བཀའ་གདམས་ཆོས་འབྱུང་།
དང་པོ། རྒྱ་གར་དུ་བྱོན་ཚུལ།
上一章
下一章

(དང་པོ། རྒྱ་གར་དུ་བྱོན་ཚུལ།)

དང་པོ་ནི། རྒྱ་གར། ཁ་ཆེ། ཨོ་རྒྱན། གསེར་གླིང་། ལི་ཡུལ། བལ་པོ་རྣམས་སུ་དངོས་སློབ་པཎྜི་ཏ་དང་། གྲུབ་ཐོབ་དུ་མ་དང་། དེ་དག་གིས་ཀྱང་ཉིང་སློབ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་ལ༑ བི་ཀྲ་མ་ཤཱི་ལར་ཡང་སློབ་མ་པཎྜི་ཏ་རཏྣ་ཀཱིརྟི། ཏ་ཐཱ་ག་ཏ་རཀྵི་ཏ། སུ་མ་ཏི་ཀཱིརྟི། བཻ་རོ་ཙ་ན་རཀྵི། བཱ་ལོ་ཀ་ན་ཀཱ་ཤཱི་ལ་སོགས་པ་སུམ་ཅུ་ཙམ་ཡོད་ཀྱང་ཐུན་མོང་མ་ཡིན་པའི་སློབ་མ་ལྔ་ནི། པཎྜི་ཏ་ཆེན་པོ་བི་ཏོ་པ། དྷརྨཱ་ཨ་ཀ་ར་མ་ཏི༑ དབུ་མ་སེང་གེ། བཤེས་གཉེན་གསང་བ། སའི་སྙིང་པོ་རྣམས་ནི་ཇོ་བོ་དང་རྟོགས་པ་བྱིན་རླབས་མི་མཉམ་ཡང་མཁྱེན་པ་མཉམ་པ་ཙམ་དུ་གྲགས་སོ། །