ཞི་བྱེད་ཆོས་འབྱུང་།
གྲ་པ་ཧ་ར་སྟོན།
上一章
(གྲ་པ་ཧ་ར་སྟོན།)
༈ ཡང་གཉན་ཆུང་ལོ་ཙྪ་བ་མ་ཅིག་དང་མཇལ་ནས་ཤིན་ཏུ་ཡི་རངས་ཏེ། འདི་སྐད་ཅེས་སྨྲས་སོ། །མཆིམས་ཕུའི་གཉན་ཆུང་ལོཙྪ་བ། །རྒྱ་གར་ཡུལ་དུ་ལན་གསུམ་ཕྱིན། །སྒྲོ་འདོགས་མ་ལུས་ཐམས་ཅད་བཅད། །སྒྲ་བསྒྱུར་སྐད་འགྱུར་མང་དུ་བསླབས། །སྡེ་སྣོད་གསུམ་ལ་ཕུ་ཐག་བཅད། །མཁས་པ་ཡིན་སྙམ་ང་རྒྱལ་སྐྱེས། །དུག་ལྔ་མ་ཐུལ་ཇེ་རྒྱས་ཐལ། །བདག་འཛིན་མ་ཆོད་ཇེ་རགས་ཐལ། །ཉོན་མོངས་མ་ཞི་ཇེ་འཕེལ་ཐལ། །ད་ལྟ་བོད་ཀྱི་ཡུལ་དུ་ཕྱིན། །བདག་འཛིན་ཟངས་རིའི་དགོན་དུ་ཆོད། །གདམས་པ་མཁའ་འགྲོའི་སྙིང་ཁྲག་དེ། །བོད་ཀྱི་རྒན་མོ་ཅིག་ལས་ཐོབ། །འབད་རྩོལ་མ་དགོས་དུག་ལྔ་ཐུལ། །བདག་མེད་གནས་ལུགས་མངོན་དུ་གྱུར། །སང་ཉིན་འཆི་ཡང་ང་རེ་བྲོད། །ཅེས་གསུངས་ནང་ཆོས་ཉིད་བདེན་པ་མཐོང་། ཕྱིའི་ཡུལ་སྣང་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས། །ངག་རྡོ་རྗེའི་གླུ་མཛོད་རྡོལ། །ཡོན་ཏན་ཐམས་ཅད་མ་ལུས་པར་རྩལ་རྫོགས་
50a