བཀའ་གདམས་ཆོས་འབྱུང་།
༢༽གསུང་བགྲོས་སྐོར།
上一章
下一章

(༢༽གསུང་བགྲོས་སྐོར།)

གཉིས་པ་གསུང་བགྲོས་འཐོར་བུ་བའི་སྐོར་ལ། བློ་སྦྱོང་མཚོན་ཆ་འཁོར་ལོ། །རྨ་བྱ་དུག་གི་འཇོམས། དགྱེས་སྒོམ་རྡོ་རྗེའི་གླུ། བློ་སྦྱོང་སེམས་པའི་རིམ་པ། གསེར་གླིང་པས་ཇོ་བོ་ལ་གནང་

98a

༄༅།       །བའི་རྟོག་པ་འབུར་འཇོམས་རྩ་འགྲེལ། བློ་སྦྱོང་ཐབས་བཞི་པ། དེའི་སྒོ་ནས་སྡིག་པ་བཤགས་པ་དང་། འཁོན་སྦྱང་བའི་ཆོ་ག །ཀུ་ས་ལིའི་ཚོགས་གསོག །བློ་སྦྱོང་ཀུན་དུ་བཟང་པོ། བློ་སྦྱོང་སྟན་ཐོག་གཅིག་མ། བློ་སྦྱོང་ཐུན་བརྒྱད་མ། གླང་ཐང་པའི་ཚིག་རྐང་བརྒྱད་མ། དེའི་འགྲེལ་པ་བྱས་སྟོན་གྱིས་མཛད་པ། བློ་སྦྱོང་རྟེན་འབྲེལ་སྙིང་པོ་དང་། བཀའ་གདམས་ཐོར་བུ་བ་སོགས་དང་། གཞན་ཡང་རྒྱལ་པོ་སའི་ས་གྷས་བོད་ཀྱི་རྣམ་གཞག །ལོ་ཆེན་དང་། ནག་ཚོ་ལ་ཞུས་ཀྱང་གསལ་བར་མ་བྱུང་བ། ཐོ་མཐིང་གསེར་གྱི་ལྷ་ཁང་དུ་ཇོ་བོ་དང་སྟོན་པ་ཞལ་འཛོམ་པར་ཞུས་པས། སྟོན་པས་མངོན་པར་ཤེས་པས་གཟིགས་ཏེ། བོད་ཀྱི་ས་བཅད་དང་གནས་ལུགས་རྣམས་ཞིབ་པར་གསུངས་པ་སོགས་མང་དུ་སྣང་ངོ་། །