར་ཐང་འགེབས་ཡིན༔ རུ་སྒབ་ཁྱུང་པོ་སྤུ་སྣ་ཟུང་༔ ཡིག་ཚང་གཡུ་ཡི་ཡི་གེ་ཡིན༔ དམག་བཞེད་ཐང་

5-13b

ལ་སེར་བ་བབ་པ་འདྲ༔ དེ་ཡང་སུམ་འབུམ་དྲུག་ཁྲི་སྟེ༔ སྟོད་སྨད་གཉིས་ཀའི་མགོ་གྲངས་ནི༔ བདུན་འབུམ་ཉི་ཁྲི་ཡོད་དོ་སྐད༔ གཡས་རུའི་སྟོང་སྡེ་བརྒྱད་ལ་ནི༔ སྟོད་ཡོངས་ཤངས་སྟེང་ཁྱུང་པོའི་སྟོང་སྡེ་ཡིན༔ ལད་ནི་ཕོད་དཀར་པ་ཚབ་སྟོང་སྡེ་ཡིན༔ དྲང་མཚམས་གཉེན་དཀར་ལངས་པའི་སྟོང་སྡེ་ཡིན༔ ཡེལ་རབ་ཟོམ་སྟེང་འགོས་ཀྱི་སྟོང་སྡེ་ཡིན༔ ཤངས་ཀྱི་སྟོང་བུ་ཆུང་རིང་སླེ་བྱའི་སྟོང་སྡེ་ཡིན༔ གཡས་རུ་སྟོད་ཀྱི་དམག་དཔོན་ནི༔ རྒྱལ་བ་ཡེ་ཤེས་དེ་དྲུག་མེས་པོ༔ ཁྱུང་པོ་སྟག་ཟངས་ཉང་སྟོད་བྱས༔ རུ་རྟ་ནི་མཚའ་ལུ་མེ་སྟག༔ རུ་དར་ནི་ནག་པོ་མཚོ་འདྲ༔ རུ་སྒབ་ནི་པ་ཚབ་མཚོ་བཞེར༔ ཡིག་ཚངས་ནི་ཟངས་ཀྱི་ཡི་གེ༔ དམག་བཞེད་ནི་བྱུ་རུའི་སྡོང་པོ་བཀྲམ་པ་འདྲ༔ མགོ་གྲངས་ནི་སུམ་འབུམ་ལྔ་ཁྲི༔ གཡས་རུ་སྨད་ཀྱི་དམག་དཔོན་ནི༔ འགོས་ཁྲི་བསྙོན་དཔལ་མོ༔ རུ་རྟ་ནི་སྔོན་པོ་གཡུ་ཤོག༔ རུ་དར་ནི་སེང་གེ་

5-14a

༄༅༔       ༔གོང་བཀྲ༔ རུ་སྒབ་ནི་ལངས་པ་་་་མགོན་བུ༔ ཡིག་ཚངས་ནི་ཟངས་ཀྱི་ཡི་གེ༔ དམག་བཞེད་ནི་སྤང་ལ་མེ་མཆེད་པ་འདྲ༔ མགོ་གྲངས་སུམ་འབུམ་ལྔ་ཁྲིར་བཞེད༔ བསྡེབས་པས་བདུན་འབུམ་ཁ་ད་ཆད༔ དབུ་རུ་སྟོད་སྨད་སྟོང་སྡེ་ལ༔ འབྲིང་མཚམས་ཕྱག་མཚམས་སྟོང་སྡེ་ཡིན༔ བཅོམ་པ་ཟོམ་སྟེང་ཅོག་རོའི་སྟོང་སྡེ་ཡིན༔ དོར་དེ་སྟེ་འཛེམ་གཉིས་པོ་དེ༔ རྨ་དང་ཀ་བའི་སྟོང་སྡེ་ཡིན༔ སྐྱིད་སྟོད་སྐྱིད་སྨད་སྦས་ཀྱི་སྟོང་སྡེ་ཡིན༔ ཡེལ་ཞབས་སྟེང་བུ་ཆུང་བྲན་ཀའི་སྟོང་སྡེ་ཡིན༔ དབུ་རུ་སྟོད་ཀྱི་དམག་དཔོན་ནི༔ སྣ་ནམ་རྒན་མོ་ཆུང་༔ རུ་རྟ་ནི་ཟེ་དཀར་རླུང་བསྐྱོད༔ རུ་དར་ཡང་དར་དམར་པོ་ལ༔ མེ་ལྕེ་དཀར་པོ་གསལ་བའོ༔ རུ་སྒབ་སྣོན་འདབ་གསུམ་འགྲོན་སྐྱེས༔ ཡིག་ཚངས་ནི་ཟངས་ཀྱི་ཡི་གེ༔ དམག་བཞེད་ནི་འབྲོང་དར་ཆུ་འབེབས་འདྲ༔ མགོ་གྲངས་སུམ་འབུམ་བདུན་ཁྲིའོ༔ དབུ་རུ་སྨད་ཀྱི་དམག་དཔོན་ནི༔ སྦ་ས་སྐྱེས་བཟང་སྟག་སྣང་ཡིན༔

5-14b

རུ་རྟ་ནི་མཚལ་ལུ་གཟིག་རིས༔ རུ་དར་ནི་སེང་གེ་གོང་ནག༔ རུ་སྒབ་ཤུད་པུ་ཁོང་འབྲིང་་་ཙོང་བཙན༔ དམག་བཞེད་མཚོ་ལ་མུན་པ་འཐིབས་པ་འདྲ༔ མགོ་གྲངས་སུམ་འབུམ་བདུན་ཁྲིའོ༔ གཉིས་ཀ་བསྡེབས་པས་བདུན་འབུམ་བཞི་ཁྲི་ཡོད༔ གཡོ་རུ་ན་སྟོང་སྡེ་བརྒྱད་སྟོང་བུ་ཆུང་དང་དགུ༔ ཡར་ཀླུངས་དང་ཕྱི་ལུང་གཉིས༔ གཉགས་དང་ཚེ་སྤོང་སྟོང་སྡེ་ཡིན༔ ལྗང་ཀྱང་ལུང་པ་གཉིས་པོ་ནི༔ མྱང་དང་སྣ་ནམ་སྟོང་སྡེ་ཡིན༔ གཉལ་དང་ལྷོ་བྲག་གཉིས་པོ་ནི༔ མཆིམས་དང་སྙི་བའི་སྟོང་སྡེ་ཡིན༔ ཉང་པོ་དྭགས་པོ་གཉིས་པོ་དེ༔ ལྡོང་དང་མཆིམས་ཀྱི་སྟོང་སྡེ་ཡིན༔ རི་བོ་སྟོང་བུ་ཆུང་སྦྲང་སྟོན་སྟོང་སྡེ་ཡིན༔ གཡོ་རུ་སྟོད་ཀྱི་དམག་དཔོན་ནི༔ མྱང་སྟག་བཟང་གཡུ་བརྟན་བྱ་བ་ཡིན༔ རུ་རྟ་ནི་སྣག་གི་བྱ་མ་ཞོ་ཅིག༔ རུ་དར་ནི་སེང་གེ་ཁ་སྤྲོད༔ རུ་སྒབ་ནི་ཞང་མ་བཞེངས་སྟོས་ཆུང་༔ ཡིག་ཚངས་ནི་ཟངས་ཀྱི་ཡི་གེ༔ དམག་བཞེད་ནི་ཞ་ཉེའི་ཐེམ་བུ་

5-15a

༄༅༔       ༔བརྡོལ་བ་འདྲ༔ མགོ་གྲངས་ནི་སུམ་འབུམ་ལྔ་ཁྲི་ཡོད༔ གཡོ་རུ་སྨད་ཀྱི་དམག་དཔོན་ནི༔ མཚམས་རིན་ཅེན་རྒྱལ་གཟིགས་ཡིན༔ རུ་རྟ་ནི་སའི་སྦྲང་མ་གཡུ་འཕྱོང་ཡིན༔ རུ་དར་ནི་སྣ་ལྔ་མཛེས་པ་འདྲ༔ རུ་སྒབ་ནི་ལྷོ་སྟག་ཆུ་ཁྲི་གཟིགས༔ ཡིག་ཚངས་ནི་ཟངས་ཀྱི་ཡི་གེ༔ དམག་བཞེད་ནི་ཕུག་རོན་གཟན་ལ་འབབ་པ་འདྲ༔ མགོ་གྲངས་ནི་སུམ་འབུམ་ལྔ་ཁྲི༔ སྟོད་སྨད་བསྡེབས་པས་བདུན་འབུམ་ཁ་ད་ཆད༔ མི་རྟ་དམག་གྲངས་དེ་ལྟར་བསྟན༔ སྟོང་སྡེ་བཞི་བཅུ་རྩ་གཉིས་ལས༔ སྟོང་སྡེ་བཞི་བཅུ་ཐམ་པ་ལ༔ སྟོང་བུ་ཆུང་བཞི་པ་གཉིས་སུ་བརྩིས་པས་རྩ་གཉིས་ཐེམ༔ སྟོང་སྡེའི་དམག་རྟ་དཔྱད་པའི་སྐབས་ཏེ་བཞི་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔