ཞི་བྱེད་ཆོས་འབྱུང་།
དམ་པ་རིན་པོ་ཆེའི་ལོ་རྒྱུས།
上一章
下一章

(དམ་པ་རིན་པོ་ཆེའི་ལོ་རྒྱུས།)

དམ་པ་རིན་པོ་ཆེའི་ལོ་རྒྱུས་ནི། ཁྱད་འཕགས་དྲུག་དང་ལྡན་པ་

11b

ཡིན་ཏེ། སྐྱེ་བ་རབས་ཀྱི་ཆེ་བ། སྐྱེ་ས་ཡུལ་གྱི་ཆེ་བ། བསླབ་པ་འདུལ་ཁྲིམས་ཀྱི་ཆེ་བ། བྱིན་རླབས་ཐུགས་རྗེའི་ཆེ་བ། སྦྱངས་པ་ཡོན་ཏན་གྱི་ཆེ་བ། འབྲས་བུ་དངོས་གྲུབ་ཀྱི་ཆེ་བའོ། །དང་པོ་ནི་སྐྱེ་བ་བདུན་གྱི་བར་ལ་སྐྱེ་བ་གཞན་གྱིས་བར་མ་ཆོད་པར་མི་ལུས་གཙང་མ་ཉིད་ཚེ་ལ་དབང་ཐོབ་བའི་པཎྜི་ཏ་འབའ་ཞིག་ཏུ་གྱུར། སྐྱེ་བ་འདིར་རིགས་བཞིའི་ནང་ནས་ཁྱད་པར་དུ་འཕགས་པ་བྲམ་ཟེར་སྐྱེས་སོ། །སྐྱེས་ས་ཡུལ་གྱི་ཆེ་བ་ནི། ལྷོ་ཕྱོགས་བེ་ཏའི་ཡུལ་ཙ་ར་སིང་ཧ་བྱ་བ་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་ཡུལ་དེར་སྐུ་འཁྲུངས་ཏེ། ཡབ་བྲམ་ཟེ་བརྩོན་འགྲུས་གོ་ཆ། ཡུམ་བྲམ་ཟེ་པར་པ་ཏ་བྱ་བ་ལ་སྲས་གསུམ་ཡོད་པའི་བར་པ་ཡིན་ནོ། །བསླབ་བྱ་ཚུལ་ཁྲིམས་ཀྱི་ཆེ་བ་ནི། དགུང་ལོ་བཅུ་གསུམ་ལ་དཔལ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་རབ་ཏུ་བྱུང་ནས་དགེ་ཚུལ་མཛད། བླ་མ་གསེར་གླིང་པ་ལས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བྱང་སྡོམ་ཞུས། རྣལ་འབྱོར་ཕོ་མོ་ལྔ་བཅུ་རྩ་བཞི་ལ་དབང་ཞུས་ཏེ་གསང་སྔགས་ཀྱི་དམ་ཚིག་བསྲུངས། བྱིན་རླབས་ཐུགས་རྗེའི་ཆེ་བ་ནི། རྣལ་འབྱོར་ཕོ་མོ་ལྔ་བཅུ་རྩ་བཞིས་རྗེས་སུ་བཟུང་སྟེ་དབང་གདམས་པ་དང་བཅས་པ་རྫོགས་པར་གནང་ཞིང་བྱིན་གྱིས་བརླབས་པས་མཐུ་དང་ནུས་པ་དཔག་ཏུ་མེད་པ་དང་ལྡན་པའོ། །སྦྱངས་པ་ཡོན་ཏན་གྱི་ཆེ་བ་ནི། ལོ་ལྔ་ནས་འབྲི་ཀློག་བསླབས་པས་ལེགས་

12a

༄༅།       །པར་མཁྱེན་ཏེ། ཕྱི་མཚན་ཉིད་ཀྱི་སྡེ་སྣོད། ནང་གསང་སྔགས་རྒྱུད་སྡེ་མ་ལུས་པར་མཁྱེན་ཅིང་རིག་པའི་གནས་ལྔ་ལ་མཁས་པའི་པཎྚི་ཏ་ཆེན་པོ་ཡིན་ནོ། །འབྲས་བུ་དངོས་གྲུབ་ཀྱི་ཆེ་བ་ནི། ཐུན་མོང་གི་དངོས་གྲུབ་བརྒྱད་ཐོབ། མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར་པ་ལགས་སོ། །