༄༅། །བཀའ་ཐང་སྡེ་ལྔ།
ལེའུ་ཉེར་ལྔ་པ། ཆོས་གཏན་ལ་ཕབ་པའི་སྐབས།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་ཉེར་ལྔ་པ། ཆོས་གཏན་ལ་ཕབ་པའི་སྐབས།)

པད་འབྱུང་ཆོས་རྣམས་ཇི་ལྟར་ཕབ་ཚུལ་ནི༔ རྒྱ་གར་རྡོ་རྗེ་གདན་གྱི་ནུབ་ཀྱི་ཕྱོགས༔ དཔག་ཚད་ལྔ་བརྒྱ་འདས་པ་ན༔ ཨོ་རྒྱན་ཡུལ་ལ་འཛམ་གླིང་གསུམ་གཉིས་ཡོད༔ ཡུལ་གྲུ་ཆེན་པོ་ལྔ་དང་ནི༔ ཡུལ་གླིང་ཆེན་པོ་ཉེར་གཅིག་ཡོད༔ ཡུལ་ཕྲན་ཆེན་པོ་དགུ་ཡོད་དོ༔ དབུས་སུ་དྷ་ན་ཀོ་ཤའི་གླིང་༔ ཤར་ན་ཛམྦུ་མ་ལེ་ལ༔ གྲོང་ཁྱེར་ཆེན་པོ་བྱེ་བ་བཅོ་བརྒྱད་ཡོད༔ ལྷོ་ན་པར་པ་ཏ་གླིང་ལ༔ གྲོང་ཁྱེར་ཆེན་པོ་བྱེ་བ་བཅུ་དྲུག་ཡོད༔ ནུབ་ན་ན་ག་སི་དྷུ་ལ༔ གྲོང་ཁྱེར་ཆེན་པོ་བྱེ་བ་བཅུ་བཞི་ཡོད༔ བྱང་ན་ཀ་ཀ་ཤམ་བྷ་ལ༔ གྲོང་ཁྱེར་ཆེན་པོ་བྱེ་བ་ཉི་ཤུ་རྩ་དྲུག་ཡོད༔

5-76b

བྱང་ཤར་མཚམས་ན་བགེགས་ཀྱི་ཡུལ༔ གྲོང་ཁྱེར་ཆེན་པོ་བྱེ་བ་འབུམ་ཁྲི་དགུ་སྟོང་དང་༔ འབུམ་ཚོ་བཅོ་བརྒྱད་ཡོད་དོ་སྐད༔ ཤར་ལྷོ་དྲང་སྲོང་མེ་ལྷའི་ཡུལ༔ ལྷོ་ནུབ་མཚམས་ན་སྲིན་པོའི་ཡུལ༔ ཡུལ་གླིང་ཆེན་པོ་དགུ་དང་བཅུ་དྲུག་ཡོད༔ དབུས་ན་གནམ་ལྕགས་མ་ལ་ཡ༔ ཤར་ན་ལང་ཀ་པུ་རིའི་ཡུལ༔ ལྷོ་ན་དགའ་བ་ཅན་གྱི་ཡུལ༔ ནུབ་ན་ཀོ་ཀ་ཐང་དམར་ཡུལ༔ བྱང་ན་བྱན་ལག་ལྗོངས་ཀྱི་ཡུལ༔ ལྷོ་ནུབ་ཛོལ་མུས་བམ་རིལ་ཐོད་པ་མཁར༔ ནུབ་བྱང་ཇ་ར་ཛ་ཏའི་ཡུལ༔ བྱང་ཤར་ནལ་བྱི་དུར་ཁྲོད་ཡུལ༔ ཤར་ལྷོ་བྱ་ཁྲ་སྤུངས་པ་ཡོད༔ ཡུལ་ཏྲ་བ་ཚྭའི་མཚོ་སོ་ཡོད༔ ཟོ་མ་སྤུ་རི་ཁྲག་གི་མཚོ༔ རྒྱལ་མོ་པུ་རིའི་མཚོ༔ གྲུ་གསུམ་སྲིན་པོ་ཁ༔ གདུག་པ་གཏུན་ཁུང་དུན༔ སྦལ་རི་ཟུར་གསུམ་བརྩེགས༔ མེ་རི་སྤུངས་པའོ༔ སྲིན་པོའི་གྲོང་ཁྱེར་ལྔ་བརྒྱས་བསྐོར་བ་ཡོད༔ ནུབ་བྱང་མཚམས་ན་རླུང་ལྷའི་ཡུལ་རྣམས་ཡོད༔ སྤྱིར་

5-77a

༄༅༔       ༔ན་ཨོ་རྒྱན་ཡུལ་ལ་ནི༔ ཡུལ་ཆེན་པོ་ཁྲི་ཚོ་དགུ༔ གྲོང་ཁྱེར་ཆེན་པོ་དགུ་བཅུ་རྩ་དྲུག༔ གན་དྷ་ལ༔ ཛ་ལན་དྷ་ར༔ ན་ཀ་ར་ཀོ༔ ཛ་ལ་མུཾ༔ དྷུ་མ་ཐ་ལ་ཡན་ཆོད་དོ༔ འགྲོ་ལམ་འཇུག་པའི་སྒོ་བཞི་ཡོད༔ ནི་པ་ལ༔ པུ་ཤོ་ར༔ ཀའོ་ཀ༔ ར་ཙ་ཧུར་རོ༔ ཛ་ལན་དྷ་ར་ནས༔ ར་ཙ་ཧུར་དུ་ཟླ་བ་ཕྱེད་དང་གཉིས་ནས་སླེབ༔ ཤཱཀྱ་ཐུབ་པ་འདས་ནས་སུ༔ ལོ་ནི་ཉེར་བརྒྱད་སོང་ཙ་ན༔ གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡིས༔ རི་ནི་མ་ལ་ཡ་ཡི་རྩེ་མོ་རུ༔ པདྨ་གར་དབང་རྟ་མགྲིན་རྒྱུད་རྣམས་དང་༔ གསང་འདུས་ལྷ་ནི་སུམ་ཅུ་རྩ་གཉིས་པ༔ ཧེ་བཛྲ་ལྷ་ནི་སུམ་ཅུ་པ༔ མ་ཧཱ་མ་ཡ་ལྷ་ལྔ་པ༔ འཇིགས་བྱེད་ལྷ་ནི་བཅུ་གསུམ་པ༔ དགྱེས་རྡོར་སྤྲུལ་པའི་ལྷ་དགུ་དང་༔ བདེ་མཆོག་ལྷ་ནི་དྲུག་ཅུ་རྩ་གཉིས་པ༔ བཅུ་གསུམ་པ་དང་ལྷ་ལྔ་པ༔ སམ་བུ་ཊི་དང་རྡོ་རྗེ་གདན་བཞི་དང་༔ རྡོ་རྗེ་མཁའ་འགྲོ་དུས་ཀྱི་འཁོར་ལོ་རྣམས༔ དམ་པའི་

5-77b

རིགས་ཅན་ལྔ་ལ་བཤད༔ སྲིན་པོ་བློ་གྲོས་ཐབས་ལྡན༔ ལྷ་གྲགས་ལྡན་ཕྱོགས་སྐྱོང་༔ ཀླུ་འཇོག་པོ༔ གནོད་སྦྱིན་སྐར་མདའ་གདོང་༔ མི་ལི་ཙ་བྱི་དྲི་མ་མེད༔ དེ་ལ་རྒྱུད་ནི་དབྱེ་ན་བཅུ་བཞི་ཡོད༔ གསེར་གྱི་ཆར་པ་ལྟ་བུའི་རྒྱུད༔ རྡོ་རྗེ་གདན་བཞི་གཙུག་ལག་རྒྱུད༔ དགའ་བྱེད་ཟ་ནུས་ལས་ཀྱི་རྒྱུད༔ སམ་བུ་ཊ་ཏི་ལ་ག་ཡིན༔ གསང་བ་ཡིད་བདེ་མ་ཧཱ་མ་ཡ༔ སྙིང་པོ་དགྱེས་པ་རྡོ་རྗེའི་རྒྱུད༔ སྙིང་པོ་བསྡུས་རྒྱུད་རྡོ་རྗེ་གུར༔ དགྱེས་རྡོར་ཤློ་ཀ་འབུམ་ཚོ་ལྔ༔ བརྟག་པ་སུམ་ཅུ་རྩ་གཉིས༔ བརྗོད་བྱ་རྒྱ་མཚོ་ལྟ་བུའི་རྒྱུད༔ ལེའུ་སྟོང་ཕྲག་སུམ་ཅུའོ༔ དེའང་ཐབས་ཀྱི་རྒྱུད་གསང་བ་འདུས་པ༔ གཤིན་རྗེ་ནག་པོ༔ གཤིན་རྗེ་གདགས་པའི་ཏནྟྲ༔ རྣམ་གྲངས་ཏན་ཏྲ༔ འཁོར་ལོ་བུམ་པའི་ཏན་ཏྲ༔ པྲ་དོན་ཁོང་ནན་ཏན་ཏྲ༔ བཞི་པོ་འདི་ལྷ་མིན་དྲང་སྲོང་མ་ཐོས་པར༔ མདུན་གྱི་བར་སྣང་ཁམས་ཉིད་ན༔ མཁའ་འགྲོ་མ་དང་མི་མ་ཡིན༔ རྒྱ་

5-78a

༄༅༔       ༔ཡིས་བཏབ་སྟེ་མི་ཡུལ་མ་གྲགས་སོ༔ རོ་ལངས་དྲུག་ཅུའི་ཏན་ཏྲ༔ རཀྴ་སྲིན་པོའི་ཏན་ཏྲ༔ ཀླུའི་ཡུལ་དུ་བརྐུས་ཏེ་བྲོས་སོ༔ རག་ཤ་སེ་སྲོག་བྱ་བའི་རྒྱུད༔ ལྕགས་སྡེ་ཁྲམ་གྱི་ཏན་ཏྲ༔ ཕྱི་ནང་གཉིས་སུ་བཤད་པས་ཏེ༔ ལྷ་མ་ཡིན་གྱི་ཡུལ་དུ་ཁྱེར༔ མི་ཡི་ཡུལ་དུ་མ་གྲགས་སོ༔ མིའི་ཡུལ་དུ་གྲགས་པའི་རྒྱུད་ལ༔ འཇམ་དཔལ་གསང་བའི་རྒྱུད༔ ཧེ་ལ་མ་ལ་གཏེར་སྒྲུབ་ཏུ་བཤད༔ ནག་པོ་འདུས་པའི་ཏནྟྲ༔ འཇམ་དཔལ་སྤྱི་མཐུན་བཤད༔ དགྲ་འཁོར་ནག་པོའི་ཏན་ཏྲ༔ ཡི་གེ་བསྡུས་པའི་རྒྱུད་དུ་བཤད༔ ལས་བཞི་འཁོར་ལོའི་ཏན་ཏྲ༔ ཞི་རྒྱས་དབང་དྲག་རྒྱུད་དུ་བཤད༔ འཇམ་དཔལ་སྤྱིའི་ལས་སུ་བཞག༔ མེ་ལྕེ་འབར་བའི་ཏན་ཏྲ༔ གཤིན་རྗེ་དམར་པོའི་རྒྱུད་དུ་བཞག༔ འཁྲུལ་འཁོར་རྒྱལ་མཚན་བྱ་བ་དེ༔ འཇམ་དཔལ་སྤྱིའི་དོན་དུ་བསྟན༔ ལྷུར་ཡངས་འཁོར་རྒྱ་ཆེན་པོའི་རྒྱུད༔ འཕྲུལ་གྱི་

5-78b

མེ་ལོང་བྱ་བ་དེ༔ འཇམ་དཔལ་སྤྱི་ཡི་ཤམ་བུར་བསྟན༔ ལྕགས་ཀྱི་མེ་ལོང་བྱ་བ་དེ༔ སྲ་བས་ལྕགས་སུ་བཞག་པ་ཡིན༔ དོན་རྣམས་གསལ་བའི་མེ་ལོང་དེ༔ དོན་ལ་མིང་དུ་བཏགས་པ་ཡིན༔ བསད་པ་ཉི་ཤུ་བྱ་བ་དེ༔ དགྲ་སྟ་རལ་གྲི་སོར་གདུབ་དང་༔ དངུལ་གྱི་དོང་རྩེ་ལ་སོགས་པ༔ གོ་མཚོན་དམག་དང་མེ་ཏོག་སྒྲུབ༔ གསང་སྒྲུབ་ཉི་ཤུ་ལ༔ གསང་བ་ཉི་ཤུ་གཏད་པ་ཡིན༔ གསང་བ་བཞི་བཅུ་བྱ་བ་དེ༔ དེ་ཡི་མ་ཚང་ཁ་སྐོང་ལ༔ བཞི་བཅུ་སྟོན་བས་བཞི་བཅུའོ༔ ཟླ་བཟང་ནག་པོ་བྱ་བ་དེ༔ སྒྲུབ་པ་མན་ངག་རྒྱུད་དུ་གསུངས༔ བྱ་རོག་མགོ་བརྩེགས་བྱ་བ་དེ༔ རོག་ཏི་མདོ་རྒྱུད་གསུངས་པ་ཡིན༔ མདོ་རུ་མདོ་རྒྱུད་གསང་རྒྱུད་གཉིས༔ གཟའ་གདོང་རྒྱུད་དུ་བཏགས་པ་ཡིན༔ ཤེས་རབ་རྒྱུད་ལ་བདེ་མཆོག་འཁོར་ལོ་དང་༔ དཔལ་དགྱེས་པ་རྡོ་རྗེ་སམ་བུ་ཊི༔ རྡོ་རྗེ་གདན་བཞི་རྡོ་རྗེ་མཁའ་འགྲོ༔ གཉིས་སུ་མེད་པ་དུས་ཀྱི་འཁོར་ལོའི་རྒྱུད༔ ཐུན་མོང་གནས་

5-79a

༄༅༔       ༔ཀུན་འོག་ཏུ་སྟོན༔ ཁྱད་པར་གནས་སུ་རྣལ་འབྱོར་མཆོག་གི་རྒྱུད༔ རྣལ་འབྱོར་ཐབས་ཀྱི་ཐེག་པའོ༔ དེ་ཡང་མ་ཧཱ་ཡོ་ག་ནི༔ རྡོ་རྗེ་འཛིན་རྡོ་རྗེ་ཆོས་ཀྱི་ཞུ་བ་ཕུལ༔ བཅོམ་ལྡན་འདས་དཔལ་ཆེན་པོ་ཡིས༔ རྣམ་པར་སྣང་མཛད་སྐུ་སྤྲུལ་ནས༔ མ་ཧཱ་ཡོ་གའི་ཆོས་ཀུན་བཀའ་སྩལ་ཏོ༔ དེ་ཡང་བསྡུ་ན་རྣམ་པ་གཉིས་སུ་འདུ༔ ཐབས་ཀྱི་རྒྱུད་དང་ཤེས་རབ་རྒྱུད༔ རྣལ་འབྱོར་བླ་མེད་རྒྱུད་དང་གཉིས༔ རྫོགས་ཚུལ་ཨ་ནུའི་ཐེག་པ་དང་༔ རྫོགས་ཆེན་ཨ་ཏིའི་ཐེག་པའོ༔ དེ་ལ་ཨ་ནུའི་ཐེག་པ་ནི༔ ལངྐའི་བདག་པོས་ཞུ་ཕུལ་ནས༔ བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས༔ རྡོ་རྗེ་སེམས་དཔར་སྐུ་སྤྲུལ་ནས༔ རྒྱལ་མོ་པུ་རིའི་ཚལ་ཉིད་དུ༔ མདོ་བཞི་དེམས་དང་ལྔ་བཀའ་སྩལ་ནས༔ ཀུན་འདུས་རིག་པའི་མདོ༔ སེམས་ལུང་ཆེན་པོའི་མདོ༔ ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ༔ དུར་ཁྲོད་ཁུ་བྱུག་རོལ་པའི་མདོ༔ སངས་རྒྱས་

5-79b

དགོངས་པ་འདུས་པའི་མདོ༔ དེ་ལ་ཡོ་གའི་ཐེག་པ་ནི༔ བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས༔ ཀུན་བྱེད་རྒྱལ་པོར་སྐུ་སྤྲུལ་ནས༔ རྡོ་རྗེ་སེམས་དཔས་ཞུ་བ་ཕུལ༔ རྒྱལ་མོ་པུ་རིའི་ཚལ་དང་ནི༔ ཟོ་མ་པུ་རིའི་ཚལ་ཉིད་དུ༔ ཀུན་ཏུ་བཟང་པོ་ཆེ་བ་རང་ནས་རྒྱུད༔ བྱང་སེམས་ཀུན་བྱེད་རྒྱལ་པོའི་རྒྱུད༔ ནམ་མཁའ་ཡོངས་སུ་རྒྱས་པའི་རྒྱུད༔ ས་མཱ་ཡ་ནམ་མཁའ་མཉམ་པའི་རྒྱུད༔ ཉ་མོ་བག་ཉལ་ཆེ་ཆུང་ལ་སོགས་པ༔ རྫོགས་པ་ཆེན་པོ་སེམས་ཕྱོགས་ཀྱི༔ ཆོས་སྡེ་ཐམས་ཅད་བཀའ་སྩལ་ཏོ༔ དེ་བཞིན་འཇིག་རྟེན་འདས་དང་མ་འདས་པ༔ བཀའ་ཆོས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས༔ ཐུན་མོང་གནས་ནི་དྷ་ན་ཀོ་ཤའི་གླིང་༔ དུར་ཁྲོད་བསིལ་བའི་ཚལ་ལ་སོགས་པ་དང་༔ རྒྱལ་པོའི་གནས་དང.་མེ་རི་འབར་བ་དང༔ མ་ལ་ཡ་རི་གནམ་ལྕགས་ཡོད་པའི་རྩེ༔ བྱང་ཆུབ་ཀྱི་ནི་ཤིང་དྲུང་དང་༔ རྡོ་རྗེ་གདན་གྱི་ཕོ་བྲང་རྣམས་སུ་བབས་སོ༔

5-80a

༄༅༔       ༔ཁྱད་པར་གནས་ནི་འོག་མིན་དང་༔ ཡུམ་གྱི་མཁའ་དབྱིངས་དང་༔ ཆོས་དབྱིངས་བདེ་ཆེན་དང་༔ སྟུག་པོ་བཀོད་པ་དང་༔ བཀོད་པ་ལྷུན་གྲུབ་དང་༔ ལྷ་ཡི་གཡུང༌དྲུང་གི་གནས་རྣམས་སོ༔ ཁྱད་པར་ཐུན་མོང་སྟོན་འཁོར་བཀའ་སྩལ་ཏོ༔ གནས་དེར་ཆོས་འཁོར་བསྐོར་བའི་མཆོད་རྟེན་བྱུང་༔ ཐུན་མོང་མཆོད་རྟེན་ལྷ་ལས་བབས་པ་ནི༔ གྲུ་བཞི་རི་རབ་ལ་དཔེ་བླངས་པའོ༔ ཁྱད་པར་ཟླུམ་པོ་མྱ་ངན་ལས་འདས་པའོ༔ སྐུ་གསུམ་དབྱེར་མེད་སྟོན་པ་རྡོ་རྗེ་འཆང་༔ བཀོད་པ་ལྷུན་གྱིས་གྲུབ་པའི་ཕོ་བྲང་དུ༔ གསང་སྔགས་སྤྱི་ཏིའི་ཐེག་པ་རིག་དབྱེ་ཡ་ཡུམ་ཐོད་པ་ཅན་ལྔ་ལ་སོགས་པ་གསུངས༔ བཀའ་འདུས་ཟུག་པ་རྩ་བའི་རྒྱུད་ལ་ལེའུ་སྟོང་ཕྲག་ཉི་ཤུ་པ༔ འདྲིལ་བ་སྡོང་པོའི་རྒྱུད་ལེའུ་བརྒྱ་རྩ་བརྒྱད་པ༔ གྱེས་པ་ཡལ་གའི་རྒྱུད་ལེའུ་བདུན་ཅུ་རྩ་གཉིས་པ༔ རྒྱས་པ་ལོ་འདབ་ཀྱི་རྒྱུད་ལེའུ་དྲུག་ཅུ་རྩ་གཅིག་

5-80b

པ༔ ལུང་གི་རྒྱུད་ལེའུ་སོ་བདུན་པ༔ མན་ངག་གི་རྒྱུད་ལེའུ་བཅོ་ལྔ་པ༔ བཤད་པའི་རྒྱུད་ལེའུ་ཉི་ཤུ་པ༔ སྤྱི་སྤུངས་འདུས་པའི་རྒྱུད་ལེའུ་ལྔ་བཅུ་པ༔ སྨིན་གྲོལ་གྱི་རྒྱུད་བཅུ་གསུངས་སོ༔ སྐུ་ཡོངས་སུ་རྫོགས་པ་མི་བརྗོད་པའི་མདོ་ལེའུ་བཅུ་བདུན་པ༔ གསུངས་ཡོངས་སུ་རྫོགས་པ་མ་འདྲེས་པའི་མདོ་ལེའུ་བཅོ་ལྔ་པ༔ ཐུགས་ཡོངས་སུ་རྫོགས་པ་ཡེ་ཤེས་སྒོ་ལྔའི་མདོ་ལེའུ་བཅུ་གསུམ་པ༔ ཡོན་ཏན་ཡོངས་སུ་རྫོགས་པ་གོལ་ས་བཅད་པའི་མདོ་ལེའུ་བཅུ་གཅིག་པ༔ འཕྲིན་ལས་ཡོངས་སུ་རྫོགས་པ་རྩ་བ་བརྟན་པའི་མདོ་ལེའུ་བདུན་པ༔ ལས་ཀྱི་འཁོལ་ཆེན་པོ་རྒྱུན་དུ་བཀོལ་བའི་མདོ་ལེའུ་ལྔ་པ༔ གཞི་གཞག་གི་མདོ་བདུན་གསུངས་སོ༔ བཀའ་སྐྱོང་དམ་པའི་རྒྱུད་ལྔ༔ བཀའ་སྲུང་འདུས་པའི་རྒྱུད་ལེའུ་དགུ་པ༔ དགོངས་པ་ཐམས་ཅད་བསྒྲུབ་པར་ཏན་ཏྲའོ༔ སྤྱི་ཏིའི་ཐེག་པ་སྙིང་ཐིག་ལ༔ སངས་རྒྱས་སྤྱན་མའི་སྐོར་བཞི་དང་༔ མཱ་མ་

5-81a

༄༅༔       ༔ཀིའི་སྐོར་བཞི་དང་༔ གོས་དཀར་མོའི་སྐོར་བཞི་དང་༔ དམ་ཚིག་སྒྲོལ་མའི་སྐོར་བཞི་དང་༔ དབྱིངས་ཕྱུག་མའི་སྐོར་བཞིའོ༔ དང་པོ་སྤྱན་མའི་སྐོར་བཞི་ལ༔ བསྟན་པ་བུ་གཅིག་རྒྱུད༔ སྣང་དབྱེ་ཐུག་ཕྲད་རྒྱུད༔ དམ་ཚིག་ཕྲེང་བ་ཐེག་ཆེན་རྒྱུད༔ སྒོམ་མེད་ཡེ་གྲོལ་རྒྱུད་དོ༔ གཉིས་པ་མཱ་མ་ཀཱིའི་སྐོར་བཞི་ལ༔ འཁོར་འདས་གཞི་རྩ་གཅོད་པའི་རྒྱུད༔ སྤྱི་རྫོགས་འདོད་འབྱུང་རྒྱུད༔ དབྱིངས་རྒྱུད་ཀློང་བརྡོལ་རྒྱུད༔ མི་འགྱུར་གཏན་འབེབས་རྒྱུདོ༔ གསུམ་པ་གོས་དཀར་སྐོར་བཞི་ལ༔ སྒྲ་འོད་ཟེར་གསུམ་རྒྱུད༔ ཐི.ག་ལེ་འོད་སྐོར་རྒྱུད༔ དབྱིངས་རིག་བཀོད་པའི་རྒྱུད༔ ཀློང་ཁྲ་ཟླ་ཟེར་རྒྱུད་དོ༔ བཞི་པ་སྒྲོལ་མ་སྐོར་བཞི་ལ༔ མཚན་མ་རང་གྲོལ་རྒྱུད༔ འོད་གསལ་རྒྱ་ཡན་བར་དོའི་རྒྱུད༔ བཏགས་གྲོལ་མཐོང་གྲོལ་རྒྱུད༔ ཐེག་པ་མཐའ་གཅོད་རྒྱུད་དོ༔ དབྱིངས་ཕྱུག་མ་སྐོར་བཞི་ལ༔ གནས་ལུགས་

5-81b

རྫོགས་པ་ཆེན་པོ་གསང་སྐོར་རྒྱུད༔ དགོངས་པ་གནད་གཟུང་རྒྱུད༔ སྤྲོས་པ་ཚིག་གཅོད་རྒྱུད༔ གནད་རྒྱུད་ནམ་མཁའ་རྒྱ་མཚོའི་རྒྱུདོ༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་འདུས་པའི་སྲས༔ ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཏེ༔ དུས་གསུམ་འཇིག་རྟེན་ཁམས་འདིར་མཚུངས་མེད་མཛད༔ རྒྱལ་བའི་བཀའ་ལས་རྩོད་མེད་སྤྲུལ་སྐུར་གྲགས༔ དེ་ཕྱིར་རྣམ་ཐར་ཡོངས་རྫོགས་བརྗོད་དཀའ་ཡང་༔ ཐོས་པས་བྱང་ཆུབ་རྣམ་ཐར་མདོ་བཤད་ན༔ རྒྱལ་སྲས་མཛད་པ་བཅུ་གཅིག་འདི་ལྟ་སྟེ༔ འགྲོ་འདུལ་དགོངས་མཛད་པདྨའི་ལྷུམས་ཞུགས་མཛད༔ རང་བྱུང་བལྟམས་མཛད་རྒྱལ་སྲས་རོལ་རྩེད་མཛད༔ རབ་ཏུ་བྱུང་མཛད་དཀའ་ཐུབ་སྣ་ཚོགས་མཛད༔ བདུད་དཔུང་འཇོམས་མཛད་སངས་རྒྱས་བྱང་སེམས.་མཛད༔ ཆོས་འཁོར་བསྐོར་མཛད་བརྟུལ་ཞུགས་

5-82a

༄༅༔       ༔སྤྱོད་པ་མཛད༔ བསྟན་པ་མཐར་རྒྱས་མི་ནུབ་གཏེར་སྦེད་མཛད༔ ཨོ་རྒྱན་རྣམ་ཐར་མདོར་བསྡུས་མཛད་པ་འདི༔ སུས་བྲིས་པ་དང་མཐོང་ཐོས་གཞན་ལ་སྟོན༔ དེ་དག་འཇིག་རྟེན་བདེ་བ་ཅན་དུ་སྐྱེ༔ འདི་ལ་དད་མོས་རྣམ་ཐར་དོན་སྤྱོད་ཚད༔ བླ་མེད་བྱང་ཆུབ་སངས་རྒྱས་ཐེ་ཚོམ་མེད༔ དེ་ཕྱིར་མཛད་པ་བཅུ་གཅིག་འདིར་བཀོད་དོ༔ ལས་འཕྲོ་ཅན་གྱི་རེ་བ་ཀུན་སྐོང་འགྱུར༔ ངོ་མཚར་རྨད་བྱུང་འགྲོ་བ་ཡོངས་ཀྱི་དཔལ༔ བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ མི་ནུབ་རྒྱལ་མཚན་གཙུག་གི་རྒྱན་དུ་ཁུར༔ ཆོས་བསྟན་ལ་ཕབ་པའི་སྐབས་ཏེ་ཉེར་ལྔ་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔