ཉི་མའི་རིགས་ཀྱི་རྒྱལ་རབས།
མེས་ཨག་ཚོམ།
上一章
下一章

(མེས་ཨག་ཚོམ།)

དུས་སྲོང་གི་སྲས་གཙུག་བརྟན་ཡིན་ཏེ། ཁྲི་ལྡེ་གཙུག་བརྟན་ལྕགས་འབྲུག་དཔྱིད་ཀྱི་དུས། །ཕོ་བྲང་ལྡན་མཁར་འཁྲུངས་ཏེ་ལོ་གཞུག་ལ། །ཡབ་འདས་གཅིག་ཆར་སྲིད་བཟུང་རྒུང་ལོ་ནི། །དྲུག་བཅུ་རྩ་གསུམ་བཞེས་ནས་ཆུ་རྟ་ལ། །ཡར་འབྲོག་སྣ་ཚལ་ཞེས་བྱར་འདས་སོ་ཟེར། །ཅེས་པ་དུས་སྲོང་གིས། འཆིམས་ཟ་འཚམ་མ་ཏོག་བཙུན་མོར་བཞེས་པའི་སྲས། ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཏེ། བལྟམ་མ་ཁད་ཀྱི་ལོ་ལ་ཡབ་འདས། དེ་ཉིད་དུ་རྒྱལ་སྲིད་ལ་མངའ་གསོལ་ཏེ། སྐུ་ནར་སོན་པ་དང་། སྔར་མེས་སྲོང་བཙན་གྱིས། གདུང་རབས་ལྔ་ནས་ལྡེ་ཞེས་བྱ་བའི་རྒྱལ་པོ་འབྱུང་ཞེས་པའི་ལུང་བསྟན་པ་ཁོང་རང་ཡིན་སྙམ་ནས་ལྷ་ས་ཁ་བྲག །འཆིང་བུ་རྣམ་རྒྱལ། དལ་བུ་མཁར་ལྟག །མདོ་སྨད་དུ་ལིང་ཆུ་ཁྲི་རྩེ། བྲག་དམར་དུ་རྒ་ཆུ་ཤར་སྒོ། ཕང་ཐང་ཀ་མེད། ཀ་ཆུ་ཕན་ཆུང་། བྲག་དམར་མགྲིན་བཟང་ལ་སོགས་པའི་གཙུག་ལག་ཁང་དུ་མ་བཞེངས། བྲན་ཀ་མ་ལ་ཀོ་ཥ། སྙེགས་ཛྙཱ་ན་ཀུ་མ་རས་ལོ་ཙྪ་བྱས་ཏེ། མདོ་སྡེ་གསེར་

99b

འོད་དམ་པ། ལས་བརྒྱ་པ་དང་གཉིས་བསྒྱུར། གཞན་ཡང་མདོ་མང་དུ་བསྒྱུར་ཞིང་ཆོས་སྲོལ་ཆེན་པོ་བཙུགས་སོ། །རྒུང་ལོ་དྲུག་བཅུ་རེ་གསུམ་པ། ཆུ་ཕོ་རྟ་ལ་ཡར་འབྲོག་སྦ་ཚལ་དུ་སྐུ་གཤེགས་ཤིང་། དེའི་བང་སོ་འཕྲུལ་རི་གཙུག་ལག་གནམ་གྱི་རི་ལ་ཡོད་དོ། །