ཉི་མའི་རིགས་ཀྱི་རྒྱལ་རབས།
སྟོད་ཀྱི་མགོན་གསུམ།
上一章
下一章
130b

(སྟོད་ཀྱི་མགོན་གསུམ།)

སྐྱིད་ལྡེ་ཉི་མ་མགོན་ལ་དགེ་ཞེར་བཀྲ་ཤིས་བཙན་གྱི་བུ་མོ་འབྲོ་ཚ་འཁོར་སྐྱོང་ཕུལ་ནས། ཁབ་ཏུ་བཞེས་པ་ལ་སྲས་སྟོད་ཀྱི་མགོན་གསུམ་འཁྲུངས་ཏེ། སྲས་ཆེ་བ་ལ་དཔལ་གྱི་མགོན་དང་། བར་པ་བཀྲ་ཤིས་མགོན་དང་། སྲས་ཆུང་བ་ཅུང་ལྡེ་གཙུག་མགོན་དང་གསུམ་ཡིན་ནོ། །ཡབ་ཀྱིས་སྲས་གསུམ་ལ། མངའ་རིས་ཀྱང་སོ་སོར་གནང་སྟེ། གཅེན་དཔལ་གྱི་མགོན་ལ། མངའ་རིས་མར་ཡུལ་རླུང་། འབངས་ཞྭ་ནག་ཅན། འབོད་ལོག་རྩེ་ལ་དགས་ཀྱིས་ཡན་ཆད། བླའི་འབྲོག །རུ་ཤོད་ལྐགས་ཆུ་རླུངས། ཆུ་ཤོད། གཡུལ་སྙན་གཡུ་ཟླ་ཚེས། གཡུ་དཀར། གཡུ་དམར། ཁྲབ་སྐུ་ཁྲབ་ཟིལ་ཆེན། དབུ་རྨོག་འོད་དཀར་གསལ་བ། ཕྱག་སྤྱན་འདབ་ཆོད། ཆིབས་སྒོ་འཛོང་། དེ་ལ་སོགས་པའི་བཀོར་ནོར་བསམ་གྱིས་མི་ཁྱབ་པ་གནང་བ་ཡིན་ནོ། །གཅུང་ལྡེ་གཙུག་མགོན་ལ་མངའ་རིས། ཀེ་ཀོ་གཙང་པོ་ཡན་ཆད། མངའ་ཞབས་སྤེན་རྩེ་གོང་ཡན་ཆོད། ཡུལ་གར་ཞྭ་ཟང་མཁར། འབངས་དོལ་མངས། སྙན་གཡུ་

131a

༄༅།        །ལྡེམ་ཐོངས། ཁྲབ་མུན་ཆེན་གསལ་བ། རྨོག་ཏེར་ཟླུམ་དཀར་ཆེན། ཆིབས་འོད་འཕྲོ་བྱ་ཕུར། ཕྱག་སྤྱན་འབྲོང་རྩེ་གུག །བླའི་འབྲོག །ངོ་ཕུག་རྩེ་བའི་རླུངས། དེ་ལ་སོགས་པའི་མཚན་ཆེ་བ་དང་། དམག་ཡུལ་གཞིས་མང་པོ་གནང་ངོ་། །ཕྱིས་གཅེན་དང་གཅུང་གཉིས་ཐུགས་མ་འཆམ་པར་འཁྲུགས་པ་ལ། བར་པ་བཀྲ་ཤིས་མགོན་གྱིས་བསྡུམས་མཛད་ནས། མདའ་ཕན་ཚུན་བརྗེས། གཅེན་ལ་གར་ཞྭ་དང་ཟངས་སྐར་ཕུལ། ཅུང་ལ་མར་ཡུལ་ཕུལ་ལོ། ཕྱིས་དཔལ་གྱི་མགོན་དགུང་དུ་གཤེགས་ནས། རྒྱལ་དུར་ཡང་ན་གོ་ན་ཡོད་དོ། །བར་པ་བཀྲ་ཤིས་མགོན་ནི། ལག་པའི་སོར་གྱི་གུང་མོ་དང་འདྲ་སྟེ། དབུས་ཐོ་བར་འཁྲུངས། དུང་དཀར་པོ་གཡས་སུ་འཁྱིལ་བ་དང་འདྲ་སྟེ། མཁྱེན་པ་དཀྱིལ་ནས་རྒྱས་ཅིང་། ཆེ་བར་ཁྲུངས། རྒྱལ་བློན་ཀུན་པས་ཀྱང་དགོངས་པ་ཐོ་ཞིང་། ཕོ་ཆེ་ཆེ་ལ་བཀའ་དྲང་། སྤྱོད་པ་བཟང་ལ་སྙིང་རྗེ་དང་ཐུགས་བྱས་པས། མངའ་རིས་ཐ་ནས་དར། དཀོན་མཆོག་ལ་གུས་ཅིང་བསྟན་པ་ལ་དད་པས། ཡབ་མེས་

131b

གོང་མ་ཆེན་པོ་རྣམས་ཀྱི་བཀའ་བསྲོལ་སྐྱོང་པས། གཡུ་སྦྲའི་ལྷ་ཁང་བཞེངས། དབུས་སུ་རྗེ་བཙུན་བྱམས་པ་དགུང་ལོ་བརྒྱད་པའི་སྐུ་ཚད་སྨན་སྤོས་ལས་བཞེངས། གླིང་ཕྲན་སོ་སོར་ཡང་སངས་རྒྱས་ཀྱི་སྐུ་དུ་མ་དང་བཅས་པ་ལོགས་བྲིས། མཆོད་རྫས་མང་པོ་བཙུགས་སོ། །མངའ་རིས་ལ། ཤར་གཡས་རུ་གཙང་པོ་ཡན་ཆོད། ནུབ་ཀེ་ཀེ་གཙང་པོ་མན་ཆོད། ཡུལ་གུ་གེ་དང་པུ་ཧྲངས་སྐུ་མཁར་ཉི་ཟུངས། འབྲོག་མཚོ་མོ་རྒྱུད་གསུམ། གྱ་དང་ཉི་མ་བར་ཀ་དང་། བོང་ལངས། རོང་བུད་སུ་སྦྲུལ་ནག་ཐུར་ལ་རྒྱུག་པ་ཡན་ཆོད། གཡའ་རིས་བསྐོར་བ། སྙན་གཡུ་ཆིད་ཆེན་དང་། ཆིད་ཆུང་། ཕྱག་སྤྱན་འབྲོང་རྩེ་རིངས། སྐུ་ཁྲབ་འབུ་ཡེ། ཟིལ་ཆེན། དབུ་རྨོག་ཁྲོམ་ཐོག་དཀར་རུ། ཕྱིབས་བྱེག་ཏོ་ཚལ་རིངས། དེ་ལ་སོགས་པའི་ཕྱག་རྫས་དང་། མངའི་ཕོགས་སྟོབས་ཆེ་བ་མཛད་དོ། །བར་ལ་བཀྲ་ཤིས་མགོན་གྱིས། བཙུན་མོ་ཟངས་ཁ་མ་ཁབ་ཏུ་བཞེས་པའི་སྲས་གཅེན་འཁོར་རེ་དང་། བཅུང་སྲོང་ངེ་གཉིས་ཡིན་ནོ། །གཅེན་འཁོར་རེས་པུ་ཧྲངས་ལ་མངའ་མཛད། བཅུང་སྲོང་ངེས་གུ་གེ་ལ་མངའ་མཛད།