ཉི་མའི་རིགས་ཀྱི་རྒྱལ་རབས།
ས་ཡི་ལེགས་དྲུག
上一章
下一章

(ས་ཡི་ལེགས་དྲུག)

ལོ་ངམ་གྱིས་འབངས་རྣམས་ཤིབ་ཏུ་གནེར་བས་ཐམས་ཅད་ཀྱིས་གྲོས་བྱས་ནས། སྲས་གསུམ་གྱི་ཆུང་བ། བྱ་ཁྲི་སྤྱན་དྲངས་རྒྱལ་པོར་ཁུར། སྤུ་དེ་གུང་རྒྱལ་དུ་མཚན་གསོལ་

83a

༄༅།        །ལོ། །གཅེན་གཉིས་པོ་ཡང་རྐོང་པོ་དང་ཉང་གི་རྗེ་བྱས་སོ། །བློན་པོ་དབུས་ཀྱི་བུ་དར་ལ་སྐྱེས་དང་གཉིས་ཀྱིས་དམག་བཤམས་ཏེ། ཡབ་ཀྱི་མི་ཤ་ལ་ལོ་ངམས་བསད། རྒྱལ་ས་བཟུང་། མངའ་རིས་ཐམས་ཅད་དབང་དུ་བསྡུས་སོ། །རྒྱལ་པོ་འདིའི་རིང་ལ། གསེར་བྱེད་པ་དངུལ་བཞུ་བ་དང་། ཟམ་པ་འཛུགས་པ་ལ་སོགས་པའི་ལས་སྟབས་མང་དུ་མཛད། བྱ་ཁྲིའི་སྲས། ཨ་ཤོ་ལེགས། དེའི་སྲས་ལི་ཤོ་ལེགས་དེས་ཕྱི་ང་སྟག་རྩེར་རྒྱལ་ས་ཆེར་བཏབ། རྫོང་ས་བཙན་པས་ཡུན་རིང་པོར་སྡད་དོ། །དེའི་སྲས་དེ་ཤོ་ལེགས། དེའི་སྲས་གུ་རུ་ལེགས། དེའི་སྲས་འབྲོམ་རྗེ་ལེགས། དེའི་སྲས་ཐོ་ཤོ་ལེགས་ཏེ། དེ་དག་ལ་སའི་ལེགས་དྲུག་ཞེས་བྱ་ལ། ལེགས་དྲུག་བང་སོ་ཕྱི་ང་རི་བོའི་འདབ་ལ་བཏབ་ཅེས་པས། འཐོབ་སྐལ་གྱི་ལོངས་སྤྱོད་ཐམས་ཅད་དེར་སྐྱེལ་བར་བྱེད་དོ། །