ཞི་བྱེད་ཆོས་འབྱུང་།
རྒྱ་ནག་གཅེར་བུ།
上一章
(རྒྱ་ནག་གཅེར་བུ།)
དེ་ལ་བུ་ཆེན་མང་དུ་ཡོད་ཀྱང་རྒྱ་ཉག་གམ་རྒྱ་ནག་གཅེར་བུའི་ལོ་རྒྱུས་ནི། འཁྲུངས་ཡུལ་ཁྲང་སྣ་བ་ཡིན། སྤྱིར་ཆོས་མང་དུ་གསན་ཅིང་ཁྱད་པར་
53a
༄༅། །དུ་མ་ཅིག་གི་གཅོད་ཀྱི་ཆོས་སྐོར་རྣམས་ཞུས་ནས་གཉན་ཁྲོད་ཁོ་ན་འགྲིམས་ཏེ། ཡར་ཀླུང་གི་ན་བ་སྦལ་འདྲར་གཅོད་མཛད་པས། ཆུ་མིག་ཅིག་ཡོད་པ་དེ་གནམ་དུ་འཕྱོ་བ་སྙམ་བྱེད་ཅིང་། ཅི་ཞིག་ནས་ལྷ་འདྲེའི་དམག་མང་དུ་ཚོགས་ནས་རྒྱ་ནག་གཅེར་བུ་ཟེར་བའི་རྣལ་འབྱོར་པ་འདིས་དེད་ཡུལ་བུད་པར་འདུག་ཟེར་ཏེ། མདའ་དང་མཚོན་ཆའི་ཕབ་པས་གྲོངས་ལ་ཁད་པར་གྱུར། དེ་ནས་གཅོད་མཛད་པས་ཞག་གསུམ་སོང་བའི་ནུབ་མོ་མུན་པ་རབ་རུབ་ཙམ་ལ་སྡོང་པོ་ཅིག་གི་རྩ་བ་ནས་བྱ་གྭཽ་ཙམ་གསུམ་འཕུར་སོང་བས། ང་རང་མིག་འཁྲུལ་བ་ཡིན་ནམ་དགོངས་ཏེ་བཞུགས་པ་ལས། ནམ་སྲོད་ཡོལ་ཙམ་ནས་ཐོག་གཅིག་དང་རྟིང་ལ་གཉིས་བྱུང་སྟེ། སྐུ་ལུས་ལ་ཐོག་གསུམ་ཕོག་ཀྱང་མཉམ་གཞག་མ་ཤོར་བར་མཛད་པས་སྐུའི་མཛེ་སངས་ཀྱིས་དྭངས་སོ། །ཡང་མཆེད་གྲོགས་གསུམ་དང་འགྲོགས་ཏེ་ཇོ་བོ་འབའ་རར་གཅོད་ལ་བྱོན། ཞག་འགའ་སོང་བའི་ཉིན་གཅིག་རྒྱ་ནག་གི་གྲོགས་པོས་ཕ་རི་ལ་བལྟས་པས། འབྲོག་པ་མང་པོ་སླེབ་འདུག་པའི་ནང་ནས་བུད་མེད་མཛེས་མ་ཅིག་གིས་ཞོ་བཟོ་བ་གང་ཁྱེར་ནས་དྲངས་པས། ངའི་མཆེད་གྲོགས་ལ་འདྲེན་དགོས་བྱས་པ་ལ་མོ་ན་རེ། ཁོང་ལ་སང་འདྲེན་ཆོག་འདི་ཉིད་རང་གསོལ་ཟེར་ཞོ་དེ་འཐུངས། དེའི་ནུབ་
53b