ཞི་བྱེད་ཆོས་འབྱུང་།
༡ རྒྱ་ཆོས་དང་བོད་ཆོས་གཉིས་ཀྱི་ངོས་བཟུང་བ།
上一章
(༡ རྒྱ་ཆོས་དང་བོད་ཆོས་གཉིས་ཀྱི་ངོས་བཟུང་བ།)
དེ་ལ་ཆོས་འདིའི་བརྒྱུད་པ་བཤད་པའི་དབང་དུ་བྱས་ན། རྒྱ་ཆོས་དང་བོད་ཆོས་ཀྱི་ངོས་བཟུང་བ་ནི། སྤྱིར་ཆོས་ཐམས་ཅད་རྒྱ་གར་ནས་བོད་དུ་དར་བ་ཡིན་མོད་ཀྱང་། བོད་ཆོས་རྒྱ་གར་
29a
༄༅། །དར་བ་ཡང་ཡོད་གསུངས། བོད་ཆོས་རྒྱ་གར་དུ་བསྒྱུར་བའི་ལོ་རྒྱུས་ཟུར་ཙམ་བཤད་ན། ཇོ་མོའི་སྐུའི་སྙན་གྲགས་རྡོ་རྗེ་གདན་ལ་སོགས་པའི་རྒྱ་གར་གྱི་ཕྱོགས་ཐམས་ཅད་ལ་ཁྱབ་པར་གྱུར་ཏོ། །དེའི་ཚེ་རྡོ་རྗེ་གདན་དུ་རྒྱ་གར་གྱི་པཎྜི་ཏ་ཐམས་ཅད་འདུས་ནས། ཆོས་ཐམས་ཅད་རྒྱ་གར་ནས་བོད་དུ་འགྲོ་བ་ཡིན་པ་ལ། བོད་ལ་ཆོས་ཐམས་ཅད་མེད་པ་ནི་གཅིག་ཀྱང་མེད་ཅིང་། ད་ནི་བོད་ན་ཕྱག་རྒྱ་ཆེན་པོའི་གཅོད་ཡུལ་ཟེར་བའི་ཆོས་དར་ནས་ཡོད་པར་སྣང་བས། ཇོ་མོའི་ཆོས་དེ་ཅི་འདྲ་ཞིག་ཡོད་པ་བལྟར་འགྲོ་དགོས་ཟེར་ཞིང་། རྐང་མགྱོགས་པ་མི་གསུམ་གཏོང་པར་ཐམས་ཅད་ཁ་ཆམས། དེ་ནས་རྐང་མགྱོགས་པ་མི་གསུམ་བཏང་བས། རྒྱ་ཁྲ་ཧོར་པ་གུང་སང་འགྲིམ་པའི་དུས་ཚོད་ལ་ཐོན་པ་ལྟར། རྐང་མགྱོགས་པ་རྣམས་ཞག་གཉིས་དང་ཉི་མ་གསུམ་ལ་ཟངས་རི་མཁར་དམར་དུ་མ་ཅིག་གི་དྲུང་དུ་སླེབ། མ་ཅིག་གི་སློབ་བུ་རྣམས་ཀྱིས་ཨ་ཙ་ར་མི་གསུམ་བླ་གཡེར་སླེབ་ནས་འདུག་ཟེར་བ་དང་། མ་ཅིག་གི་ཞལ་ནས། ཨ་ཙ་ར་གཟུགས་ཅི་འདྲ་བ་སྣང་། གོས་སུ་ཅི་གྱོན་ནས་གདའ་གསུངས། ཉེ་གནས་ན་རེ་། ཨ་ཙ་ར་གཞན་གྱི་གོས་བཞིན་རས་གོས་མི་སྣང་། དར་དཀར་གྱི་ལའུ་གྱོན་པའི་མི་གསུམ་སྣང་ཟེར། དེར་ཨ་མའི་ཞལ་ནས། རྒྱ་གར་གྱི་རྐང་མགྱོགས་པ་མི་གསུམ་ཡིན་པར་འདུག་པས། ཨ་ཙ་རས་
29b
རྒྱ་གར་གྱི་སྐད་མིན་པ་མི་ཤེས་གསུངས། རྒྱ་གར་གྱི་རྐང་འགྱོགས་གསུམ་པོས། ཨ་མའི་ཆོས་ཐམས་ཅད་ཞུ་ཞུས་པས། དེ་ན་ལོ་ཙ་བ་ནི་མེད། ཉེ་གནས་ཀྱིས་ཨ་མའི་རྩར་ཤོག་ཟེར་ནས། ཨ་ཙ་ར་གསུམ་པོ་གདན་དྲངས་ཏེ་འཚོ་བ་དྲངས། བགྲོ་གླེང་བྱས་ཙ་ན། ཇོ་མོས་རྒྱ་གར་གྱི་སྐད་འགྱུར་ཐམས་ཅད་གསུངས་པས། ཨ་ཙ་ར་གསུམ་པོ་ན་རེ། ཇོ་མོ་ཁྱོད་ཀྱིས་རྒྱ་གར་གྱི་སྐད་འགྱུར་ཤེས་པ་ཅི་ཡིན་ཟེར། དེར་ཨ་མའི་ཞལ་ནས། ཚེ་རབས་སྔ་མ་རྒྱ་གར་དུ་སྐྱེས་པ་ཡིན་གསུངས། ཨ་ཙ་ར་གསུམ་པོ་ན་རེ། སྐྱེ་བ་དྲན་ལུགས་བཤོད་དང་ཟེར། ཨ་མའི་དགོངས་པ་ལ་ངའི་སྐྱེ་བ་མ་བཤད་ན་ཡིད་མི་ཆེས་པས། ཨ་ཙ་ར་འདི་གསུམ་ལ་སྐྱེ་བ་བཤད་དགོས་དགོངས་ཏེ། དེ་ཡང་རྒྱ་གར་སྐད་དུ་བཤད་པས་མི་ཡོང་། ངའི་སློབ་མ་རྣམས་ཀྱང་ཡིད་མི་ཆེས་དགོངས་ཏེ། ཨ་ཙ་ར་གསུམ་ལ་ཞབས་ཏོག་བྱས་ཏེ་བཞག །དེ་ནས་དབུས་གཙང་རུ་བཞིའི་མཁས་བཙུན་ཐམས་ཅད་དང་། ཡུལ་མི་ཐམས་ཅད་དང་། ཕྱོགས་ཀྱི་གྲྭ་བུ་སློབ་རྣམས་དང་། ཡོན་བདག་ཕོ་མོ་རྣམས་དང་། རྒྱ་གར་གྱི་པཎྜི་ཏ་གསུམ་དང་། བོད་ཡུལ་གྱི་ལོ་ཙ་བ་སོགས་ཀུན་ལ་བྱ་བཏང་ནས་བསྡུས་པས། བླ་མ་དང་ཁྲོམ་ཁྲི་ཚོ་གཅིག་དང་བདུན་བརྒྱ་ཚོགས་པ་རྣམས་ལ་མཆོད་པ་རྒྱ་ཆེན་པོ་བཤམས་ཏེ་སྟོན་མོ་དང་སྤོང་དག་མཛད། ཚོགས་པ་དེ་རྣམས་ཐམས་ཅད་ཀྱི་དཀྱིལ་དུ་ཨ་
30a
༄༅། །ཙ་ར་གསུམ་བཞུགས་ཏེ། ཨ་མ་དང་ཨ་ཙ་ར་གསུམ་བགྲོ་གླེང་དང་བཤད་པ་བཏང་བས། དབུས་གཙང་གི་ས་ཆ་ལ་ལོ་ཙ་བ་བཞི་བྱུང་། ཇོ་མོ་དང་ཨ་ཙ་ར་གསུམ་རྒྱ་གར་གྱི་སྐད་དུ་ལབ་པ་རྣམས། ལོ་ཙ་བ་གསུམ་གྱིས་ལོ་ཙ་བསྒྱུར་བས། ལོ་ཙ་བ་དང་པཎྜིཏ་དང་། ཁྲོམ་ཐམས་ཅད་ཀྱང་། ཨ་མའི་ཆོས་བརྒྱུད་ཐམས་ཅད་ལ་སྙེམས་ཐག་ཆོད་པར་འདུག་ཟེར་ནས་ཀུན་ཁ་ཆམ་མོ། །ཨ་ཙ་ར་གསུམ་གྱི་ཞལ་ནས། ཆོས་ཐམས་ཅད་ངེད་རྒྱ་གར་ནས་མ་བྱུང་བའི་ཆོས་གཅིག་ཀྱང་མེད་པས། རྒྱ་གར་བ་འདི་ཁྱེད་བོད་ལ་དྲིན་ཆེ་ཟེར། མའི་ཞལ་ནས། རྒྱ་གར་ཆོས་ཀྱི་འབྱུང་ཁུང་དེ་བདེན་རྒྱ་གར་སངས་རྒྱས་གང་བྱོན་དང་དེའི་ཆོས་གང་གསུངས་རྣམས་དང་བོད་དུ་དར་ལུགས་ཐམས་ཅད་ཁྱོད་ཨ་ཙ་ར་གསུམ་གྱིས་བཤོད་གསུངས་པས། ཨ་ཙ་ན་རེ། དེ་ཐམས་ཅད་ཀྱི་དར་ལུགས་ངེད་ཀྱིས་མི་ཤེས། ཁྱེད་ཀྱིས་ཤེས་པ་ཨེ་ཡིན་ཟེར། མའི་ཞལ་ནས། ང་ནི་ཡུམ་ཆེན་ཐུགས་ཀྱི་སྤྲུལ་པ་ཡིན་པས་ཤེས་གསུངས། རྒྱ་གར་ཆོས་ཀྱི་རྒྱལ་པོ་བཟའ་བེ་བྱ་བ་བཞུགས་པའི་དུས་སུ་གདམས་ངག་དང་གསང་སྔགས་ཀྱི་ཆོས་རྒྱུད་ནམ་མཁའ་ནས་ཆར་བཞིན་དུ་བབས་པ་ཡིན། དེ་ཡང་ཡུམ་གྱི་བྱིན་རླབས་ཀྱིས་བབས་པ་ཡིན་པ་སོགས་སངས་རྒྱས་གང་བྱོན་གྱིས་ཆོས་གང་གསུང་
30b