ཞི་བྱེད་ཆོས་འབྱུང་།
མཆོད་བརྗོད།
上一章
下一章

(མཆོད་བརྗོད།)

༄༅།   །ན་མོ་གུ་རུ་བྷྱཿ བདེ་དང་སྟོང་བའི་ཆོ་འཕྲུལ་ལས། །མཚན་དཔེའི་སྣང་བརྙན་སྲིད་སྟོངས་པར། །མི་གཡོ་ལྔ་ལྡན་ལོངས་སྤྱོད་རྫོགས། །རྣམ་པར་སྣང་མཛད་ཆེན་པོར་འདུད། །ཞེས་མཆོད་པར་བརྗོད་པས་མདུན་བསུས་ཏེ་འདིར་གང་བཤད་པར་བྱ་བ་ནི། གྲྭ་པ་མངོན་ཤེས་ཅན་ཞེས་བྱ་བ་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་གཅིག་པོའི་རྣམ་པར་ཐར་པ་སྟེ། དེ་ལ་གཉིས། 

37b

སྤྱིར་སྐྱེ་བ་བརྒྱུད་ནས་བསྟན་འགྲོའི་དོན་ཆེན་མཛད་པ་དང་། ཁྱད་པར་ཞིང་འདིར་སྐུ་བལྟམས་པ་ནས་གཟུང་སྟེ་གཟུགས་སྐུ་ཆོས་དབྱིངས་སུ་མ་བསྡུས་བར་གྱི་མཛད་པའོ། །