ཉི་མའི་རིགས་ཀྱི་རྒྱལ་རབས།
ཚིགས་ལ་བཙན་བཞི།
上一章
(ཚིགས་ལ་བཙན་བཞི།)
དེ་མན་ཆད་འབངས་དང་གཉེན་བསྲེས་ཏེ། སྲིན་བཙན་ལྡེའི་སྲས། ཐོ་རེ་ལོང་བཙན་གྱིས། ཟ་གྲི་རྒྱལ་ན་བུ་ཁབ་ཏུ་བཞེས་པའི་སྲས། ཁྲི་བཙན་གནམ་རྗེ། དེས་སྨན་ཟ་ཀླུ་རྒྱལ་དབང་བཞེས་པའི་སྲས། ཁྲི་དགྲ་དཔུང་བཙན། དེས་སྨན་ཟ་ཀླུ་རྒྱལ་བཞེས་པའི་སྲས། ཁྲི་ཐོག་རྗེ་ཐོག་བཙན་ཏེ། བཙན་བཞིའོ། །(བཙན་ལྔ་ཞེས་པའང་འབྱུང་།)འདི་དག་གི་བང་སོ་ས་ཕུང་སྦྲ་འདྲ་བ་མཆོང་པོ་མདོའི་མདའ་ན་ཡོད་དོ། །དེ་ཡན་ཆད་མི་རྗེ་མིས་མཛད་ནས་གདུང་རབས་ཉི་ཤུ་རྩ་དྲུག་སོང་ངོ་། །