ཉི་མའི་རིགས་ཀྱི་རྒྱལ་རབས།
གཅེན་མངའ་བདག་འཁོར་རེ་བཙན།
上一章
下一章

(གཅེན་མངའ་བདག་འཁོར་རེ་བཙན།)

 

ཅེན་

132a

༄༅།        །མངའ་བདག་ཆེན་པོ་ཁོ་རེ་ནི། ཡབ་ཀྱི་ཕྲོ་མ་གཡུ་སྦྲའི་གཙུག་ལག་ཁང་ཐམས་ཅད་ཞབས་སུ་ཐོགས་པ་བཞེངས། ཚ་ཚ་རྒང་གི་ཆོས་འཁོར་ཆེན་མོ་གཡུ་སྦྲར་ཆོས་འཁོར་ཆེན་མོ། ཁྲི་ལྡེའི་གཙུག་ལག་ཁང་དང་ཆོས་འཁོར་ཡང་བཙུགས། དེ་རྣམས་སུ་ལྷ་ཁང་གི་མར་མེ་དང་མཆོད་རྐྱེན། དགེ་འདུན་རྣམས་ཀྱི་འཚོ་རྐྱེན་དུ། ཡུལ་ཞིང་དུ་ཁྱིམ་དཔྱ་ནས་གསེར། རྟ་ཕྱུགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་བརྗོད་ཀྱིས་མི་ལངས་བ་བཙུགས་སོ། །ཁོ་རེས་རྩང་དང་རོང་གི་ས་འཚམས། ཁོ་རེ་ལ་ཐོག་ཡན་ཆད་མངའ་འོག་དུ་བསྡུས། རྩང་ཚོང་འདུས་འགུར་མོར་བཅའ་བ་དང་ཁྲིམས་ཀྱི་དྲིལ་ཆེན་པོ་སྒྲགས། ཡུལ་སོ་སོར་ཁོར་རུ་ཆུང་ཡང་སྩལ་ལོ། །ཅེན་ཁོ་རེ་ལ་སྲས་གསུམ་སྟེ། ལྷ་ལྡེ་བཀྲ་ཤིས་བཙན། ལྷ་སྲས་དྷརྨ་སླས། ལྷ་སྲས་ཨུ་ད་རཱ་ཛཱའོ། །ཅེན་བཀྲ་ཤིས་བཙན་ནི། གཅིག་ཏུ་དཀོན་མཆོག་ལ་དད། གཉིས་སུ་ཆབ་འོག་གི་འབངས་བྱམས་པས། ཡབ་ཀྱིས་བཀོད་པའི་མངའ་རིས་པུ་ཧྲངས་གུ་གེ་ཕྱི་ནང་། ཤར་ཕྱོགས་ཀྱི་ཁྱོན་དང་བཅས་པ་མཐའ་ནས་མ་ཁུམས་ཞིང་། ཆབ་སྲིད་ཐམས་ཅད་

132b

ཚུལ་བཞིན་དུ་བསྐྱངས་སོ། །བར་པ་དྷཾ་ལྷས་ཆུང་ངུ་ནས་རབ་ཏུ་བྱུང་ཞིང་སྐུ་བཙུན། ཨུ་ད་ར་ཛཱ་དགུང་ལོ་བཅུ་བཞི་པ་ལ་དགུང་དུ་གཤེགས་སོ། །