༄༅། །བཀའ་ཐང་སྡེ་ལྔ།
ལེའུ་ལྔ་པ། ཆོས་ཁྲིམས་བཅས་ཀྱི་སྐབས།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་ལྔ་པ། ཆོས་ཁྲིམས་བཅས་ཀྱི་སྐབས།)

ཆོས་ཁྲིམས་རྒྱལ་ཁྲིམས་འབངས་རྣམས་སྤྱི་ཚིས་ནི༔ སྤྱན་རས་གཟིགས་དབང་དངོས་སུ་བོད་དུ་བྱོན༔ སྲོལ་བཏོད་རྒྱལ་པོ་སྲོང་བཙན་སྒམ་

5-15b

པོའི་དུས༔ ཐོན་མི་སམྦྷོས་གཉན་པོ་གསང་བ་བསྒྱུར༔ མི་སྐྱེ་བཅུ་སྤྱད་ངན་སོང་སྐྱེ༔ གནས་ངན་ལེན་གྱི་སྒྲིབ་པས་བསྒྲིབས་པ་རྣམས༔ མཚམས་མེད་ལྔ་ཡི་ལས་བྱས་དམྱལ་བར་སྐྱེ༔ སེར་སྣ་འཇུར་གེགས་ཀྱིས་ནི་ཡི་དྭགས་སྐྱེ༔ ཚུལ་ཁྲིམས་འཆལ་ལ་དུད་འགྲོའི་ལུས་སུ་སྐྱེ༔ ཐབས་ཤེས་ཡ་བྲལ་ཚེ་རིང་ལྷ་རུ་སྐྱེ༔ སྨོན་ལམ་མ་དག་ཡུལ་ངན་མཐའ་འཁོབ་སྐྱེ༔ ཚོགས་མ་བསགས་ན་དབང་པོ་མ་ཚང་སྐྱེ༔ ཤེས་རབ་འཕེལ་རྒྱུ་ལྔ་སྤངས་ཀླ་ཀློར་སྐྱེ༔ དཀོན་ཅོག་གསུམ་སྤངས་ལོག་ལྟ་ཅན་དུ་སྐྱེ༔ འཇམ་དཔལ་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས༔ ཡིག་རིས་མཐོང་བས་ཐུགས་དད་གཏིང་ནས་སྐྱེས༔ མོས་པའི་ཚིག་གིས་སྨྲེ་སྔགས་ཆོ་ངེས་བཏབ༔ བློ་སྣ་རང་དབང་མེད་པར་འགྱུར་བ་ཡིས༔ དེ་སྔ་དགེ་སྡིག་སྤང་བླང་ངོ་མ་ཤེས༔ གཞན་གྱི་ཆེད་མིན་རང་གི་དོན་ལགས་པར༔ མི་དགེའི་ལས་རྣམས་རབ་ཏུ་ཤེས་པ་ཡིས༔ ནག་པོའི་ཆོས་བཞི་ཀུན་ནས་

5-16a

༄༅༔       ༔སྤང་བའོ༔ དགེ་བའི་ལས་ཀྱང་རབ་ཏུ་ཤེས་པ་ཡིས༔ དཀར་པོའི་ཆོས་བཞི་ལ་ནི་བསླབ་པར་བྱ༔ བླ་མ་དང་ནི་མཆོད་འོས་མི་བསླུ་བ༔ རྒྱུ་ལམ་འབྲས་བུས་བསྡུས་པའི་མདོ་སྔགས་གཉིས༔ ཚིགས་བཞི་ཚིགས་སུ་བཅད་པ་གཅིག་ཉན་ནས༔ ཀུ་རེ་དང་ནི་ཀྱལ་ཀའི་ཆེད་དུ་ཡང་༔ ཅུང་ཟད་ཅིག་ཀྱང་བླ་མའི་མགོ་མི་སྐོར༔ གསང་སྔགས་རྩ་བ་དམ་ཚིག་དཔང་པོར་བཞག༔ རྩ་ལྟུང་བཅུ་བཞི་བླ་མ་ལྔ་བཅུ་པ༔ གསེར་སྐེས་གཡུ་གདུང་དམ་ཚིག་རབ་ཏུ་དབྱེ༔ དམ་ཚིག་གསལ་སྒྲ་དམ་ཚིག་གསལ་སྒྲོན་བཞག༔ རྗེ་འབངས་བློ་སྙིང་ལོ་པཎ་ལྷན་གྱིས་གཏད༔ འགྱོད་པའི་གནས་མ་ཡིན་ལ་འགྱོད་མི་སྐྱེ༔ བོད་ཀྱི་རྒྱལ་ཁམས་སྐྱེ་བོ་ཕོ་མོ་རྣམས༔ གཙུག་ལག་ཁང་དུ་དཀོན་ཅོག་གསུམ་ལ་མཆོད༔ བླ་མ་བསྙེན་བཀུར་དགེ་འདུན་ཆོས་སྟོན་ཚིམ༔ སྡུག་ཕོངས་སྐྱབས་མགོན་མེད་ལ་ཕན་གདགས་བསྐྱེད༔ ཕ་མ་ལ་

5-16b

སོགས་དྲིན་ཆེར་དྲིན་ལན་སློན༔ གང་ཞིག་དགེ་བྱད་འཕྱ་དང་མི་མོས་པ༔ བཀུར་སྟི་མི་བྱེད་དཀོན་ཅོག་རིགས་གཅོད་སྤྱོད༔ ཕྲག་དོག་དབང་གིས་ཁྱོད་འདི་མ་ལེགས་དང་༔ ནང་རྒྱགས་རྒས་ཐེས་ཤི་ཟོན་དགོས་ཟེར་ནས༔ འགྱོད་པ་བསྐྱེད་རྣམས་ནག་པོའི་ཆོས་སུ་ཆེ༔ ནུས་མེད་རྗེས་སུ་ཡི་རང་ངག་ཏུ་བརྗོད༔ དེ་བཞིན་གཞན་ལ་བསོད་ནམས་གསག་ལ་བསྐུལ༔ དཀའ་སྤྱད་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱེད༔ སཱཙྪ་འདེབས་པ་ཆུ་གཏོར་ཡན་ཆད་ལ༔ འགྱོད་པ་མི་སྐྱེ་རྗེས་སུ་ཡི་རང་དབུལ༔ དགེ་བའི་རྩ་བ་བསྐྱེད་པའི་ཡོན་བདག་བཅད༔ རྒྱ་བོད་ལོ་པཎ་བྱང་ཆུབ་སེམས་དཔའ་ལ༔ ཞེ་སྡང་ཚིགས་སུ་བཅད་པའང་མི་བརྗོད་བསླབ༔ ཉོན་མོངས་རང་ཡན་སུ་མཐོང་དགྲ་རུ་མཐོང་༔ བྱང་ཆུབ་སེམས་དཔའ་གར་ཡོད་ཆ་མ་མཆིས༔ རང་སྐྱོན་མ་མཐོང་གཞན་སྐྱོན་སྨྲ་ལ་དགའ༔ སྔོན་ལས་བསོད་ནམས་བསགས་པ་ཆུང་བ་ཡིས༔ ཞེ་སྡང་

5-17a

༄༅༔       ༔ཚིགས་བཅད་སྐྱོན་མེད་སྐྱོན་སྒྲོག་སྨོད༔ བསྟན་པ་རིམ་སྡུད་ནག་པོའི་ཆོས་སུ་ཆེ༔ ས་བརྒྱད་ནོན་པའི་བྱང་ཆུབ་སེམས་དཔའ་ལ༔ རྙེད་དང་མ་རྙེད་གྲགས་དང་མ་གྲགས་དང་༔ བསྟོད་སྨད་བདེ་སྡུག་ཐམས་ཅད་འཆིང་མི་འགྱུར༔ ཉེས་སྐྱོན་མི་བརྗོད་གྲགས་པ་སྙན་པ་བརྗོད༔ དེ་ལ་དགེ་བའི་བཤེས་གཉེན་རིགས་སུ་བརྗོད༔ སེམས་ལ་གཡོ་སྒྱུ་སྒྱུ་མི་སྲིད་པ་ལ༔ གཡོ་དང་སྒྱུས་ནི་འཇིག་རྟེན་གསུམ་ཡང་ཕུང་༔ དྲང་པོའི་ཆོས་ནི་ཉེ་བར་མི་སྤྱོད་ཅིང་༔ ཕྲད་ན་ལྷ་དང་འགྲོགས་ན་འདྲེ་དང་འདྲ༔ ངོ་ཚ་ཕ་རོལ་བྲེ་སྲང་ཆུང་ལ་འཇལ༔ སྡུད་པ་ཚུར་ལ་བྲེ་སྲང་ཆེ་ལ་ལེན༔ སྣ་ཚོགས་ཐབས་ཀྱི་སྒོ་ནས་ཅི་རྒྱལ་བྱེད༔ མཛའ་བཤེས་སུན་པས་ཞེ་ཁྲེལ་ནག་པོའི་ཆོས༔ འདི་ལ་མི་ཚེ་སྤྱི་སྤང་སྣ་དཀར་མི༔ དྲང་པོའི་ཆོས་ཀྱིས་འཇིག་རྟེན་ཁམས་ཀུན་བདེ༔ ཆོས་ཁྲིམས་བཅས་པའི་སྐབས་ཏེ་ལྔ་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔