ཉི་མའི་རིགས་ཀྱི་རྒྱལ་རབས།
བྱེ་བྲག་ཏུ་བཤད་པ།
上一章
下一章

(རྟོགས་སླ་བའི་ཕྱིར་བྱེ་བྲག་ཏུ་བསྟན་པ།)

གཉིས་པ་གླིང་བཞི་ལྷ་གནས་སོ་སོ་ལ་སོགས་པ་འདི་ཉིད་ཀྱི་དབང་དུ་བྱས་ན། དེ་ལ་ལྷུན་པོ་གཉའ་ཤིང་འཛིན། །གཤོལ་གདའ་འཛིན་དང་སེང་ལྡེང་ཅན། །དེ་བཞིན་བལྟ་ན་སྡུག་རི་དང་། །རྟ་རྣ་དང་ནི་རྣམ་འདུད་དང་། །མུ་ཁྱུད་འཛིན་རིའོ་དེ་ནས་ནི། །ཞེས་པས། རི་གླིང་མུ་ཁྱུད་རྣམས་གསེར་གྱི་ས་གཞི་ལ་བརྟེན་པ་ཡིན་ཞིང་། རི་རབ་ནི་དབུས་ན་གནས་ཤིང་། རི་བདུན་གྱིས་བསྐོར་བའི་ཐ་མ་ནི་མུ་ཁྱུད་འཛིན་ཡིན་ནོ། །གླིང་རྣམས་ཡིན་ནོ་དེ་དག་གི་ཡང་། ཕྱི་རོལ་ནས་ནི་ཁོར་ཡུག་སྟེ། །གླིང་བཞི་དང་འཁོར་ཡུག་ཏུ་བསྐོར་རོ། །དེ་དག་གི་རྒྱུ་ནི། བདུན་ནི་གསེར་ཡིན་དེ་ལྕགས་སོ། །ཞེས་པ་ལྟར། གཉའ་ཤིང་འཛིན་སོགས་རི་བདུན་ནི་གསེར། འཁོར་ཡུག་སྟེ་བརྒྱད་པ་ནི་ལྕགས་སོ། །ལྷུན་པོ་རིན་ཆེན་བཞི་རང་བཞིན། །ཅེས་ཏེ། གསེར། དངུལ། བཻཌུཪྻ། ཤེལ་གྱི་རང་བཞིན་ནོ་ཞེས་འབྱུང་ལ། པད་མ་རཱ་གའོ་ཞེས་ཀྱང་ཁ་ཅིག་སྟེ་ངོས་བཞིར་གྲགས་སོ། །རི་ངོས་ཀྱི་མཐུས་ནམ་མཁའ་ཡང་དེ་

11b

བཞིན་དུ་སྣང་སྟེ། འཛམ་བུའི་གླིང་གི་ཕྱོགས་ལོགས་བཻ་ཌུཪྻ་ཡིན་པས་ནམ་མཁའ་ཡང་དེ་བཞིན་གྱི་ཁ་དོག་ཏུ་གྱུར་ཏོ། །ནམ་མཁའ་ནི་ཐམས་ཅད་ཁ་དོག་གཅིག་པའོ་ཞེས་ཀྱང་གསུང་། ཡང་ཆར་གྱི་རྒྱུན་བབས་པས། ས་བོན་སྣ་ཚོགས་ཁོང་དུ་ཡོད་པའི་ཆུ་དེ་དག་རྣམ་པ་དུ་མའི་བྱེ་བྲག་དང་ལྡན་པའི་རླུང་གིས་གཞིག་པ་ན། གསེར་ལ་སོགས་པའི་ཁམས་རླུང་གིས་བསྡུས་པ་ལས། རི་དང་གླིང་དག་ཏུ་ཡང་གྱུར་ཏོ། །རི་རབ་ནི། ཆུ་ཡི་ནང་དུ་བརྒྱད་ཁྲི་དག་ནུབ་བོ་ཆུ་ཡི་སྟེང་དུ་ཡང་། དཔག་ཚད་དག་ནི་བརྒྱད་ཁྲིའོ། །བརྒྱད་པོའི་འཕང་དུ་ཕྱེད་ཕྱེད་དབྲི། །དེ་དག་རྔམས་སུ་འཕང་དང་མཉམ། །དེ་དག་བར་དུ་རོལ་མཚོ་བདུན། །དང་པོ་སྟོང་ཕྲག་བརྒྱད་ཅུའོ། །དེ་ནི་ནང་གི་རྒྱ་མཚོ་ཡིན། །དེ་ཡི་ངོས་ལ་སུམ་འགྱུར་རོ། །རོལ་མཚོ་གཞན་ནི་ཕྱེད་ཕྱེད་དེ། །ལྷག་མ་ཕྱི་ཡི་རྒྱ་མཚོ་ཡིན། །ལྷག་མ་ནི། མུ་ཁྱུད་འཛིན་དང་འཁོར་ཡུག་གི་བར། དེའི་ནི། ཕྱིའི་རྒྱ་མཚོ་ཆེན་པོ་ཡིན་ཏེ། ཚྭ་སྐོའི་ཆུས་གང་བའོ། །ཁ་ཞེང་གི་ཚད་ནི། འབུམ་ཕྲག་གསུམ་དང་། སྟོང་ཕྲག་ནི་ཉི་ཤུ་གཉིས་ཡིན་ནོ། །དེ་ལྟ་བུའི་མཚོ་

12a

༄༅།        །དེ་ཡང་དུམ་བུ་བཞིར་གྱུར་པ་མེད་ཀྱང་ཕྱོགས་ཀྱི་དབྱེ་བས་ཕྱིའི་རྒྱ་མཚོ་ཆེན་པོ་བཞི་ཞེས་གྲག་གོ། ། དེ་ལ་ནི། འཛམ་བུའི་གླིང་ཏེ་ངོས་གསུམ་ལ། །སྟོང་ཕྲག་གཉིས་པོ་ཤིང་རྟའི་དབྱིབས། །གཅིག་ལ་དཔག་ཚད་ཕྱེད་དང་བཞི། །ཞེས་གསུངས་ཏེ། འདིའི་ལྷོ་ཕྱོགས་མ་རྟོགས་པའི་ངོས་གསུམ་ལ་ནི། དཔག་ཚད་ཉིས་སྟོང་ཉིས་སྟོང་ཡོད་ལ། ལྷོ་ཕྱོགས་ཀྱི་ངོས་ལ་ནི་དཔག་ཚད་ཕྱེད་དང་བཞི་པ་སྟེ། དབྱིབས་ནི་ཤིང་རྟའི་དབྱིབས་ཅན་གྱི། །སོགས་པའི་གདེངས་ཆེ་བ། རི་རབ་ལ་བསྟན་པ་ཁང་བུ་བརྩེགས་པ་ལས་གསུངས་སོ། །ཤར་གྱི་ལུས་འཕགས་ཟླ་ཁམས་འདྲ། །ངོས་གསུམ་འདི་དང་འདྲ་གཅིག་ལ། །དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །ཅེས་གསུངས་སྟེ། འཁོར་ཡུག་ལ་བལྟ་བའི་ངོས་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུ་ཡོད་ལ། ངོས་གསུམ་ནི་འཛམ་བུའི་གླིང་དང་འདྲ་ཞིང་དབྱིབས་ནི་ཟླ་ཁམ་མོ། བན་ལང་སྤྱོད་གླིང་ཟླུམ་པོ་སྟེ། །སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ནོ། །དེ་ཡི་དབུས་ལ་ཕྱེད་དང་གསུམ། །ཅེས་གསུངས་སྟེ། ནུབ་ཀྱི་བ་ལང་སྤྱོད་ནི་མཐའ་བསྐོར་དུ་དཔག་ཚད་སྟོང་ཕྲག་ཕྱེད་

12b

བརྒྱད་ཡིན་ལ། ཐད་ཀར་སྟོང་ཕྲག་ཕྱེད་དང་གསུམ་པ། དབྱིབས་ནི་ཟླུམ་པོའོ། །སྒྲ་མི་སྙན་བརྒྱད་གྲུ་བཞིར་མཉམ། །ཞེས་གསུངས་ཏེ། ཕྱོགས་རེས་དཔག་ཚད་སྟོང་ཕྲག་གཉིས་གཉིས་ཏེ་མཐའ་བསྐོར་དུ་དཔག་ཚད་སྟོང་ཕྲག་བརྒྱད་ལ་དབྱིབས་ནི་གྲུབ་བཞིའོ། །གླིང་བཞི་པོ་དེར་གྲངས་ངེས་སམ་འོན་ཏེ་གཞན་ཡང་ཡོད་ཅེ་ན། དེ་ཡི་བར་གྱི་གླིང་བརྒྱད་ནི། ལུས་དང་ལུས་འཕགས་སྒྲ་མི་སྙན། །སྒྲ་མི་སྙན་གྱི་ཟླ་དང་ནི། །རྔ་ཡབ་དང་ནི་རྔ་ཡབ་གཞན། །གཡོ་ལྡན་དང་ནི་ལམ་མཆོག་འགྲོ། །ཅེས་གསུངས་སྟེ། ལུས་དང་ལུས་འཕགས་ནི་ཤར་གྱི་གཡོན་དང་གཡས་ཀྱི་གླིང་ཕྲན་ཏེ། ཟླ་ཁམ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་བ་ནི་བྱང་གི་གཡོན་གཡས་ཀྱི་གླིང་ཕྲན་ཏེ། གྲུ་བཞིའོ། །གཡོ་ལྡན་དང་ལམ་མཆོག་འགྲོ་ནི་ནུབ་ཀྱི་གཡོན་གཡས་ཀྱི་གླིང་ཕྲན་ཟླུམ་པོའོ། །རྔ་ཡབ་དང་རྔ་ཡབ་གཞན་ནི་འཛམ་བུའི་གླིང་གི་གཡོན་གཡས་ཀྱི་གླིང་ཕྲན་ཏེ། སོགས་ཁའོ། །ཉི་མ་དང་ཟླ་བ་ཅི་ལ་བརྟེན་ཅེ་ན། རླུང་ལ་བརྟེན་ཏེ། སྤྱི་མཐུན་གྱི་ལས་ཀྱིས། བར་སྣང་ལ་ཉི་ཟླ་དང་། སྐར་

13a

༄༅།        །མ་རྣམས་འཕུལ་བར་བྱེད་པའི་རླུང་དག་གྲུབ་སྟེ། རི་རབ་ལ་ཀློང་བཞིན་དུ་འཁོར་རོ། །ཉི་ཟླ་དེ་དག་འདི་ནས་ཐག་ཇི་སྲིད་ན་གནས་ཅེ་ན། ཉི་ཟླ་ལྷུན་པོའི་ཕྱེད་ནའོ། །ཅེས་སྟེ། གཉའ་ཤིང་འཛིན་གྱི་རྩེ་མོ་དང་མཉམ་པ་ནས་རྒྱུའོ། །ཚད་ཇི་ཙམ་ཞེ་ན་དཔག་ཚད་ལྔ་བཅུ་གཅིག་དང་བཅས། །ཞེས་སྟེ་དེའང་ཟླ་བའི་ཚད་ནི། དཔག་ཚད་ལྔ་བཅུ་ལ། ཉི་མ་ལ་ནི་དཔག་ཚད་ལྔ་བཅུ་རྩ་གཅིག་གོ། །ཉི་མའི་འོག་རྒྱུ་མེ་ཤེལ་ལས་གྲུབ་པས། ཚ་བ་དང་སྣང་བར་བྱེད་ལ། ཟླ་བའི་འོག་བཞི་བཅུ་ཤེལ་ལས་གྲུབ་པས། བསིལ་ཞིང་སྣང་བར་བྱེད་དོ། །སྐར་མའི་ཚད་ནི་རྒྱང་གྲགས་བཅོ་བརྒྱད་ནས། རྒྱང་གྲགས་གསུམ་གྱི་བར་ཅི་རིགས་པ་ཡོད་དོ། །ཉི་ཟླ་གཉིས་ཀྱིས་གླིང་བཞིར་བྱ་བ་ཇི་ལྟར་བྱེད་ཅེ་ན། ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་གཅིག །ཅེས་སྟེ། སྒྲ་མི་སྙན་དུ་ནམ་ཕྱེད་ཀྱི་ཚེ། ལུས་འཕགས་སུ་ཉི་མ་ནུབ། འཛམ་བུའི་གླིང་དུ་ཉི་མ་ཕྱེད་ནས། བན་ལང་སྤྱོད་དུ་འཆར་ཏེ། འདི་ནི་ཉིན་མཚན་མཉམ་པའི་དབང་དུ་བྱས་སོ། །

13b

དབུས་ཀྱི་ལྷུན་པོ་ལ་བང་རིམ་དུ་ཞེ་ན། འདི་ལ་བང་རིམ་བཞི་ཡོད་དེ། །བར་གྱི་ཐག་ནི་སྟོང་ཕྲག་བཅུ། །སྟོང་ཕྲག་དག་ནི་བཅུ་དྲུག་དང་། །བརྒྱད་དང་བཞི་དང་གཉིས་འཕགས་སོ། །དེ་ལ་ལག་ན་གཞོང་ཐོགས་དང་། །ཕྲེང་ཐོགས་དང་ནི་རྟག་མྱོས་དང་། །རྒྱལ་ཆེན་བཞི་ཡི་ལྷ་རྣམས་གནས། །ཅེས་ཏེ། རི་རབ་ལ་བང་རིམ་བཞི་ཡོད་པའི་དང་པོ་ལ། ལག་ན་གཞོང་ཐོགས། གཉིས་པ་ལ་ཕྲེང་ཐོགས། གསུམ་པ་ལ་རྟག་མྱོས། བཞི་པ་ལ་རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་དང་བཅས་ལ། དེར་མ་ཟད། རི་བདུན་ལ་ཡང་གནས་པ་ཡོད་དེ། རི་ནི་བདུན་པོ་དག་ལ་ཡང་། །ཅེས་པས། གཉའ་ཤིང་འཛིན་སོགས་ལ་ཡང་། རྒྱལ་ཆེན་རིགས་བཞིའི་འཁོར་གྱི་ལྷ་དག་གནས་ཅེས་སོ། །ལྷུན་པོའི་རྩེ་ན་སུམ་ཅུ་གསུམ། །དེ་ནི་ངོས་ལ་བརྒྱད་ཁྲིའོ། །མཐུར་དུ་ཇི་ལྟ་བར། ངོས་རེ་ལ་ཡང་བརྒྱད་ཁྲི་བརྒྱད་ཁྲིའོ། །ཁ་ཅིག་ངོས་ལ་ཉི་ཁྲི་ཏེ། ངོས་བཞི། ཕྱོགས་བཞིའི་ངོས་རེ་རེ་བཞིན་ཡང་དཔག་ཚད་ཉི་ཁྲི་ཉི་ཁྲི་ཡོད་ལ། ཀུན་ཏུ་བསྐོར་བ་ན་དཔག་ཚད་བརྒྱ་ཁྲིའོ། །ཕྱོགས་

14a

༄༅།        །འཚམས་བརྩེགས་པ་བཞི་ལས་ནི། །ལག་ན་རྡོ་རྗེའི་གནས་དབུས་སུ། །ཅེས། རི་རབ་རྩེའི་ཕྱོགས་འཚམས་ཀྱི་གྲྭ་ལས་དཔག་ཚད་ལྔ་བརྒྱའི་ཚད་བརྩེགས་པའི་གཞི་འཕགས་པ་ལ། ལག་ན་རྡོ་རྗེ་རྣམས་གནས་སོ། །གྲོང་ཁྱེར་བལྟ་ན་སྡུག་ཅེས་པ། །ངོས་ལ་ཉིས་སྟོང་ལྔ་བརྒྱ་པ། །དཔག་ཚད་ཕྱེད་དང་གཉིས་གསེར་གྱི། །རང་བཞིན་གཞི་བཀྲ་མཉེན་པ་ཡོད། །ཅེས་པས། དབུས་ན་བརྒྱ་བྱིན་གྱི་ཕོ་བྲང་ལྟ་ན་སྡུག །ངོས་རེ་རེར་དཔག་ཚད་ཉིས་སྟོང་ལྔ་བརྒྱ། འཕགས་སུ་ཕྱེད་དང་གཉིས་ས་གཞི་ནི། མཚོན་བརྒྱས་རྣམ་པར་བཀྲ་བ། ཤིང་བལ་གྱི་འདབ་མ་ལྟར་རེག་ན་འཇམ་པའོ། །དེ་ན་རྣམ་པར་རྒྱལ་བྱེད་དེ། །ངོས་ལ་ཉིས་བརྒྱ་ལྔ་བཅུའོ། །བལྟ་ན་སྡུག་གི་དབུས་ན། ཁང་བཟང་རྣམ་པར་རྒྱལ་བྱེད། རིན་པོ་ཆེ་དང་དཔལ་གྱིས་ཆེ་བའི་བདག་ཉིད། ངོས་ངོས་ཀྱི་སྲིད་དུ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ་གཅིག་ཡོད་དོ། །ཕྱི་རོལ་ཤིང་རྟ་སྣ་ཚོགས་དང་། །རྩུབ་འགྱུར་འདྲེས་ཚལ་དགའ་བས་བརྒྱན། །ཅེས་སྟེ། ཤིང་རྟ་སྣ་ཚོགས་ཅན་དང་། རྩུབ་འགྱུར་གྱི་ཚལ་དང་། འདྲེས་པའི་ཚལ་དང་། དགའ་བའི་

14b

ཚལ་རྣམས་ཡོད་དོ། །འདི་དག་གི་ནི་ཕྱོགས་བཞི་ན། །ཉི་ཤུས་བཅད་ན་ས་གཞི་བཟང་། །ཞེས་པས། བསྐྱེད་ཚལ་གྱི་ཕྱོགས་བཞིར་དཔག་ཚད་ཉི་ཤུས་བཅད་པ་ན། ལྷ་རྣམས་རྩེ་བའི་གནས། ས་བཞི་བཟང་པོ་མཛེས་པ་དང་ལྡན་པ་ཡོད་དོ། །བྱང་ཤར་འཚམས་ན་ཡོངས་འདུ་སྟེ། །ལྷོ་ནུབ་འཚམས་ན་ཆོས་བཟང་ངོ་། །ཅེས་པ། བྱང་ཤར་ན་ཤིང་ཡོངས་འདུ་ས་རྟོལ་ཞེས་བྱ་བ་ལྷ་ཐམས་ཅད་ཀྱི་འདོད་པའི་དགའ་བ་མཆོག་གི་གནས་ཡོད་དེ། རྩ་བ་ནི་དཔག་ཚད་ལྔར་ཟུག །འཕངས་སུ་ནི་དཔག་ཚད་བརྒྱར་འཕགས་ཤིང་། ཡལ་འདབ་དང་ལོ་མས་དཔག་ཚད་ལྔ་བཅུར་ཁྱབ་པོ། །དྲི་བཟང་གིས་རྫི་ཕྱོགས་སུ་དཔག་ཚད་ལྔ་བརྒྱ། རྫི་ཕྱོགས་མ་ཡིན་པར་དཔག་ཚད་ལྔ་བཅུར་དྲི་ངད་ལྡང་ངོ་། །དེ་སྟེང་ལྷ་ཡི་གཞལ་མེད་ཁང་། །ཅེས་པས་སུམ་ཅུ་རྩ་གསུམ་ནས་གོང་གི་ལྷ་གནས་ནི། སྤྲིན་མེད་ཀྱི་བར་རླུང་དང་རིན་པོ་ཆེའི་གཞི་ལ་ལྷའི་གྲོང་ཁྱེར་ཆགས་སོ། །རྩ་གསུམ་ནས།དེའི་སྟེང་གི་ལྷ་གནས་གོང་མ་རྣམས་ཀྱི་བར་བར་གྱི་ཚད་ནི། གནས་ནས་གནས་འོག་ཇི་སྲིད་པ། །དེ་ནས་དེ་གོང་དེའི་སྲིད། །ཅེས་པས་རྒྱལ་ཆེན་རིགས་

15a

༄༅།        །བཞི་ནས་གནས་འོག་འཛམ་བུའི་གླིང་གི་བར་ལ། དཔག་ཚད་བཞི་ཁྲི། དེ་ལས་སུམ་བཅུ་རྩ་གསུམ་གྱི་བར་བཞི་ཁྲི། དེ་ལས་འོག་འཛམ་བུའི་གླིང་གི་བར་ཚད་ནི་དཔག་ཚད་བརྒྱད་ཁྲི་སྟེ། དེ་བཞིན་དུ་སུམ་ཅུ་རྩ་གསུམ་ནས་འཐབ་བྲལ་གྱི་བར་ལ་ཡང་དཔག་ཚད་བརྒྱད་ཁྲིའོ། །དེ་ནས་དགའ་ལྡན་གྱི་བར་ལ་དཔག་ཚད་འབུམ་དྲུག་ཁྲིའོ། །དགའ་ལྡན་ནས་འཕྲུལ་དགའི་བར་ལ་དཔག་ཚད་སུམ་འབུམ་ཉི་ཁྲི། དེ་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་ལ་དཔག་ཚད་དྲུག་འབུམ་བཞི་ཁྲི། འདིར་གནས་འོག་ཅེས་པ་ནི། འཛམ་བུའི་གླིང་སྟེ་འགྱུར་བ་མེད་ལ། རང་རང་གི་གནས་འོག་ལ་ནི་མི་བྱའོ། །དེ་བཞིན་རྩིས་བྱེད་པ་ལས་ཚངས་པ་འདུན་ན་འདོན་དང་ཚངས་ཆེན་གཉིས་ལ་བར་ཐག་གི་ཚད་དེ་ལྟ་བུ་ནི་མེད་ཏེ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བས། འདུན་ན་འདོན་ནི་ཚངས་པ་ཆེན་པོའི་དྲུང་ན་ཉེ་བར་གནས་པས་འདུན་ན་འདོན་ཏེ། བྲམ་ཟེ་རིག་བྱེད་འདོན་པའི་དྲུང་ན་བྲམ་ཟེ་གཞན་འཁོད་པ་བཞིན་ནོ། །ཅེས་གསུངས་པས་དེ་གཉིས་ཀྱི་གནས་ལ་གནས་གཞན་ཐ་

15b

དད་པ་དང་བར་ཐག་རྩིར་མེད་ལ། དེས་ན་གཟུགས་ཁམས་གནས་རིག་བཅུ་དྲུག་ཏུ་འདོད་དོ། །ཉི་འོག་བྱེ་བྲག་ཏུ་སྨྲ་བས་ནི་དེ་གཉིས་ལ་གནས་གཞན་ཐ་དད་པའང་ཡོད་པར་བཞེད་དོ། །གོང་ལྟར་ན། དེ་ལས་གཞན་པ་རྣམས་རྩིས་ཏེ། གནས་ཤིན་ཏུ་མཐོང་ནས། གནས་འོག་འཛམ་བུའི་གླིང་དུ་གི་བར་དུ། དཔག་ཚད་ཐེར་འབུམ་ཆེན་པོ་ཕྲག་བཞི་དང་། ཐེར་འབུམ་རྐྱང་པ་ཕྲག་གཅིག་དང་། དུང་ཆུང་ཕྲག་བརྒྱད་དང་། ས་ཡ་ཕྲག་གསུམ་དང་བཞི་ཁྲི་ཡོད་པ་དེ་བཞིན་དུ། ཤིན་ཏུ་མཐོང་ནས་འོག་མིན་གྱི་བར་དུ་ཡང་དེ་སྲིད་སྟེ། འཛམ་གླིང་ནས་འོག་མིན་དུ་འགྲོ་བའི་བར་གྱི་ལམ་ཕྱེད་ནི། གནས་ཤིན་ཏུ་མཐོང་ཡིན་ནོ། །སློབ་དཔོན་ཐོགས་མེད་དང་གནས་བརྟན་བྱད་བཟང་གཉིས་ནི་གནས་སོ་སོའི་བར་ཐག་ལ་དཔག་ཚད་བཞི་ཁྲི་བཞི་ཁྲིར་མཉམ་པས། ཤིན་དུ་མཐོང་ནས་འོག་མིན་གྱི་བར་དུ། དཔག་ཚད་དྲུག་འབུམ་དང་བརྒྱད་ཁྲི་ཡོད་ཅེས་གསུངས། འོག་མིན་གྱི་གོང་ན་གནས་གཞན་མེད་དེ། དེ་ཉིད་མཐུ་བོར་གྱུར་པས་ན་འོག་མིན་ཅེས་བྱའོ། །ཡང་སྨྲས་པ། ཀླུ་རྣམས་ནི་རྒྱ་མཚོ་ཆེན་པོ་དང་རོལ་མཚོ་

16a

༄༅།        །རྣམས་ལ་གཙོ་བོར་འདུག་ཅིང་། མཚོ་ཕྲན་རྣམས་ལ་ཡང་གནས་སོ། །ལྷ་མ་ཡིན་རྣམས་ནི་རི་རབ་ཀྱི་ནང་དང་ཁོང་སེང་ལ་གནས་སོ། །ལྷུན་པོའི་བང་རིམ་དང་པོ་ལ་ནི་རིན་པོ་ཆེའི་གཞོང་པ་ཐོགས་པ་རྣམས་འདུག་པས་ན་གཞོང་ཐོགས་ཀྱི་གནས་ཞེས་བྱའོ། །གཉིས་པ་ལ་ནི་ཕྲེང་བ་ཐོགས་ཏེ་རྩེ་བ་རྣམས་འདུག་པས་ན། ཕྲེང་ཐོགས་ཀྱི་གནས་ཞེས་བྱའོ། །གསུམ་པ་ལ་ནི་མེ་ཏོག་གི་ཆང་དང་། རྒུན་འབྲུམ་གྱི་ཆང་གིས་རྟག་ཏུ་མྱོས་པ་རྣམས་འདུག་པས་ན་རྟག་མྱོས་ཀྱི་གནས་ཞེས་བྱའོ། །བཞི་པ་ལ་ནི་རྒྱལ་ཆེན་བཞི་པའི་ལྷ་འདུག་པས་ན་རྒྱལ་ཆེན་རིགས་བཞིའི་གནས་ཞེས་བྱའོ། །སུམ་ཅུ་རྩ་གསུམ་ཞེས་བྱ་བ་ནི། ལྷའི་གཙོ་བོ་སུམ་ཅུ་རྩ་གསུམ་ཡོད་པ་སྟེ། ནོར་ལྷ་བརྒྱད། དྲག་པོ་བཅུ་གཅིག །ཉི་མའི་བུ་བཅུ་གཉིས། ཐ་སྐར་གྱི་བུ་གཉིས་ཏེ་སོ་གསུམ་གནས་པ་ན། སུམ་ཅུ་རྩ་གསུམ་ཞེས་པའམ། ཡང་ན། རྣམ་པར་རྒྱལ་བའི་ཁང་བཟང་གི་ཕྱོགས་རེ་རེ་ན་ལྷའི་གྲོང་ཁྱེར་བརྒྱད་བརྒྱད་ཡོད་ལ། དེ་དག་ན་ལྷའི་བློན་པོ་ཆེན་པོ་བརྒྱད་བརྒྱད་དང་། དབུས་རྒྱ་

16b

བྱིན་དང་སུམ་ཅུ་རྩ་གསུམ་གནས་པ་ན། སུམ་ཅུ་རྩ་གསུམ་པ་ཞེས་བྱའོ། །ཡང་ན། ཡིད་འཁྲུགས་ཀྱི་གནས་དང་། རྩེད་མོས་མྱོས་ཀྱི་གནས་དང་། མཉམ་འཁྲུགས་དང་། སེང་སེང་པོ་དང་། མེ་ཏོག་གི་འབྲས་ཁབས་ཅན་དང་། ལྗང་བུ་བསོས་ལ་སོགས་པ། འཛམ་བུའི་གླིང་དུ་སྒྲག་ཏུ་རུང་བའི་གནས་སུམ་ཅུ་རྩ་གསུམ་ཡོད་པ་སྟེ། དྲན་པ་ཉེར་བཞག་གི་མདོ་ལས་བཤད་པའི་གནས་གཞན་སུམ་ཅུ་རྩ་གསུམ་ཡིན་ནོ། །ཞེས་ཁ་ཅིག་ཟེར་རོ། །འཐབ་བྲལ་ནི་ལྷ་མ་ཡིན་གྱི་འཐབ་རྩོད་དང་བྲལ་བས་ན་འཐབ་བྲལ་ཞེས་བྱ་ལ། དེ་ལྟ་བུའི་འཐབ་མོ་སུམ་ཅུ་རྩ་གསུམ་མན་ཅད་ན་ཡོད་ཀྱི། དེ་ཡན་ཅད་ན་མེད་ཀྱང་འདིར་ནི་སྤྱི་མིང་བྱེ་བྲག་ལ་བཏགས་སོ། །ཡང་ན་ལྷ་མོ་རྣམས་ཀྱི་དཔུང་པའམ། འཕགས་པར་ལྷའི་བུ་དང་བུ་མོ་གཉིས་མཉམ་དུ་སྐྱེ་བས་མཚེ་བའི་གནས་ཞེས་ཀྱང་གྲགས་སོ། །དེ་ཡང་འོག་གཞི་རླུང་གི་དཀྱིལ་འཁོར་བརྟན་པ་ལ་རིན་པོ་ཆེའི་རང་བཞིན་གྱི་གཞི་ཆགས་པར་ལྷའི་གྲོང་དག་གནས་སོ། །ཞེས་གསུང་། དེའི་སྟེང་དུའང་རླུང་དང་རིན་པོ་ཆེའི་གཞི་ལ་གནས་པའི་ལྷའི་གྲོང་ཁྱེར་ཏེ། ས་བཅུའི་དབང་ཕྱུག་

17a

༄༅།        །བྱམས་པ་མགོན་པོས་ཐེག་ཆེན་གྱི་ཆོས་སྟོན་པའི་དགའ་སྟོན་ལ་ལོངས་སྤྱོད་པས་ན་དགའ་ལྡན་ཞེས་བྱ་སྟེ། ཉེར་བཞག་དང་པད་དཀར་ལས། ཐོས་པ་མང་དང་ཆོས་འཛིན་དང་། །ཤེས་རབ་ལྡན་ཞིང་ཐར་པ་བརྗོད། །ཡོན་ཏན་རྣམས་ལ་དགའ་བའི་མི། །དེ་རྣམས་དགའ་ལྡན་ཉེ་བར་འགྲོ། །ཞེས་གསུངས་སོ། །དེའི་སྟེང་དུ་འདོད་པའི་ཡུལ་རང་གིས་སྤྲུལ་པ་ལ་ལོངས་སྤྱོད་པས་འཕྲུལ་དགའོ། །གཞན་གྱི་སྤྲུལ་པ་ལ་ལོངས་སྤྱད་དུ་ཡོད་པས་ན། གཞན་འཕྲུལ་དབང་བྱེད་དོ། །འདི་དག་མན་ཆད་དུ་ནི་འདོད་པའི་བདེ་བ་ལ་ཡིད་ཆགས་པས་ན་འདོད་ཁམས་ཞེས་བྱའོ། །གཞན་ཡང་། གཉིས་གཉིས་མཁྱུད་ཅིང་ལག་བཅངས་དང་། །རྒོད་དང་བལྟས་པས་འཁྲིགས་པ་ཡིན། །ཅེས་པས་རྒྱལ་ཆེན་རིགས་བཞི་སུམ་ཅུ་རྩ་གསུམ་པ་རྣམས་མི་ལྟར་གཉིས་གཉིས་ཀྱིས་འཁྲིག་གོ། །འཐབ་བྲལ་བ་རྣམས་དཔུང་པས་མཁྱུད་པ་ཙམ། དགའ་ལྡན་པ་རྣམས་ནི་ལག་བཅངས། འཕྲུལ་དགའ་བ་རྣམས་དགོད་པ། གཞན་འཕྲུལ་དབང་བྱེད་པ་རྣམས་བལྟས་པས་ཚིམ་པའི་འདོད་པ་དང་བདེ་བས་ཀྱང་ངོ་། །འདོད་ལྷ་

17b

འདི་དག་དང་པོར་སྐྱེས་པའི་ལུས་ཚད་ནི། མཛོད་ལས། བྱིས་པ་ལོ་ལྔ་ལོན་པ་ནས། །ལོ་བཅུ་ལོན་པ་ལྟ་བུའི་བར། །དེ་དག་དུ་སྐྱེ་ཅེས་གསུངས་པ་ལྟར། རྒྱལ་ཆེན་རིགས་བཞི་པ་རྣམས་ནི་མིའི་བྱིས་པ་ལོ་ལྔ་ལོན་པ་ལྟ་བུའི་བོངས་ཚོད་དུ་སྐྱེ་ལ། དེ་བཞིན་དུ། འདོད་ལྷ་གོང་མ་རྣམས་ཀྱང་། ལོ་དྲུག་དང་། བདུན་དང་། བརྒྱད་དང་། དགུ་དང་། ལོ་བཅུ་ལོན་པ་ལྟ་བུའི་བོངས་ཚོད་དུ་སྐྱེ་བར་གསུངས་སོ། །དེའི་སྟེང་དུ་ཚངས་པའི་རིགས་སུ་གཏོགས་པས་ན་ཚངས་རིས། ཚངས་པའི་འདུན་ན་འདོན་པས། འདུན་ན་འདོན། ཚངས་ཆེན་ཏེ་བསམ་གཏན་དང་པོའོ། །དེའི་སྟེང་དུ་འོད་ཀྱི་རྒྱ་ཆུང་བས་ན་འོད་ཆུང་། འོད་ཀྱི་རྒྱ་ཆེ་བས་ཚད་མེད་འོད། འོད་ཤིན་དུ་ཆེ་བས་འོད་གསལ་ལོ། །དེ་ཡང་བསམ་གཏན་དང་པོ་ན་ཡང་འོད་ཡོད་མོད་ཀྱང་། ལུས་འོད་ཀྱི་རང་བཞིན་མིན་ལ། གཉིས་པ་ཡན་ཆད་དུ་ནི་ལུས་ནོར་བུའི་འོད་བཞིན་ཕྱི་ནང་གཉི་གར་འོད་ཀྱི་རང་བཞིན་དུ་གནས་ལ། དེ་དག་གི་དང་པོར་འདུག་པས་བསམ་གཏན་གཉིས་པ་ལ་འོད་ཀྱི་མིང་གིས་བཏགས་སོ། །དེའི་སྟེང་དུ་ནི་ཡིད་ཀྱི་ས་པའི་བདེ་བ་ཆུང་ངུ་དང་ལྡན་པས་ན་དགེ་ཆུང་། བདེ་བ་ཚད་མེད་པས་ཚད་

18a

༄༅།        །མེད་དགེ། བདེ་བས་རྒྱུད་གང་ཞིང་རྒྱས་པས་དགེ་རྒྱས་ཏེ་བསམ་གཏན་གསུམ་པའོ། །དེའི་སྟེང་དུ་འོག་གཞི་སྤྲིན་དང་འདྲ་བའི་གཞི་རྟེན་འདབ་ཆགས་སུ་མེད་པས་སྤྲིན་མེད་དོ། །ཚད་མེད་བཞི་བསྒོམས་པའི་བསོད་ནམས་འདི་བས་ལྷག་པར་ཆེར་སྐྱེས་པས་བསོད་ནམས་སྐྱེས། སོ་སྐྱེའི་གནས་གཞན་ལ་བརྟེན་པ་རྣམས་ཀྱི་ནང་ནས་འབྲས་བུ་ཆེ་བའོ། །འདི་དང་འདུ་ཤེས་མེད་པའི་ལྷ་རྣམས་ནི་གྲོང་དང་དགོན་པའི་ཚུལ་དུ་གནས་སོ་ཅེས་ཀྱང་ངོ་། །བསམ་གཏན་གྱི་སྤེལ་སྒོམ་ཆུང་ངུ་ལས་བྱུང་བ་མི་ཆེ་བ། སེམས་ལ་འགྱོད་པ་མེད་པས་མི་གདུང་བ། ཡོན་ཏན་རྒྱ་ཆེ་ཞིང་མཆོག་ཏུ་གྱུར་པས་གྱ་ནོམ་སྣང་ངོ་། །ལྟ་བའམ་མཐོང་བ་རྣམ་པར་དག་པས་ཤིན་དུ་མཐོང་། གནས་གཞན་དང་འབྲེལ་བ་གང་གིའང་འོག་ཏུ་མ་གྱུར་པས་ན་འོག་མིན་ཏེ། དེ་ལྟར་ན་བསམ་གཏན་བཞི་པ་ལ་གནས་བརྒྱད་ཡོད་པའི། གོང་མ་ལྔ་ལ་གནས་གཙང་མ་ཞེས་བྱ་ལ། དེ་དག་ནི་གཟུགས་ཀྱི་ཁམས་སྟེ། འོད་ཀྱི་རང་བཞིན་གྱི་གཟུགས་ཤིན་ཏུ་བཟང་བ་དང་ལྡན་པའི་ཕྱིར་རོ། །དེ་རྣམས་ཀྱི་རྒྱའི་ཚད་ནི་འཐབ་བྲལ་སོགས་གཞི་རབ་

18b

ཀྱི་རྩེ་མོ་དང་མཉམ་མོ་ཞེས་དང་། ཁ་ཅིག་ཉིས་འགྱུར་གྱིས་གོང་མ་ཆེའོ་ཞེས་སྨྲའོ། །བསམ་གཏན་དང་པོ་གླིང་བཞིའི་ཚད་ཙམ་གཉིས་པ་སྟོང་སྤྱི་ཕུད་ཙམ། གསུམ་པ་སྟོང་གཉིས་པའི་ཚད་ཙམ། བཞི་པ་སྟོང་གསུམ་གྱི་ཚད་ཙམ་དུ་གསུངས་སོ། །ཁ་ཅིག་གནས་འོག་མ་གསུམ་སྟོང་སྤྱི་ཕུད་སོགས་གསུམ་ཙམ་དང་། བཞི་པ་ནས་ཚད་མེད་པར་སྣང་ངོ་ཞེས་བཤད་དོ། །གཟུགས་ཁམས་ཀྱི་ལྷ་རྣམས་ནི། མཛོད་ལས། གཟུགས་ཅན་རྣམས། །ཀུན་རྫོགས་གོས་དང་བཅས་པ་ཉིད། །ཅེས་གསུངས་པས། ལུས་ཚད་རྫོགས་ནས་གོས་དང་བཅས་སྟེ་སྐྱེ་བར་བཤད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད། རྣམ་ཤེས་མཐའ་ཡས་སྐྱེ་མཆེད། ཡོད་མིན་མེད་མིན་སྐྱེ་མཆེད་རྣམས་ནི། ལམ་གྱི་གནས་སྐབས་སུ་ཏིང་ངེ་འཛིན་ཚུལ་དེ་ལྟར་བསྒོམས་པས། འབྲས་བུའི་ཚེ་དེ་ལ་བརྟེན་པའི་ཡིད་ཉེ་བར་ཞི་བ་ཐོབ་པ་རྣམས་ལ་དེ་སྐད་ཅེས་བྱའོ། །སེམས་ཀྱི་རྟེན་གཟུགས་མེད་ཀྱི་ཁམས་ཞེས་བརྗོད་ལ། འདི་ལ་གནས་གོང་འོག་དང་ཕན་ཚུན་མེད་དེ། གང་དུ་རྣམ་ཤེས་འགགས་པ་དེ་ཉིད་དུ་ཐིམ་པར་གནས་སོ། །སློབ་དཔོན་ཨ་བྷ་ཡ་ནི་དམན་པ་ལ་དགག་སྒྲ་སྦྱར་བ་ཡིན་གྱི། གཟུགས་གཏན་མེད་

19a

༄༅།        །པ་ནི་མ་ཡིན་ཏེ། མདོ་མྱང་འདས་ལས། གཟུགས་མེད་ཁམས་ཀྱི་ལྷ་རྣམས་ཀྱིས། །བཅོམ་ལྡན་འདས་ལ་མེ་ཏོག་གི་ཆར་ཕབ་ཅིང་མཆོད་དོ་ཞེས་གསུངས་སོ། །སྤྱིར་སྣོད་དང་བཅུད་ཀྱི་འཇིག་རྟེན་དེ་དག་རྟེན་ཅིང་འབྲེལ་པའི་དབང་གིས་འབྱུང་བ་ཡིན་ཏེ། བེམས་པོ་རྣམས་ནི་རང་རང་གི་ཉེར་ལེན་གྱི་རྒྱུ་སྔ་མ་ལས་ཕྱི་མ་འབྲས་བུའི་ངོ་བོ་བསྐྱེད་ལ་སྔ་མའི་ལྷན་ཅིག་བྱེད་པའི་རྐྱེན་རྣམས་ཀྱིས་འབྲས་བུའི་ཁྱད་པར་རྣམས་འཕེལ་བར་བྱེད་པ་ནི་ཕྱི་རྟེན་ཅིང་འབྲེལ་པ་ཞེས་གསུངས་སོ། །


(སརྒ་དང་པོའི་མཇུག་བསྡུ་བ།)

རྒྱལ་བའི་ཞིང་ཁམས་བཀོད་ལེགས་དང་། །ཁམས་གསུམ་པ་ཡི་འཇིག་རྟེན་ནི། །ཇི་ལྟར་ཆགས་ཤིང་གནས་པའི་ཚུལ། །རྣམ་པར་བཞག་པ་ཆ་ཙམ་ཡིན། །ཤཱཀྱའི་རྒྱལ་རབས་ཀྱེ་དགུའི་ཅོད་པན་ཉི་ཟླའི་ཕྲེང་བ་ལས། སྣོད་ཀྱི་བསྟན་བཞག་གི་སརྒ་སྟེ་དང་པོའོ། །        ། །

 

ཤེས་བྱ་ཇི་སྙེད་འདབ་བརྒྱ་

19b

རྒྱས་པའི་ཚལ། །སྙན་ངགས་མདངས་བཀྲ་བསྡེབ་སྦྱོར་ཟེ་འབྲུས་མཛེས། །ལེགས་བཤད་སྦྲང་རྩི་མཁས་མང་བུང་བའི་དཔལ། །བློ་གསལ་ཚངས་པའི་དབང་པོས་རྣམ་པར་སྤེལ། །གསུམ་པ་བྱེ་བྲག་ཏུ་བཤད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་སྟོང་ལ་སོགས་པ་བྱོན་པའི་གནས་འཛམ་བུའི་གླིང་འདི་ཉིད་གཞན་ལས་ཆེས་ཁྱད་པར་འཕགས་པ་ཡིན་ཏེ། དེའང་མེ་བདུན་ཆུ་གཅིག་ལ་སོགས་པས་གཞིགས་པར་མི་ནུས་པ་ནི། གླིང་འདི་ཉིད་ཀྱི་དབུས་ན་གསེར་གྱི་རང་བཞིན་གྱི་གཞི་ལ་བྱང་ཆུབ་སེམས་དཔའ་བཞུགས་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྐྱེད་པར་མཛད་པས། རྡོ་རྗེའི་གདན་མངོན་པར་གྲུབ་སྟེ། དེ་ནི་ཡུམ་ལམ། ཕྱོགས་གཞན་གྱིས་འགྲན་གཟོད་པར་མི་ནུས་པ་ཡོད་དེ། འཕགས་པ་ཉན་ཐོས་པ་དག་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་བཅས་པའི་རྭ་དབུས་མའི་ནང་ནས་ཡར་བྱང་ཆུབ་ཀྱི་ཤིང་སྐྱེས་པར་བཞེད། ཐེག་པ་ཆེན་པོ་པ་རྣམས་རྡོ་རྗེ་རྒྱ་གྲམ་དུ་གནས་པའི་ཕྱོགས་ཀྱི་རྭ་དབུས་མ་བཞིའི་རྩེ་མོར། ཐོག་མ་ཉིད་ནས་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་མཆོད་རྟེན་བཞིས་གཟེར་བཏབ། ལྟེ་བ་ནས་བྱང་ཆུབ་ཀྱི་ཤིང་སྐྱེས་པར་བཞེད་ཅིང་། དེའང་སངས་རྒྱས་རྣམས་

20a

༄༅།        །བྱོན་པ་ན། ཤིང་ངོ་བོ་གཅིག་ལ། རྒྱལ་བ་རྣམས་ཀྱི་བཞེད་སྨོན་ཇི་ལྟ་བར་འགྱུར་ཏེ། སངས་རྒྱས་རྣམ་གཟིགས་ཀྱི་ཚེ་ནི། པ་ཏ་ལི་ཞེས་པའི་ཤིང་དང་། གཙུག་ཏོར་ཅན་གྱི་དུས་སུ་ཤྲཱི་ཤ་ཞེས་བྱ་བ་དང་། ཐམས་ཅད་སྐྱོབ་ཀྱི་ཚེ་ཨ་ཤོ་ཏ་ཞེས་བྱ་བ་དང་། ལོག་པ་དད་སེལ་གྱི་དུས་སུ། ཨུ་དུམ་ཝ་ར་དང་། འཁོར་བ་འཇིག་གི་དུས་སུ། ཀ་པིཏྟ་དང་། གསེར་ཐུབ་གྱི་དུས་སུ་འཛམ་བུའི་ཤིང་དང་། འོད་བསྲུངས་ཀྱི་དུས་སུ་ནྱ་ཏྲོ་ཏ་དང་། ཤཱཀྱ་ཐུབ་པའི་དུས་སུ་བྱང་ཆུབ་ཀྱི་ཤིང་དང་། བྱམས་པའི་དུས་སུ་ཀླུ་ཤིང་དུ་འགྱུར་བར་བཤད་དེ། འདི་ནི་མདོ་བཞིན་དུ་བྲིས་ལ། གཞན་དུ་ནི་འདི་དག་ལས་ཅུང་ཟད་མི་འདྲ་བ(བསྟོད་ཚོགས་སུ་སངས་རྒྱས་རབས་བདུན་གྱི་བསྟོད་པ་ལས།)བཤད་དེ། འཛམ་བུའི་གླིང་འདིའི་ཤར་ལྷོའི་ས་གཞི་དང་ཕྱིའི་རྒྱ་མཚོར་ཉེ་བ་ན། དཔལ་གྱི་རི་ཞེས་བྱ་བ། གྲུབ་པ་དང་རིག་འཛིན་དུ་མས་བསྟེན་པ་ཡོད་དོ། །ལྷོ་ནུབ་ཀྱི་ཕྱོགས་སུ་པོ་ཏ་ལ་ཞེས་བྱ་བ། འཕགས་པ་འཇིག་རྟེན་དབང་ཕྱུག་བཞུགས་པའི་གནས་ཡོད་དེ། དེ་གཉིས་ཀྱི་བར་ནི་གླིང་འདིའི་ས་གཞི་ལ་བརྟེན་པའི་མཚོའི་ཆ་ཤས་ཀྱིས་བཅད་པ་ཡོད་དོ། །ནུབ་བྱང་གི་འཚམས་སུ་འཕགས་པའི་གནས་ཤམྦྷ་ལ་ཞེས་བྱ་བ། རིགས་

20b

ལྡན་གྱི་ཚོགས་གྱིས་བསྟེན་པ་ཡོད། བྱང་ཤར་གྱི་མཚམས་ན་རི་བོ་རྩེ་ལྔ་ཞེས་བྱ་བ་འཇམ་པའི་དབྱངས་ཀྱི་བཞུགས་གནས་རྣམས་ཡོད་དོ། །དེ་གཉིས་ཀྱི་བར་འཚམས་གངས་རི་ཆེན་པོའི་ཕྲེང་བས་ཀུན་ནས་བྲེལ་བའོ། །གཞན་ཡང་། བྱ་རྐང་ཅན་དང་། འབིགས་བྱེད་དང་། གངས་རི་དང་། མ་ལ་ཡ། ཙན་དན་གྱི་ཚལ་དག་གནས་སོ། །ཨུ་ཊི་ཡ་ན་དང་། ཙ་རི་ཙ་ལ་སོགས་པ། ཡུལ་ཉི་ཤུ་རྩ་བཞི་དང་བཅས་པ་མང་དུ་ཡོད་དོ། །མཛོད་ལས། འདི་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རི་བོ་དེ་ནས་ནི། །ཅེས་པ་གླིང་འདིའི་འཛམ་བུའི་གླིང་འདི་ཉིད་ན་རི་ནག་པོ་གསུམ་ཡོད་དོ། །ཡང་གསུམ། ཡང་གསུམ་སྟེ། དགུ་འདས་པ་ན། གངས་རི་ཡོད་དོ། །མཛོད་ལས། སྤོས་ངད་ལྡན་པའི་ཚུ་རོལ་ན། །མཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། །ཅེས་པས། གངས་རི་དེའི་ཕ་རོལ། སྤོས་ངད་ལྡན་པའི་ཚུ་རོལ་ན། །མ་དྲོས་པའི་མཚོ་ཞེས་བྱ་བ། ཆུ་བོ་གངྒཱ། སིནྡུ། སི་ཏ། པཀྵུ་སྟེ། ཆུ་བོ་བཞི་འབབ་པ་ཡོད་དོ། །མཚོ་དེའི་ཞེང་དང་མཆུར་ཡང་དཔག་ཚད་ལྔ་བཅུ་ལྔ་བཅུ་སྟེ། ཡན་ལག་བརྒྱད་དང་ལྡན་

21a

༄༅།        །པའི་ཆུས་གང་བ། དེའི་ནང་དུ་འབྲས་བུ་དངར་པོ་ཡོད་པའི་ཤིང་ལྗོན་པ། འཛམ་བུ་བྷྲིཀྵ་ཞེས་མངོན་པར་གྲུབ་སྟེ། དེའི་ཕྱིར་ན་གླིང་འདི་ལ་འཛམ་བུའི་གླིང་ཞེས་བྱའོ། །གཞན་ཡང་གླིང་འདི་ན་གྲོང་ཁྱེར་ཆེན་པོ་བཅུ་དྲུག་ཡོད་དེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཐོ་དཀར་དང་། རྒྱ་ཡུལ་དང་། གྱད་ཀྱི་ཡུལ་དང་། ཧི་མ་དང་། ཕུ་ནན་ཏི་དང་། ཀཾ་པོ་ཛི་དང་། སྦལ་ཁ་དང་། གནམ་གདོང་དང་། ཧུ་ན་དང་། ཕྱི་ཕྱོགས་གདོང་དང་། དགུས་ཏེ་འགྲོ་དང་། གཤོག་ཐོགས་དང་། གཅེར་བུ་དང་། སྣས་རྣ་དང་། རྡོ་འཇོག་དང་། གློ་བཀྲ་སྟེའོ་ཅེས་གསུངས་སོ། །དབུས་ཀྱི་ཆར་ནི། གྲོང་ཁྱེར་ཆེན་པོ་དྲུག་གིས་ཀྱང་བརྒྱན་སྟེ། མཉམ་ཀོ་དང་། ཙམ་པ་ཀ་དང་། མཉན་ཡོད་དང་། སེར་སྐྱ་དང་། རྒྱལ་པོའི་ཁབ་དང་། ཝ་ར་ན་སེའོ། །དེ་ལྟར་ཁྱད་པར་དུ་མས་ཁྱད་པར་དུ་བྱས་པའི་གླིང་ཏེ། རྒྱ་མཚོས་བཅད་ཅིང་སྐེམས་སར་གནས་ན་གླིང་ངོ་། །ཡང་ཆོས་ཀྱི་འཁོར་ལོ་གསུངས་པའི་གྲོང་ཁྱེར་དྲུག་ཏེ། མཉན་ཡོད་གནས་བཅས་ཙམ་པ་ཀ། ཝ་ར་ན་སེ་ཡངས་པ་ཅན། །རྒྱལ་པོའི་ཁབ་ཏེ་དྲུག་པ་ཡིན། །འདི་རྣམས་གྲོང་ཁྱེར་ཆེན་པོ་ཡིན། །ཞེས་ཀྱང་

21b

གསུངས་སོ། །