ཉི་མའི་རིགས་ཀྱི་རྒྱལ་རབས།
མངའ་བདག་འོད་ལྡེ།
上一章
下一章

(མངའ་བདག་འོད་ལྡེ།)

འདིར་ཅེན་ཁོར་རེ་ལ་སྲས་གསུམ་ཡོད་པའི་ཆེ་བ་ལྷ་ལྡེ་བཀྲ་ཤིས་བཙན། དེ་ལ་ཡང་སྲས་གསུམ་ཁྲུངས་པའི་ཆེ་ཤོས་མངའ་བདག་འོད་ལྡེ་འདི་ནི། ལུག་གི་ལོར་སྐུ་ཁྲུངས་སྐུ་ཤེད་ཤིན་ཏུ་ཆེ་ཞིང་སྟོབས་དང་རྩལ་རྒྱས་ཤིང་དཔའ་བ། གཞོན་ནུ་ནས་ཐུགས་རྒྱལ་ཅན་དུ་འཁྲུངས་པས། དཔུང་དང་འཁྲུགས་པ་ལ་དགེས། བཅོ་ལྔ་པ་བྱ་ལོ་ལ་ཧུ་པུ་དམག་མཛད། ཡང་ཉི་ཤུ་རྩ་དྲུག་པ་བྱའི་ལོ་ལ་འུ་ཐེན་

135a

༄༅།        །དུ་དམག་མཛད། མངར་བསྡུས། དེ་ལོ་གར་ལོག་སོགས་ཐའི་དམག་མང་པོ་ཡོང་བ་དང་། ཐབས་དགྲ་རྣམས་ཕམ་པར་བྱས་ཅིང་། ཟློག་སྐུ་རྒྱལ་བརྙེས་སོ། །སླར་འུ་ཐེན་བཞིར་ཕེབས་མི་སྡེའི་སྐོས་ཆེན་པོ་མཛད། དེ་ལོ་ཉར་མའི་གཙུག་ལག་ཁང་གི་འགྲམ་བཏིང་། ལོ་གཉིས་ནས། ཞབས་སུ་ཆུད་ནས་དགེ་འདུན་གྱི་སྡེ་དང་། ཆོས་གྲྭ་བཙུགས་སོ། །སུམ་པ་བྱི་བའི་ལོ་ལ་མར་ཡུལ་དུ་ཕྱག་ཕེབས་དཔེ་དུག་གི་ལྷ་ཁང་བཞེངས། དགེ་འདུན་གྱི་སྡེ་བཙུགས། ལྷ་རྟེན་དང་ལྷ་ཁང་གི་མཆོད་རྐྱེན་མང་དུ་བསྒྲུབས། དགེ་འདུན་ལ་ཆས་རྐྱེན་རིས་སུ། ཡུལ། ཞིང་གཞིས། དུ་ཁྱིམ་སོགས་མང་དུ་ཕྱེ། པཎྜི་ཏ་པུ་ནྱེ་ཤྲཱི་སྤྱན་དྲངས། མདོ་བཀའ་དང་བསྟན་བཅོས་འགའ་ཡར་བསྒྱུར། ཁོང་རང་གིས་སྔགས་ཀྱི་ཆོས་རྣམས་ཞུས་ཅིང་ཐུགས་དམ་བག་རེ་མཛད། ཞབས་སུ་ཐོགས་པའི་འབུལ་བ་བསྒྲུབས་སོ། །ཁྱད་པར་སངས་རྒྱས་སྨན་བླ་ལ་ཐུགས་དམ་དུ་མཛད་ཅིང་གསོལ་བ་འདེབས། འཇུག་ཏུ་གར་ལོག་གི་ཡུལ་དུ་དམག་ཐེངས་གཉིས་པ་མཛད་པ་དེར་དབུ་འཇམས་སོ། །ཅུང་བྱང་ཆུབ་འོད་དང་

135b

ཞི་བ་འོད་ཀྱིས་སྐུ་བླུས་པས་ཁོང་ཉིད་དང་ལྗིད་སྐར་མཉམ་གྱི་གསེར་དགོས་ཟེར་ནས་མ་ཁུགས་ཏེ་རེས་ཅིག་དེར་བཞུགས། འདིར་ཡུམ་གྱིས་སངས་རྒྱས་སྨན་བླ་མཆོད་ཅིང་གསོལ་བ་བཏབ་པས། སྲས་ཀྱི་རྣལ་ལམ་དུ། ཤར་ཕྱོགས་ནས་དགེ་སློང་བརྒྱད་བྱོན་ནས་ལྕགས་སྒྲོག་དཀྲོལ་ནས་ཕྱིན་པ་རྨིས། ལྕགས་ར་གྲོལ་རྗེ་འབངས་གཉིས་ཀྱིས་བྲོས་བསྐྱོད་པས། སྔོན་ལས་ཀྱིས་ལྕགས་དུག་བྱུང་ནས་གུ་གེར་ཕེབས་ལ་ཁད་དུ་གྲོངས། དེ་དུས་གཅུང་བྱང་ཆུབ་འོད་ཀྱི་གཅེན་ཀླུ་བའི་གསེར་ཚོལ་བ་ལ། དབུས་ཀྱི་ན་ཀྲ་གསེར་ཁང་དང་། ལྗངས་ཡན་ལ་ཕེབས། གསེར་མང་དུ་ཁུར། ཡར་འཁོར་བསྐྱོད་དེ། མང་ཡུལ་སྐྱིད་གྲོང་དུ་ཇོ་བོ་ལ་མཇལ་བ། གུང་ཐང་དུ་ཕེབས་པས། དེར་ཅེན་འོད་ལྡེ་གྲོངས་པ་གསན་ནས། ནག་ཚོ་ལོཙྪ་དང་། རྒྱ་བརྩོན་སེང་ལ་གསེར་བསྐུར་ནས། ཇོ་བོ་རྗེ་སྤྱན་འདྲེན་དུ་རྫངས་སོ། །འོད་ལྡེ་འདི་ནི། རྒྱུ་ཐབས་ཁྱབ་འཇུག་མདའ་རྐྱེན་སྲིད་སྒྲུབ་རྩལ། །དཔུང་གིས་ལྷ་མིན་ཕམ་བྱེད་བརྒྱ་བྱིན་སྟོབས། །དྲེགས་བཅས་སེང་གེ་དཔལ་ལ་ཐག་བཟང་རིས། །དེ་འདྲ་འོད་ལྡེ་གཞན་དག་སྨིག་རྒྱུའི་མི། །        ། །