བཀའ་གདམས་ཆོས་འབྱུང་།
དང་པོ། ཐུགས་བསྐྱེད་ཚུལ།
上一章
下一章

(དང་པོ། ཐུགས་བསྐྱེད་ཚུལ།)

དང་པོ་ཐུགས་བསྐྱེད་ཚུལ་ནི། སྙིང་རྗེ་པད་དཀར་ལས། བྲམ་ཟེ་རྒྱ་མཚོའི་རྡུལ་དུ་གྱུར་པའི་ཚེ། སངས་རྒྱས་རིན་ཆེན་སྙིང་པོའི་དྲུང་དུ་དང་པོར་ཐུགས་བསྐྱེད་པར་གསུངས། བསྐལ་བཟང་ནས། ང་ནི་སྔོན་ཚེ་དམན་པར་གྱུར་པ་ན། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། །འཇམ་གང་ཞིག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་དང་། དྲིན་ལན་བསབས་པ་ལས། སྟོན་པ་འདི་སྔོན་ལས་ཀྱི་ནུས་པས་དམྱལ་བར་ཤིང་རྟ་འདྲེན་པའི་གྱད་དུ་འཁྲུངས་པའི་ཚེ། ཟླ་བོ་སྟོབས་ཆུང་བ་ལ་

3a

༄༅།       །སྙིང་རྗེ་སྐྱེས་པའི་རྐྱེན་གྱིས་དང་པོར་ཐུགས་བསྐྱེད་པར་བཤད། ཕུང་པོ་གསུམ་པ་ལས། ཚོང་དཔོན་གྱི་བུ་མངོན་དགར་གྱུར་པས་སངས་རྒྱས་མཛེས་ཆེན་གྱི་དྲུང་དུ་ཐུགས་བསྐྱེད་པ་དང་། རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་ནས་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་ལ་ཐུགས་བསྐྱེད་པར་བཤད་དེ། མི་འདྲ་བ་ནི་གདུལ་བྱའི་བྱེ་བྲག་གམ། སྔ་ཕྱི་ཡིན་པས་འགལ་བར་མེ་སེམས་ཞེས་མཁས་པ་དག་གི་གསུང་རབ་ལས་འབྱུང་ངོ་། །