ཉི་མའི་རིགས་ཀྱི་རྒྱལ་རབས།
ཆུ་ལ་ལྡེ་བརྒྱད།
上一章
(ཆུ་ལ་ལྡེ་བརྒྱད།)
དེའི་སྲས་རྒྱལ་ཟིན་ནམ་ཟིན་ལྡེ། དེའི་སྲས་ལྡེ་འཐུལ་ནམ། དེའི་སྲས་གཅམ་གཟུང་བཙན་ལྡེ། དེའི་སྲས་སེ་བསྣོལ་ལམ་ལྡེ། དེའི་སྲས་ལྡེ་ལམ། དེའི་སྲས་ལྡེ་བསྣོལ་པོ། དེའི་སྲས་སེ་བསྣོལ་སེ་ལྡེ། དེའི་སྲས་སྤྲིན་བཙན་ལྡེ་སྟེ། འདི་རྣམས་ལ་ཆུའི་ལྡེ་བརྒྱད་ཟེར་ཞིང་། ལྡེ་བརྒྱད་བང་སོ་ཆུ་ལ་བཏབ་ཅེས་པ་གང་ཐོབ་ཀྱི་དངོས་པོ་ཆུ་བོའི་གཞུང་ལ་འདེབས་པ་ཡོད་དོ། །འདི་ཡན་ཆོད་བཙུན་མོ་ནི་ལྷ་མོ་དང་
83b
ཀླུ་མོ་ཁབ་ཏུ་བཞེས་པ་ཡིན་ནོ་ཞེས་ཟེར་བ་འདུག་གོ། །