ཉི་མའི་རིགས་ཀྱི་རྒྱལ་རབས།
དེ་དག་ལ་དབང་མཛད་པའི་རྒྱལ་པོ་རྣམས་ཀྱི་འཁྲུངས་རབས།
上一章
下一章

(དེ་དག་ལ་དབང་མཛད་པའི་རྒྱལ་པོ་རྣམས་ཀྱི་འཁྲུངས་རབས།)

གཉིས་པ་རྒྱལ་སྲིད་ལ་དབང་མཛད་པའི་རྒྱལ་པོ་རྣམས་ཀྱི་འཁྲུངས་རབས་ནི། ཁ་བ་ཅན་འདིའི་རྒྱལ་པོ་ལ་སྔ་བ་ནི། གཉའ་ཁྲི་བཙན་པོ་ཡིན་ཏེ། འདི་བོད་དུ་ཇི་ལྟར་བྱོན་པའི་ཚུལ་ལ། སྔོན་རབས་ཀྱི་ཡིག་ཚང་སོ་སོ་ལས་འབྱུང་བ་འགའ་ཞིག་སྣང་ཏེ། ལ་ལར་ནི་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཆུང་བ་སྟོབས་ཆུང་ཡིན་ལ།

76a

༄༅།        །ལ། དེའི་སྲས་ལྔ་ཚིགས་པ་ཡིན་ཟེར། ཁ་ཅིག་ནི། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་སྲས་ལྔ་ཡོད་པའི་བར་པ་སམ་བུད་ཤྲཱི་ཞེས་པ་མཚན་ལྡན་གཅིག་བྱུང་ནས། མཚན་མཁན་ལ་བསྟན་པས། དེ་དག་ན་རེ། འདི་ཤིན་དུ་བསོད་ནམས་ཆེ་བས་ཡབ་མ་འདས་གོང་དུ་རྒྱལ་སྲིད་འཛིན་པར་འགྱུར་ཞེས་ལུང་བསྟན་པ་དང་། ཡབ་ཀྱི་དགོངས་པ་ལ། ང་བསད་པའམ། འོན་ཏེ་སྤུན་ཟླ་བསད་ནས་ཁོས་རྒྱལ་སྲིད་བྱེད་དུ་དོགས་ནས་རྩིར་བཅུག་པས། བྲམ་ཟེ་དག་ན་རེ། རྒྱལ་བུ་ཁ་བ་ཅན་དུ་བསྐྱལ་ན་སེམས་ཅན་ལ་ཕན་པར་འགྱུར། ཞེས་ལུང་བསྟན་པ་ན། མི་བཞིའི་གཉའ་བ་ལ་ཁུར་ཏེ། དབུས་ཀྱི་ལྷ་རི་གྱེང་མཐོའི་ཁ་ལ་བཞག་ཅེའོ། །བུ་སྟོན་ཆོས་འབྱུང་ལས། བད་ས་ལའི་རྒྱལ་པོ་འཆར་བྱེད་ཀྱི་བུ་མིག་མས་འགྱེབས་པ། སེར་མོ་དྲ་བས་འབྲེལ་བའི་མཚན་ལྡན་ཞིག་བྱུང་པས་སྐྲག་ནས་ཟངས་ཁ་སྦྱར་དུ་བཅུག་ཏེ། གང་ག་བསྐུར་བ་ཞིང་པས་རྙེད་དེ་བསོས་པ་ཆེར་སྐྱེས་པ་ན། སྔར་གྱི་གཏམ་བཤད་པས་ཡིད་སྐྱོ་ནས་གངས་རིའི་ཕྲག་ཏུ་བྲོས་པ་ན། བོད་ཀྱི་རྔོན་པ་དག་གིས་གཉའ་

76b

བ་ལ་ཁྲི་བྱས་ནས་སྤྱན་དྲངས་སོ་ཞེས་དང་། ཡང་ཇོ་བོ་ཆེན་པོ་རྗེས་བསྔགས་ཤིང་ཚད་མར་མཛད་དོ་ཞེས། ཞེས་པའི་རྒྱལ་རབས་ཀ་ཀོལ་མ་ལས་ཤཱཀྱ་ཆེན་པོ། ཤཱཀྱ་ལི་ཙ་བྱི། ཤཱཀྱ་རི་བྲག་པ་དང་གསུམ་ཡོད་པ་ལས་གཉའ་ཁྲི་བཙན་པོ་ཤཱཀྱ་རི་བྲག་པའི་རྒྱུད་ཡིན་ནོ་ཞེས་གསུངས་སོ། །ཡང་འཇམ་དཔལ་རྩ་རྒྱུད་ལས། ལྷ་བླ་མ་ཡེ་ཤེས་འོད་ལུང་བསྟན་པའི་སྐབས་ན། ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་ལྷ་ཡི་བླ་མ་ཞེས། །ལི་ཙ་བྱི་རྣམས་རིགས་སུ་བྱུང་། །དེ་ཡང་སྔགས་ཀྱི་དོན་སྒྲུབ་ཏེ། །ལོངས་སྤྱོད་ཆེ་དང་ལྡན་པར་འགྱུར། །རིག་པ་ལོངས་སྤྱོད་ལྡན་ཞེས་བྱ། །མི་ཡི་བདག་པོས་དེ་ཡང་གྲུབ། །ལོ་ནི་བརྒྱ་བཅུར་རྒྱལ་སྲིད་བྱེད། །ཅེས་གསུངས་པས་ཤཱཀྱ་ལི་ཙ་བྱིའི་རྒྱུད་ཡིན་ཟེར་མོད། འགྱུར་ཁ་ཅིག་ཏུ་ཤཱཀྱ་ཆེན་པོའི་རིགས་ལས་བྱུང་། །ཞེས་གསུངས་སོ། །ལྷ་ལྡན་གྱི་ཡུལ་ནི། ཟ་མ་ཏོག་བཀོད་པར། སྤྱན་རས་གཟིགས་ཀྱི་ཞིང་ཁམས་ལ་བཤད། རིག་པ་ལོངས་སྤྱོད་ལྡན་པ་དེས་གྲུབ་ཞེས་པ་ནི། གནོད་སྦྱིན་གྲུབ་པ་ལ་བཤད་དོ། །ཡང་

77a

༄༅།        །ཁ་ཅིག་ཀོའུ་ཤམ་བྷིར་དོན་གྲུབ་དང་མཉམ་དུ་སྐྱེས་པ་ཤར་བྷིའི་བུ། སྐྱབས་སེང་དང་། དམག་བརྒྱ་པའོ། །དེའི་སྲས་གཉའ་ཁྲི་བཙན་པོའི་གསུང་། མཁས་པ་ཆེན་པོ་ཁ་ཆེ་ནི། །རྒྱལ་པོ་ཤིང་རྟ་བཅུ་པའོ། །དེ་ལ་སྲས་གསུམ་འཁྲུངས་པ་ཡི། །ཆེ་བ་ཤཱཀྱ་ཆེན་པོའོ། །བར་པ་ཤཱཀྱ་ལི་བྱི། །ཆུང་པ་ཤཱཀྱ་རི་བྲགས་པའོ། །བར་པ་ལི་ཙ་བྱིའི་རྒྱུད་ཅིག་བཅོམ་ལྡན་འདས་ཀྱི་དྲུང་དུ་ཁོད་ཅིང་དུས་དེར་ཤཱཀྱའི་རིགས་དུ་མ་རབ་ཏུ་བྱུང་བའི་ཚེ། ལི་ཙ་བྱི་གཞོན་ནུ་ལ་བཀའ་སྩལ་པ། ལི་ཙ་བྱི་ནི(ལུང་འདི་ཡེ་ཤེས་རྒྱས་པའི་མདོ་ལས་འབྱུང་ཞེས་གསུང་མོད་མ་རྙེད་དོ། །)ལྟར་ཕྱིན་ཏེ། །རི་བྲགས་བརྗེ་བོར་རིང་ཞིག་གནས་བྱས་ནས། །བོད་ཀྱི་རྒྱལ་པོར་གྱུར་ནས་ཁྱོད་རིགས་ཀྱིས། །ཁ་བ་ཅན་དུ་ངའི་ཆོས་འཛིན་འགྱུར། །ཅེས་གསུངས་ལ། རྩ་རྒྱུད་དུ། ལྷ་བླ་མ་ལི་ཙ་བྱིའི་རིགས་སུ་བཤད་པ་དང་མཐུན་པས་འདི་ཁ་ཟིན་ཆེའམ་སྙམ་ཏེ། གཉའ་ཁྲི་གཙན་པོར་ནི་ཐམས་ཅད་ཀྱང་མཐུན་ནོ་ཞེས་གསུངས། །        ། །ཡང་མེས་སེང་གེ་འགྲམ་གྱི་སྲས་མཐའ(འདི་སྔར་གྱི་ཡིག་ཚང་རྙིང་པ། ཆོས་རྒྱལ་གོང་མ་སོ་སོའི་ཆོས་རྒྱལ་མནན་པ་ལས་བྱུང་པས། འདི་ཁོ་ན་ཚད་མར་བཟུང་ཤིང་། གཙོ་བོར་བྱའོ། །)ལྟག་མ་གྲེ་བོ་ཟས། དེའི་སྲས་ཤཱཀྱ་མིང་ཆེན། དེས་རྒྱལ་

77b

སྲིད་ལ་དབང་བྱེད་པའི་ཚེ། ཁྲུངས་པ་ནི། སྲས་ཤཱཀྱ་རྒྱལ་བ། དེའི་སྲས་ཤཱཀྱ་བཟང་རྒྱལ། དེའི་སྲས་ཤཱཀྱ་སང་ག་ཤྲཱི་ཞེས་བྱ་བ་མཚན་བཟང་པོ་དང་ལྡན་པ་ཞིག་བྱུང་ངོ་། །སྔར་རྒྱལ་པོ་ཟས་གཙང་གིས་ཤཱཀྱ་བཟང་ལྡན་དང་། མ་འགགས་པ་དང་། ལྷ་སྦྱིན་ལ་སོགས་པ་ལྔ་བརྒྱ། བཅོམ་ལྡན་འདས་ལ་ཕུལ་ནས་རབ་ཏུ་བྱུང་པའི་དུས་སུ། ལྷ་སྦྱིན་གྱི་བསམ་པ་ལ། ལན་ཅིག་རབ་ཏུ་བྱུང་ལ། ཕྱིས་ལྷར་ལོག་ལ་རྒྱལ་སྲིད་བྱའོ་སྙམ་དུ་སེམས་པ་དང་། དེ་བཀག་པའི་ཕྱིར། བསྟོན་པས་ད་ཕྱིན་ཆད་ཤཱཀྱའི་རིགས་ཀྱིས། སེར་སྐྱའི་རྒྱལ་སྲིད་ལ་དབང་བྱར་མེད་ཅེས་བཀའ་བསྩལ་ཞིང་བྱིན་གྱིས་བརླབས་པས། ཤཱཀྱ་བཟང་རྒྱལ་གྱིས། རང་གི་སྲས་ཤཱཀྱ་སང་ག་ཤྲཱི་བོད་ཀྱི་རྒྱལ་པོར་བཏང་ཏེ། རྐང་འགྱོགས་པ་བཞིས་ཁུར་ནས། བོད་ཀྱི་ལྷ་རི་གྱེང་མཐོའི་རྩེར་སྐྱལ་ཞིང་རིམས་ཀྱིས། བཙན་ཁང་སྒོ་བཞི་ལ་དབང་བྱས། རི་བྲགས་ཀྱི་འགྲོ་བ་མང་པོའི་རྗེར་གསོལ་ཏེ་ཡུན་རིང་དུ་བཞུགས་སོ། །