ཞི་བྱེད་ཆོས་འབྱུང་།
གཉིས་པ། ཕ་རྒྱུད་ཐབས་ཀྱི་བརྒྱུད་པ།
上一章
(གཉིས་པ། ཕ་རྒྱུད་ཐབས་ཀྱི་བརྒྱུད་པ།)
གཉིས་པ་ཐབས་ཀྱི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེ་ལ་ཐབས་མཁས་པ་དེས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་སྒྲིབ་པ་སྦྱངས་ཏེ། མཐར་ཐུག་ཞི་བ་ཆོས་ཀྱི་སྐུར་སངས་རྒྱས། གདུལ་བྱ་ལས་དག་པ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུར་བསྟན། མ་དག་པ་རྣམས་ལ་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པས་མཛད་པ་བཅུ་གཉིས་ཀྱིས་འགྲོ་བའི་དོན་མཛད་དེ་། དང་པོར་དགའ་ལྡན་དུ་དམ་པ་ཏོག་དཀར་པོར་སྤྲུལ་ནས་ལྷ་རྣམས་ལ་ཆོས་གསུངས། དེ་ནས་གཟིགས་པ་རྣམ་པ་ལྔས་འཛམ་བུའི་གླིང་དུ་གླང་ཆེན་ཐལ་དཀར་མཆེ་བ་དྲུག་པར་སྤྲུལ་ནས་ཡུམ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས། ལུམ་བིའི་ཚལ་དུ་རྩིབ་མའི་སྒོ་བར་ནས་སྐུ་བལྟམས། གཞོན་ནུའི་དུས་རྩིས་དང་ཡི་གེ་དང་སྒྱུ་རྩལ་སྦྱངས། ཤཱཀྱ་ས་འཚོ་མ་ལ་སོགས་བཙུན་མོ་དང་རྒྱལ་སྲིད་བཞེས། དེ་ནས་སྐྱེ་རྒ་ན་འཆིར་གཟིགས་ཏེ་མཆོད་རྟེན་རྣམ་དག་དྲུང་དུ་རབ་ཏུ་བྱུང་བར་མཛད་། ཆུ་བོ་ནཻ་རཉྫ་ནར་ལོ་དྲུག་དཀའ་ཐུབ་མཛད། རྩྭ་ཚོང་བཀྲ་ཤིས་ལས་རྩྭ་བླངས་ཏེ་གདན་དུ་བྱས། སྲོད་ལ་བདུད་ཀྱི་དམག་ཚོགས་ཀྱིས་མཚོན་ཆའི་ཆར་ཕབ་པ་ལ་
9b