ཞི་བྱེད་ཆོས་འབྱུང་།
རྩོམ་པར་དམ་བཅའ་བ།
上一章
下一章

(རྩོམ་པར་དམ་བཅའ་བ།)

སྐུ་གསུམ་རྒྱ་མཚོར་གཤེགས་པའི་དེད་དཔོན་གྱི། །རྣམ་ཐར་ངོ་མཚར་སྣང་བའི་ཟླ་ཤེལ་གཟུགས། །སྐལ་བཟང་ཀུ་མུ་ཏ་རྣམས་དགྱེས་དོན་དང་། །ཐར་པ་མཆོག་གི་ལམ་ལ་དཀྲི་ཕྱིར་འབྲི། །དེ་ལ་འདིར་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་ཕ་རོལ་ཏུ་ཕྱིན་པ་དང་གསང་བ་སྔགས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་སྙིང་བོའི་ཡང་བཅུད། དམ་ཆོས་བདུད་ཀྱི་གཅོད་

2b

ཡུལ་ཞེས་བྱ་བའི་སྒྲ་དོན་དང་། དེའི་ཁུངས་སྟོན་པ་དང་། དེ་ཇི་ལྟར་བརྒྱུད་པའི་ལོ་རྒྱུས་ཀྱི་རྣམ་པར་ཐར་པ་དང་། ཆོས་ཀྱི་རྣམ་གྲངས་ཏེ་བཞི་ནི་གང་བཤད་པར་བྱ་བའི་ཆོས་སོ། །