ཞི་བྱེད་ཆོས་འབྱུང་།
བོད་དུ་བྱོན་པ།
上一章
(བོད་དུ་བྱོན་པ།)
དེ་ལྟ་བུའི་བླ་མ་དེས་བོད་དུ་འགྲོ་བའི་དོན་དུ་དགོངས་ནས་བྱོན་པ་ལས། དུས་ལན་ཅིག་ན་དཔོན་སློབ་གསུམ་རྒྱ་གར་མཐའ་འཁོབ་ཅིག་ནས་ཚུར་བྱོན་ཙ་ན། དགེ་བཤེས་དངོས་གྲུབ་སྙིང་པོ་བྱ་བ་གྲྭ་ཐང་པ་ཡིན་པ་ཞིག་རྒྱ་གར་དུ་བྱོན་ནས་ལོ་ཙཱ་བས་ཆོས་དྲུག་བསླབ་པ་ཡིན་ཟེར་ཞིང་། ཆུ་ཤིང་གི་འཁར་བ་ལ་སེམས་ཅན་གྱི་གཟུགས་སྣ་ཚོགས་བཀོད་པ་ཞིག་ཐོགས་པ་དང་། བླ་མ་སྨ་ར་སེར་པོ་བྱ་བ་བོད་ཀྱི་ཆོས་ལ་ཡིད་མ་ཆེས་པར་རྒྱ་གར་དུ་ཆོས་འཚོལ་དུ་བྱོན་པས་མ་རྙེད་ནས་ཚུར་ལོག་སྟེ། བལ་ཡུལ་དུ་བླ་མ་ངམ་དུ་ལ་ཕག་མོ་ཞུར་འགྲོ་ཟེར་བ་ཚོང་པ་མང་པོ་དང་འགྲོགས་ཏེ་བལ་ཡུལ་དུ་སླེབ། དེར་ཟླ་བ་གཅིག་འགོར་ཏེ་བོད་དུ་འོང་བའི་ལམ་བར་དུ་དམ་པ་རྒྱ་གར་བ་དང་འགྲོགས་ནས་འོངས། དེར་ཁོང་གཉིས་ཀྱི་སེམས་ལ་དམ་པ་རྒྱ་གར་དུ་ནི་ངོ་མ་ཤེས། བླ་མ་ཨ་ཙ་ར་འདི་གྲུབ་ཐོབ་ཅིག་ཡིན་ངེས་པ་འདུག་སྟེ། ནང་པ་སངས་རྒྱས་དང་ཕྱི་པ་མུ་སྟེགས་གཉིས་
12b
གང་ཡིན་ངོ་མ་ཤེས་པས་གདམས་པ་མ་ཞུས་སོ། །དེ་ནས་མང་ཡུལ་དུ་སླེབ་པ་དང་ཚོང་པ་བརྡལ་ཞིག་འདུག་པས། དེ་ཀུན་ཨ་ཙ་ར་ལ་མོས་གུས་དྲག་པོ་བྱེད་ཅིང་མེ་ཏོག་མང་པོ་འབུལ་ཀྱིན་འདུག་བླ་མ་འདི་ཇི་སྐད་བྱ་བ་ཡིན་དྲིས་པས། རྒྱ་གར་ན་པཎྚི་ཏ་ཀ་མ་ལ་ཤཱི་ལ་ཟེར། བོད་ན་དམ་པ་རྒྱ་གར་བྱ་བར་གྲགས། འདི་པཎྚི་ཏ་མཁས་པ་གྲུབ་ཐོབ་ཅིག་ཡིན་སྔར་ཡང་བོད་དུ་མང་དུ་བྱོན་པ་ཡིན། ད་རེས་ཀྱང་བོད་དུ་འབྱོན་པར་འདུག་ཟེར་རོ། །དེར་དགེ་བཤེས་ཀྱིས་གདམས་པ་ཞིག་ཞུ་ཞུས་པས། ཁྱོད་ཀྱི་འཁར་བ་དེ་ཐོང་དང་གསུངས། འདི་འདྲ་བ་མ་འཛིན་སེམས་བསྐྱེད་འཆོར་བའི་རྒྱུ་ཡིན། འདི་མུ་སྟེགས་ཀྱི་རྫུ་འཕྲུལ་བྱེད་པའི་ལག་ཆ་ལ་དགོས་པ་ཡིན། ངས་ཀྱང་ཤེས་ཏེ་མ་བྱས་པ་ཡིན་སེམས་ཅན་བསླུ་ན་འདི་དགོས་པ་ཡིན་ཆོག་ལ་ཐོང་གསུངས་ནས་བཅག་གོ །དེ་ནས་གདམས་པ་ཞིག་ཞུ་ཞུས་པས། ཁྱེད་རང་ཕྱིའི་སྣང་བ་ནང་དུ་མ་ལེན། ནང་གི་རིག་པ་ཕྱིར་མ་སྤྲོ། སེམས་ལུས་ལ་མ་ཆགས་ལུས་སེམས་ལ་མ་ཆགས་པར་ལུས་སེམས་ཁྲོལ་ལ་རང་སོར་ལྷོད་གསུངས། དེ་ལ་ངེས་ཤེས་སྐྱེས་ནས་རྩ་བའི་བླ་མར་བཟུང་ངོ་། །བླ་མ་སྨ་ར་སེར་པོའི་བསམ་པ་ལ། ཆོས་ཀྱིས་མི་འཚོལ་དུ་མ་བྱུང་ན་མིས་ཆོས་བཙལ་བས་མི་རྙེད་པར་འདུག །ངས་ཀྱང་རྒྱ་གར་ཡུལ་དུ་ཆོས་བཙལ་བས་མ་
13a
༄༅། །རྙེད་པར་བོད་དུ་ལོག་པས་བླ་མ་གྲུབ་ཐོབ་ཞིག་དང་མཇལ་བྱུང་སྙམ་ནས། བླ་མ་ལ་གདམས་པ་ཞིག་ཞུ་ཞུས་པས། ཁྱོད་ལ་གདམས་པ་སྟེར་མཁན་ཞིག་ད་གཟོད་འོང་བར་གདའ་ཡི་གསུངས། དེ་ནས་དགེ་བཤེས་དང་ཚོང་པ་ཚོ་ལ་སྟོད་ལྷོ་ལ་སོང། ཨ་ཙ་ར་དཔོན་སློབ་ཚོ་ལ་སྟོད་བྱང་ལ་བཞུད་པར་འདུག་པས། སྨ་ར་སེར་པོའི་བསམ་པ་ལ། བླ་མ་འདི་གང་ལ་བཞུད་པའི་ཕྱག་ཕྱིར་འབྲེངས་ནས་གདམས་པ་ཐོབ་པར་བྱ་དགོངས་ཏེ་འགྲོགས་ནས་བྱོན། དེ་ནས་མདོག་སྟག་རི་བྱ་བར་བྱོན་ནས་མགྲོན་ཁང་ཞིག་ཏུ་བཞུགས་པས། བྱིན་རླབས་ཞུ་མཁན་མང་དུ་བྱུང་སྟེ། མིག་ལོང་བ་ཕྱེད་པ་དང་། རྣ་བ་འོན་པ་སངས་པ་ལ་སོགས་པ་མང་པོ་བྱུང་ནས་ཐམས་ཅད་ངོ་མཚར་སྐྱེས་སོ། །ཡུལ་དེར་དགེ་བཤེས་སྐྱོ་ཤཱཀྱ་ཡེ་ཤེས་བྱ་བ་མདོ་སྒྱུ་འཕྲུལ་མཁན་པོ་གཅིག་གདན་དྲངས། ཚོགས་ཀྱི་འཁོར་ལོ་མཛད་ཀྱིན་བཞུགས་པ་ལས། ཁོང་གི་ཕྱག་ཕྱིར་མྱང་སྟོད་གྲགས་ཆེན་གྲགས་ཆུང་བྱ་བ་ནས། ཕ་མེས་ཀུན་སྔགས་པ་མཐུ་ཆེན་དང་འགྲས་ཏེ་མཛེས་ཁྱེར་བའི་བྱིས་པ་གཉིས་པ་མཛེ་པོ་གཅིག་གིས་འབུམ་བཅུ་དྲུག་དུམ་གཅིག་དང་བཅས་ཕུལ་ཏེ། གཉེར་གཏད་ཡོད་པ་ལས། དགེ་བཤེས་སྐུ་བསོད་ཆེ་ནས་བྱིས་པ་ཉ་ར་མ་བྱུང་བས། སྨིན་མ་བྱི་བ་སོགས་གདོན་
13b
གྱིས་ཟིན་པའི་རྟགས་མང་པོ་བྱུང་བས། དགེ་བཤེས་ཐུགས་ཁྲལ་དུ་སོང་ཡོད་པ་ལས། མགྲོན་ཁང་ནང་དུ་ཨ་ཙ་ར་བྱིན་རླབས་ཅན་ཞིག་འདུག་ཟེར་བ་ཐོས་པས་དེར་ཕྱིན་ནས་ཞུས་པ། སྤྱིར་ཁྱེད་རྒྱ་གར་རིག་པའི་འབྱུང་གནས་ཡིན་པ་དང་། ཁྱད་པར་དུ་བླ་མ་ཁྱེད་བྱིན་རླབས་ཅན་ཞིག་འདུག་ཟེར་བ་ཐོས་པས། བདག་ལ་བྱིས་པ་ལྷ་འདྲེའི་ཟ་འཕྲོ་གཉིས་ཡོད་པས་དེ་གཉིས་ལ་བྱིན་རླབས་ཤིག་ཐུགས་ལ་འདོགས་པར་ཞུ་ཞུས་པས། དེ་ཙུག་བྱ་ཡི་གསུངས་ནས། དེ་དུས་བླ་མ་སྨ་ར་སེར་པོ་ཅན་ལ་ད་ནི་ཁྱོད་འདོད་པའི་གདམས་པ་ཅིག་འོང་བར་གདའོ་གསུངས། དེར་བསྙེན་བཀུར་བྱས་ནས་གདམས་པ་ཞུས་པས། བྱིས་པ་གཉིས་བླ་མ་སྨ་ར་ཅན། དགེ་བཤེས་སྐྱོ་དང་བཞི་ལ་གདམས་པ་ལྷན་ཅིག་ཏུ་གནང་སྟེ། ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་གཞུང་དྲུག་ཚོ་དྲུག་པ་གནང་། དེའི་དུས་སུ་ཡི་གེར་བཏབ་ནས་ངོ་སྤྲོད་ཞལ་གདམས་དང་བཅས་པ་ཞུས། བྱིས་པ་གཉིས་པོས་ཉམས་སུ་བླངས་པས་ནད་བསོས་ཏེ་གྲུབ་ཐོབ་བཟང་པོ་རེ་བྱུང་། བཀའ་གདམས་པ་གཅིག་བརྒྱུད་ལས་མ་སྤེལ། ཡི་གེ་གཅིག་མའི་གདམས་པ་ཡིན་ཟེར་ནས་འགའ་རེ་འཕེལ་བ་འདི་ཡིན་གསུངས། དེས་ཁོང་རང་ཚ་བོ་བསོད་ནམས་བླ་མ་ལ་གནང་། སྐྱོས་འབུམ་འབྲི་བའི་དུས་སུ་སློབ་མ་ཞིག་གིས་སུམ་པར་གདན་དྲངས། ལམ་དུ་ཟངས་རི་ཇོ་མོ་མཁར་སྒོམ་བྱ་བ་སྔར་གྱི་
14a