༄༅། །བཀའ་ཐང་སྡེ་ལྔ།
ལེའུ་ཉེར་དགུ་པ། བསྟན་ཞབས་གཏེར་གྱིས་སྐྱོང་མིན་སྐབས།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་ཉེར་དགུ་པ། བསྟན་ཞབས་གཏེར་གྱིས་སྐྱོང་མིན་སྐབས།)

བསྟན་ཞབས་གཏེར་སྐྱོང་གཏེར་མིན་གཏེར་འདྲ་དབྱེ༔ ཞེས་པས༔ འདི་ནས་ལོ་ནི་ལྔ་བརྒྱ་དང་གསུམ་ན༔ ཧོར་གྱི་དམག་འོང་མི་བདེའི་རླུང་འཚུབ་ལྡང་༔ ལས་ལྡན་འགའ་ཞིག་མ་གཏོགས་པ༔ སེམས་ཅན་

5-107a

༄༅༔       ༔ཐམས་ཅད་གསོད་པར་འགྱུར༔ ཤཱཀ་ཐུབ་བསྟན་པ་ལྔ་བརྒྱ་ཕྲག་བདུན་རྗེས༔ ལྷག་མ་སྟོང་ཚོ་གཅིག་དང་ལྔ་བརྒྱ་ན༔ ལྔ་བཅུ་ཁ་རལ་བདུད་ཀྱི་བསྟན་པའི་དུས༔ ས་ཧོར་བསྟན་པ་རྒྱ་ནག་རྒྱལ་པོས་འཇོམས༔ མདུང་དམར་ཁ་ཊྭཱཾ་རྒྱ་རལ་བོད་དུ་འབྱུང་༔ ང་ཡིས་གསུངས་པའི་དམ་པའི་ཆོས༔ སངས་རྒྱས་སྐུ་གསུང་ཐུགས་ཡོན་ཕྲིན༔ སདྱས་བསྟན་ཞབས་གཏེར་གྱིས་སྐྱོང་༔ དེ་ཕྱིར་གཏེར་རིས་བྱེ་བ་ལྔ༔ ཡེ་སངས་རྒྱས་པའི་ཐུགས་གཏེར་དང་༔ ཐུགས་རྗེ་སྤྲུལ་པའི་དགོངས་གཏེར་དང་༔ དགོངས་པ་ལྷུན་གྲུབ་ཟབ་གཏེར་དང་༔ རྒྱལ་བ་རིགས་དབྱེའི་ཡང་གཏེར་དང་༔ གང་ཟག་བརྒྱུད་པའི་གསང་གཏེར་རོ༔ དང་པོ་ཡེ་སངས་རྒྱས་པའི་ཐུགས་གཏེར་ནི༔ སེམས་ཅན་འདོད་ཆགས་ཆེ་བ་ལ༔ གསེར་གྱི་འཁོར་ལོ་ལྟ་བུའི་ཆོས༔ འདུལ་བ་ཉེ་བའི་རྡོ་རྗེ་ཡིས༔ གྲོང་ཁྱེར་རྩ་མཆོག་

5-107b

གནས་སུ་སྦས༔ དུས་ཕྱིས་ཤཱཀྱ་འོད་ཀྱིས་ཕྱུངས༔ དང་པོ་སྐུ་ཡིས་འདུལ་བ་ཡིན༔ བར་དུ་གསུང་གིས་འདུལ་བ་ཡིན༔ སེམས་ཅན་གཏི་མུག་ཆེ་བ་ལ༔ མེ་ལོང་གཡའ་དག་ལྟ་བུའི་ཆོས༔ མདོ་སྡེ་རྡོ་རྗེ་གདན་དུ་སྦས༔ དགེ་སློང་ནར་འཕན་རག་ཤིས་བཏོན༔ ཐ་མ་ཐུགས་ཀྱིས་འདུལ་བ་ཡིན༔ སེམས་ཅན་ཞེ་སྡང་ཆེ་བ་ལ༔ རྒྱལ་པོའི་བང་མཛོད་ལྟ་བུའི་ཆོས༔ མངོན་པ་བི་ཀཱ་མ་ལ་ཤཱི་ལར༔ མངོན་པའི་ཆོས་ལ་དགྲ་ལན་གསུམ༔ ཏ་ཟིག་རྒྱལ་པོ་ཧུ་ལུས་བསྲེགས༔ རྒན་མོ་རྒན་འདྲ་མུ་སྟེགས་བསྲེགས༔ ཉི་མ་དངོས་གྲུབ་ཉི་བསྒྲུབས་བསྲེགས༔ དོན་གྱི་སྙིང་པོ་གསང་སྔགས་ལ༔ མི་དང་ལྷ་སྲིན་བྱེ་བ་ན༔ འོག་མིན་གནས་དང་ལྷ་ཡི་གནས༔ མི་ཡི་གནས་དང་མི་མ་ཡིན༔ དུག་རྩུབ་མེ་དཔུང་ལྟ་བུའི་ཆོས༔ མ་གཤིན་ཕུར་གསུམ་གཏེར་དུ་སྦས༔ བཏོན་ཚུལ་དེ་དག་ལོ་རྒྱུས་གསལ༔ དང་པོ་ཕུར་པ་དར་བ་ཡིན༔

5-108a

༄༅༔       ༔སྔགས་ཚིག་དོན་དུ་རྒྱས་པས་ཏེ༔ རྒྱ་མཚོ་ཆེན་པོ་ལྟ་བུའི་ཆོས༔ བར་དུ་སྒྱུ་འཕྲུལ་གཏེར་དུ་སྦས༔ ལི་ཙ་བྱི་དྲི་མ་མེད་དང་ཛ༔ སེམས་ཅན་བསོད་ནམས་བྲི་དུས་སུ༔ ཚིག་ཉུང་དོན་གསལ་རིན་ཅེན་ལྟར༔ འདི་ཕྱི་གཉིས་ཀ་རྫོགས་པས་ན༔ ཐ་མར་རིགས་གསུམ་མགོན་ཆོས་སྦས༔ བཏོན་ཚུལ་དེ་དག་ལོ་རྒྱུས་གསལ༔ དེ་དུས་གཞན་མས་བཀའ་གསང་འཆོལ༔ ཚོང་དུས་འོ་མ་བཞིན་དུ་བསླད༔ བསྟན་སྙིགས་གྲུབ་མཐའ་ངན་པས་བསྒྱུར༔ སྔགས་འདྲ་རྟགས་ཆོས་དར་བར་འགྱུར༔ གཉིས་པ་ཐུགས་རྗེ་སྤྲུལ་པའི་དགོངས་གཏེར་ནི༔ དང་པོ་བདེ་གཤེགས་འདུས་པ་གཏེར་དུ་སྦས༔ བཏོན་ཚུལ་དེ་དག་ལོ་རྒྱུས་གསལ༔ བར་དུ་བཀའ་བརྒྱད་ཡོངས་རྫོགས་གཏེར་དུ་སྦས༔ བཏོན་ཚུལ་དེ་དག་ལོ་རྒྱུས་གསལ༔ ཐ་མར་བཀའ་འདུས་གཏེར་དུ་སྦས༔ བཏོན་ཚུལ་དེ་དག་ལོ་རྒྱུས་གསལ༔ གསུམ་

5-108b

པ་དགོངས་པ་ལྷུན་གྲུབ་ཟབ་གཏེར་ནི༔ དགོངས་པ་ལྷུན་གྱིས་གྲུབ་ཚུལ་བཅུ༔ གཏེར་ཆོས་དོན་མ་ནོར་བའི་ཆོས༔ གང་ཟག་གིས་མ་བཅོས་པའི་ཆོས༔ དགོས་ཆེད་མ་གབ་པ་ཡི་ཆོས༔ རྒྱུད་ནི་མ་དཀྲུགས་པ་ཡི་ཆོས༔ བཀའ་ནི་མ་འཁྱལ་པ་ཡི་ཆོས༔ ལུང་ནི་མ་གཅུས་པ་ཡི་ཆོས༔ མ་ལྷག་འཆལ་པ་མེད་པའི་ཆོས༔ དགོས་དོན་མ་ཆད་པ་ཡི་ཆོས༔ རྒྱུས་མེད་མ་བརྐུས་པ་ཡི་ཆོས༔ བྱིན་རླབས་མ་ཉམས་པ་ཡི་ཆོས༔ ལས་ཅན་མ་འོངས་རྗེས་འཇུག་ཕྱིར༔ རྒྱུད་ཀྱི་འཁྲུགས་པ་རྣམས་ནི་བསལ༔ ལུང་གི་གཅུས་པ་རྣམས་ནི་བསྡེབས༔ མན་ངག་གབ་པ་རྣམས་ནི་ཕྱུངས༔ དོན་མ་ནོར་བར་ཚིག་དོན་སྦྱར༔ གཞན་གྱི་རང་བཟོས་བསླད་དུ་མེད༔ རྒྱུད་ཀྱི་བཀའ་ཆིངས་ལག་ལེན་བཀྲོལ༔ མ་བཅོས་མ་གབ་མ་དཀྲུགས་ཤིང་༔ རྨོངས་པར་མ་བརྒྱུད་གཏེར་དུ་སྩལ༔ བཀའ་འབྱམས་

5-109a

༄༅༔       ༔འདྲེས་ཁྱེར་རྒྱུད་མ་འཁྱར༔ ལྷག་ཆད་སྐྱོན་དང་བྲལ་བའི་གཏེར༔ ཡིད་སྤྱོད་ལོག་ཤེས་ཐེ་ཚོམ་ཅན༔ རྣ་བར་མ་བསྒྲགས་གཏེར་དུ་སྩལ༔ གཏེར་སྒོ་བྱེ་བ་ཙམ་ཞིག་ནི༔ ལྷ་ཀླུ་མི་ཡུལ་རྣམས་སུ་སྦས༔ མཁའ་འགྲོ་རིག་འཛིན་རྣམས་ལ་གཏད༔ སྐྱེ་བ་སྔོན་དུ་དབང་ཐོབ་པ༔ ལུང་བསྟན་འགྲོ་འདུལ་ལས་འཕྲོ་ཅན༔ གཏེར་ཆོས་འཕྲད་པར་སྨོན་ལམ་བཏབ༔ གཏད་རྒྱ་བཀྲོལ་བས་མཁའ་འགྲོས་གནང་༔ གང་ཟག་མི་ཡི་བརྒྱུད་མ་ཚུད༔ འཇིག་རྟེན་ཆོས་བརྒྱད་ལྷད་མ་ཞུགས༔ སྟོད་སྨད་བདེ་སྡུག་གྲགས་མ་གྲགས༔ རྙེད་དང་མ་རྙེད་དགའ་མ་དགའ༔ དེ་འདྲར་ཟོང་བྱེད་ངོ་རེ་ཚ༔ བཟང་དུ་རེ་བའི་འདོད་བློས་བཅིངས༔ སེམས་ངན་ཆོས་ཕུང་དག་པ་ཡི༔ ཕན་སེམས་མེད་པས་ཆོས་སྤོང་ལས༔ སྨྱོན་པ་སྙིང་རླུང་འོད་བྱ་མེད༔ བཞི་པ་

5-109b

རྒྱལ་བ་རིགས་དབྱེའི་ཡང་གཏེར་ནི༔ མཐོང་རྒྱ་ཆུང་ཞིང་ཐོས་རྒྱ་མེད་པ་རྣམས༔ རྒྱལ་བའི་གསུང་རབ་རྣམས་ལ་ཚད་བཟུང་ནས༔ རང་གཞན་དད་པ་བསྐྱེད་པའི་ཕྱིར༔ གསང་སྔགས་དབང་བསྐུར་དམ་རྫས་བུར་ཆུ་བྱེད༔ དེས་དད་འཇུག་པའི་རྒྱུ་རུ་འགྲོ་སྙམ་སྟེ༔ རྩ་ལྟུང་བཅུ་གསུམ་པ་ནི་འཕོག་པ་ཡིན༔ འཇིག་རྟེན་དག་ན་བདེ་སྐྱིད་ཆོས་ཡིན་ཏེ༔ བཀའ་སྲུང་དམ་ཅན་རྣམས་ནི་ཤིན་ཏུ་ཁྲོས༔ རུ་ང་ཕྲག་དོག་བདུད་ཀྱིས་བརྫིས་པས་འཁྲུགས༔ གཏེར་ནས་བྱང་སེམས་དཀར་དམར་དམ་རྫས་རྣམས༔ བདེ་སྟོང་ཐོབ་པ་ཐར་པའི་རྒྱུ་མཐུན་འཕེལ༔ གཏེར་མ་དག་ལས་འབྱུང་བར་ཤེས་པར་བྱ༔ ལྔ་སྟོང་བསྟན་པའི་སྙིང་པོ་རྒྱ་གར་ཡུལ༔ ང་ཡི་འདུལ་བའི་བསྟན་པ་ལ་༔ ལོ་ནི་ལྔ་བརྒྱ་ཕྲག་བཅུ་དང་༔ སུམ་བརྒྱ་དག་ནི་གནས་པ་ལ༔ སུམ་བརྒྱ་ལ་ནི་ཆོས་བསྡུས་ཏེ༔ ལྔ་བརྒྱ་ཕྲག་བཅུར་གནས་པ་ཡིན༔

5-110a

༄༅༔       ༔ཉིས་སྟོང་བདུན་བརྒྱ་ཙམ་ནས་ནི༔ མཐའ་འཁོབ་ཡུལ་དུ་དར་བར་འགྱུར༔ སུམ་བརྒྱ་ཡན་ཆོད་སྡེ་སྣོད་གསུམ༔ རྒྱུ་འབྲས་གཉིས་ཀྱི་བསྟན་པ་དར༔ ལྔ་བརྒྱ་ཕྲག་བཅུ་འདས་པ་ན༔ ཉིས་སྟོང་བརྒྱད་བརྒྱ་བདུན་ཅུ་རྩ་བརྒྱད་ནས༔ ངེས་དོན་བསྟན་པ་དར་བར་འགྱུར༔ ལྔ་བརྒྱའི་སྙིགས་མ་བྱུང་བའི་ཚེ༔ སྐུ་གསུང་ཐུགས་ཀྱི་བསྟན་པ་ལ༔ ལོ་ནི་བདུན་བརྒྱ་རྩ་ལྔ་ན༔ སངས་རྒྱས་ཐུགས་ཀྱི་བསྟན་པ་ནི༔ ལོ་ནི་དྲུག་ཅུ་རྩ་ལྔར་གནས༔ དེ་ནས་བསྟན་པ་ཁད་ཀྱི་འཇིག༔ ཐུབ་པའི་བསྟན་པ་ལྔ་བརྒྱའི་ཕྲག་བདུན་རྗེས༔ རྒྱལ་སྲིད་ཐམས་ཅད་འཁྲུགས་པར་འགྱུར༔ ཆོས་མ་ཡིན་པ་དར་བའི་དུས༔ རང་རང་བསྟན་ལ་རང་རང་འཇིག༔ གཏེར་རིགས་དབྱེ་བ་བྱས་ནས་སྦས༔ ཕྱི་དགེ་བའི་རྣམ་ཐར་ཕོ་ཚུགས་ལ་རེ་ཡང་༔ ནང་ན་

5-110b

མི་དགེ་ངན་པ་ཞིག་ཡོད་པའི་རྟགས༔ གསུང་རབ་ཚད་མར་ཆོས་ལོག་ཡིན་ཞེས་ཟེར༔ གསུང་རབ་ཚད་མས་ཁྱོད་ལ་ཅི་བྱས་པ༔ ལྔ་པ་གང་ཟག་རྒྱ་ཡི་གསང་གཏེར་ནི༔ བལ་ཡུལ་གོ་ཏ་བི་རའི་གཙུག་ལག་ཁང་༔ འགྱུར་ནི་སྔ་ཕྱི་གསར་རྙིང་རྒྱུད་ཀུན་རྣམས༔ དཔེ་ཡི་མིང་ནི་རྐྱང་པ་བྲིས་གྱུར་ཀྱང་༔ རྒྱས་པ་འབུམ་དང་མཉམ་པ་འོང་བ་ཡིན༔ ཐོས་མཐོང་རྒྱ་མེད་རྨོངས་པ་རྣམས༔ གཏེར་མ་འདི་ལ་བརྒྱུད་པ་མེད་ཅེས་ཟེར༔ བྱིན་རླབས་བརྒྱུད་པ་མ་ཆད་ལྔ་ལས་མེད༔ རྒྱལ་བའི་ཐུགས་བརྒྱུད་མ་ཆད་པ་ཞིག་ཡོད༔ རིག་འཛིན་བརྡ་བརྒྱུད་མ་ཆད་པ་ཞིག་ཡོད༔ མཁའ་འགྲོའི་གཏད་བརྒྱུད་མ་ཆད་པ་ཞིག་ཡོད༔ གསང་བ་དོན་བརྒྱུད་མ་ཆད་པ་ཞིག་ཡོད༔ སྨོན་ལམ་ཚིག་བརྒྱུད་མ་ཆད་པ་ཞིག་ཡོད༔ བར་སྐབས་བརྒྱུད་པའི་སེལ་མེད་པ༔ བརྒྱུད་པ་ཡིས་ནི་མ་བཏུབ་

5-111a

༄༅༔       ༔ན༔ ཆོས་གསར་བརྒྱུད་པ་འཕེལ་མི་བཏུབ༔ ལོག་པའི་བྱམས་ཐུགས་ལས་ལྡོག་སྟེ༔ དེ་དང་མཐུན་པའི་སྤྱོད་པའོ༔ བསྟན་ཞབས་གཏེར་གྱིས་སྐྱོང་བའི་སྐབས་ཏེ་ཉེར་དགུ་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔