ཉི་མའི་རིགས་ཀྱི་རྒྱལ་རབས།
འོད་བསྲུངས་དང་ཡུམ་བརྟན།
上一章
下一章

(འོད་བསྲུངས་དང་ཡུམ་བརྟན།)

དེའི་སྲས་འོད་བསྲུངས་ཡིན་ཏེ། འོད་བསྲུངས་

121a

༄༅།        །ཡུམ་བརྟན་དག་ནི་སྤུན་དུ་གྲགས། །འོད་བསྲུང་ཆུ་མོ་ཕག་ལ་ཡུམ་བུར་བལྟམས། །དེ་མ་ཐག་ཏུ་སྲིད་བཟུང་སོ་གསུམ་ནས། །ཤིང་མོ་ལུག་ལ་ཡར་ལུང་འཕང་མདར་འདས། །ཡུམ་བརྟན་སུམ་བཅུ་དྲུག་ལ་འདས་ཞེས་ཟེར། །དེ་གཉིས་རིང་ལ་དུས་ངན་མགོ་ཚུགས་ཏེ། །ཕྱི་ཡི་སོ་ཁ་ཤོར་ནས་ནང་དུ་འཁྲུགས། །ཕ་སྤད་གསུམ་ལ་དེ་ལས་ཕལ་པ་མེད། །གླང་དར་མའི་བཙུན་མོ་ཚེ་སྤོང་ཟ་རྒྱལ་མོ་ལ་ལྟོ་བོར་གྱི་སྲས་གཅིག་ཡོད་པ་ལ། རྒྱལ་པོ་གྲོངས་ནས་ཟླ་བ་བཞི་ནས་ཆུ་མོ་ཕག་ལ་ཡུམ་བུར་འཁྲུངས་ཏེ། ཆེན་མས་གསད་པའམ། འཕྲོགས་ཀྱི་དོགས་ནས་ཉིན་མོ་ཉི་མའི་འོད་དང་། མཚན་མོ་མར་མེའི་འོད་ལ་རྒྱུན་ལྡན་དུ་བསྲུངས་པས། འོད་བསྲུངས་ཞེས་བྱ་བར་གྲགས། གླང་དར་མའི་བཙུན་མོ་ཆེ་བ་ཡང་སྦྲུམ་པའི་ཚུལ་དུ་བྱས། ངའི་ལྟོ་ནའང་སྲས་གཅིག་ཡོད་ཅེས་བསྒྲགས་པ་ན། བསྟན་པ་རྒྱལ་གཟིགས་དང་འབྲོམ་ཟ་རྒྱལ་གྱི་བུ། བུ་མོ་གཉིས་འདུས་པའི་བུ་བདུན་ཙམ་གྱི་ཆུང་ཤོས། སེའུ་ཙོག་གེ་བ་གཅིག་ལག་ཏུ་བླངས་ཤིང་མཆན་

121b

དུ་བཅུག་སྟེ། ང་ལ་ཡང་བུ་གཅིག་སྐྱེས་ཡོད་ཅེས་པས། བློན་པོ་དག་གིས་བརྟག་པ་ན། མདང་སྐྱེས་པའི་བུ་ཆུང་ལ་སོ་དི་རིང་སྐྱེ་བ་མི་སྲིད་དོ། །འོན་ཀྱང་ཡུམ་གྱི་བཀའ་བརྟན་དུ་ཆུག་བྱས་ཀྱང་། དང་པོ་སྐྱེས་པའི་མགོ་ནས་བསྙོན་རྟོལ་བྱུང་བས་ཡུམ་བརྟན་མགོ་བསྙོན་ཞེས་བྱའོ། །དེའི་ཚེ་བོད་ཀྱི་རྒྱལ་ས་ཟླ་བ་བཞི་སྟོངས་སོ། །དེ་ནས་འོད་བསྲུངས་རྒྱལ་སར་བསྐོས་ནས། བཙུན་མོ་ཆེན་ཆུན་གཉིས་ཀྱི་འཁྲུག་པ་བྱས་པས་མངའ་རིས་གཉིས་སུ་གྱུར་ཏོ། །འོད་བསྲུངས་དང་ཡུམ་བརྟན་ཡང་འཁྲུགས། ཡུམ་བརྟན་གྱི་ཞང་པོ་འབའ་ཁ་བཞེར་ལྡོང་ལེགས་ཀྱིས་ཡུམ་བརྟན་གྱི་ཁ་འཛིན་བྱས་ནས་དབུས་རུ་བཟུང་། སྦུར་ཡོར་ཀྱི་འཁྲུགས་པ་བྱས་པས་ཡུམ་བརྟན་རྒྱལ། འོད་བསྲུངས་གཙང་དུ་གཏོན་ཞིང་། གཙང་བཟུང་དེའི་ཚེ་ཞང་ཉ་བཟང་གིས་ལྷ་སྲས་འོད་བསྲུངས་དང་ཡུམ་བརྟན་མཆེད་འཁྲུགས་པའི་དུས་སུ། འོད་བསྲུངས་ཀྱི་ཞབས་ཏོག་ཏུ་སྔོ་ཐོག་པའི་དཔའ་བྱས་མཇུག་ཏུ་ཕོ་བྲང་གཡུང་དྲུང་ལྷ་རྩེ་ཕྱག་ཏུ་ཕུལ། བུ་མོ་ཅོག་གྲུ་ཟ་རྒྱལ་མོ་ལེགས་བཙུན་མོར་ཕུལ་ཏེ་བཞེས་སོ། །འོད་བསྲུངས་ཉིད་ཀྱིས་ལྷ་ལུང་དཔལ་གྱི་རྡོ་རྗེ་ལས་

122a

༄༅།        །སྨན་ལྷའི་མཆོད་ཆོག་ཞུས་མཆོད་བསྟོད་མཛད་པའི་བྱིན་བརླབས་ཀྱིས་རྒྱལ་སྲིད་ཀྱང་ཟིན། མེས་གོང་མ་རྣམས་ཀྱི་བཀའ་སྲོལ་ལྟར་ཆོས་བཞིན་དུ་བསྐྱངས་སོ། །རྗེ་གནམ་ལྡེ་འོད་བསྲུངས་ཀྱི་སྐུ་ཚེའི་སྨད་ལ་མདོ་དབུས་གཙང་གསུམ་ལ་མངའ་མཛད་དེ་རྒུང་ལོ་སུམ་བཅུ་རྩ་གསུམ་པ་ཤིང་མོ་ལུག་ལ་ཡར་ལུངས་འཕང་མདར་གཤེགས་པའི་བང་སོ་ལྷ་རི་ལྡེམ་བུའི་མདུན་ན་རྡོའི་ཕུང་པོ་གཅིག་ཡོད་དོ། །