ཞི་བྱེད་ཆོས་འབྱུང་།
ཞི་བྱེད་འདི་ཉིད་ཆེ་བ་བཅོ་ལྔས་ཁྱད་པར་འཕགས་པར་བསྟན་པ།
上一章
下一章

(ཞི་བྱེད་འདི་ཉིད་ཆེ་བ་བཅོ་ལྔས་ཁྱད་པར་འཕགས་པར་བསྟན་པ།)

དེ་ལྟ་བུའི་དམ་པ་རིན་པོ་ཆེའི་ཞལ་ལེགས་པར་འོངས་པའི་དམ་ཆོས་སྡུག་བསྔལ་ཞི་བྱེད་འདི་ཉིད་ཆེ་བ་བཅོ་ལྔས་ཁྱད་པར་འཕགས་ཏེ། སྙིང་གཏམ་མེ་བཙའ་གནད་ཐོག་ཏུ་བཏབ་པ། ཁ་བཤད་ལམ་ཁྱེར་གྱི་གདམས་པ་ལས་ཁྱད་པར་དུ་འཕགས་པ། སྙན་བརྒྱུད་འཕྲུལ་ཆིག་ལག་ལེན་གྱི་སྐོར་འདི་དམ་པ་རིན་པོ་ཆེས་སྒྲ་རང་སྐད་དུ་སྨྲས་པ། བར་དུ་ལོ་ཙྪ་བའི་ཚིག་ལྷད་མ་ཞུགས་པ། པཎྜི་དང་ལོ་ཙྪ་བ་གཉིས་གྱི་བློ་བན་མ་འདྲེས་པ། ཆོས་སྤྱིའི་གོ་བ་ཙམ་མ་ཡིན་པར་ལུང་རིགས་མན་ངག་གསུམ་གྱི་དོན་ཉམ་སུ་མྱོང་བའི་ཟབ་གནད། གང་ཟག་གི་བློ་རྟོག་མ་ཡིན་པར་བདེ་བར་གཤེགས་པའི་བཀའ་བབས་པ། རྒྱུད་སྡེ་བཞིའི་སྲོག་གི་སྙིང་ཁྲག །སྐྱེ་བོ་ཐ་ཕལ་པ་བར་དུ་མ་ཞུགས་པ། །མཁའ་འགྲོ་མའི་བཀའ་རྒྱ་བཀྲོལ་ནས་རྣལ་འབྱོར་བ་ལ་གསང་མཛོད་རྟོལ་བ། ལམ་ཚད་ལ་མ་ནོར་བས་གླིང་དུ་འཕགས་པ། ཟབ་པ་ལས་ཀྱང་ཆེས་ཟབ་པའི་གནད་སྡེ་སྣོད་གསུམ་གྱི་སྙིང་ཕྱུང་བ། ཐ་སྙད་གྲུབ་མཐའི་ཚིག་ལས་འདས་པ། ཕྲད་ཆོག་གི་བརྒྱུད་པ། ཟིན་ཆོག་གི་བདུད་རྩི། ཤེས་ཆོག་གི་གནད། ཡང་དག་པའི་གདམས་པ་ཁྱད་པར་ཅན་དེའི་བརྒྱུད་པ་ནི། །དམ་པ་སངས་རྒྱས་ཡན་བརྒྱུད་ཁུངས་སོ་སོར་གསལ་ཞིང་། དེ་ལ་འདིར་བཀའ་བབས་སྤྱིའི་བརྒྱུད་པ་ནི།

88b

རྗེ་བཙུན་དམ་པ་རྒྱ་གར། རྒྱལ་བའི་སྲས་པོ་ཀུན་དགའ། སྤ་ཚབ་དགོན་པ་པ། ཚུལ་ཁྲིམས་འབར། གྲུབ་ཐོབ་རྒྱལ་བ་ཏེ་ནེ། རོག་ཤེས་རབ་འོད་དང་ཞིག་པོ་ཉི་མ་སེངྒེ་། སྙེ་མདོ་སྨྲ་སེང་སྟེ་སྐུ་མཆེད་གསུམ། རོག་ཐམས་ཅད་མཁྱེན་པ་བསོད་ནམས་དཔལ། རོག་རྒྱལ་སྲས་ཀུན་དགའ་སྐུ་མཆེད། མཚན་ལྡན་རི་ཁྲོད་དབང་ཕྱུག །མཁན་ཆེན་ཚུལ་ཁྲིམས་ཕན་པ། དྲིན་ཅན་སངས་རྒྱས་དབོན་པོ། ཡང་ན་ཀུན་དགའ་སྐུ་མཆེད་ནས། རྒྱ་སྟོན་སྨོན་ལམ་ཤེས་རབ། སངས་རྒྱས་དཔོན་པོ། དམ་ཆོས་ཀུན་མཁྱེན་སྐུ་མཆེད། རྒྱ་སྒོམ་རྡོ་རྗེ་གདན་པ། བྱང་སེམས་རྒྱ་མཚོ་སྦྱིན་པ། ཡང་ན་ཀུན་མཁྱེན་བྱང་ཆུབ་བཟང་པོ་ནས། ཆོས་རྗེ་བློ་གྲོས་རྒྱ་མཚོ། རས་ཆེན་དཔལ་ལྡན་བསོད་ནམས། ཐུགས་སྲས་བསོད་ནམས་འོད་ཟེར། ལུང་ཆེན་པ་བསོད་ནམས་དཔལ་བཟང་ངོ་། །དེ་དང་བསོད་ནམས་སྦྱིན་པ་ནས། སྐུ་གསུམ་བདེ་ཆེན་ལྷུན་གྲུབ། མཁས་གྲུབ་ནམ་མཁའ་བཟང་པོ། འཇམ་དབྱངས་དཔལ་འབྱོར་ལྷུན་གྲུབ། ཁྱབ་བདག་དཔལ་འབྱོར་ཕུན་ཚོགས། མཚུངས་མེད་བཀྲ་ཤིས་བཟང་པོ། དིང་རི་བ་འཆི་མེད་བློ་གྲོས་བརྟན་པ། འཆི་མེད་གཞོན་ནུ་རྡོ་རྗེ། གནས་གསར་བ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། བསམ་ཡས་པ་མཁན་པོ་བློ་གསལ་རབ་རྒྱས། འཕགས་པ་དགེ་ལེགས་རབ་རྒྱས། 

89a

༄༅།        །སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་འགྱུར་མེད་འཕྲིན་ལས་རྣམ་རྒྱལ། རྗེ་བཙུན་འགྱུར་མེད་ཕྲིན་ལས་ཆོས་སྒྲོན། རྒྱལ་ཀུན་གསུང་གི་རོལ་མོ་ཉིད་བསྟན་པ་ཡོངས་རྫོགས་ཀྱི་གསལ་བྱེད་དུ་སྣང་བ་ཀུན་མཁྱེན་བླ་མ་ཚངས་སྲས་དགྱེས་པའི་བློ་ལྡན་ནམ། མཚན་གཞན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། གང་དང་ཞལ་མི་གཉིས་པ་རྒྱལ་བའི་དབང་པོ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་པོ་དེ་གཉིས་ཀྱི་ཞལ་གྱི་བུམ་བཟང་ནས་བདག་དྷརྨ་སེངྒེ་ལ་དགྱེས་པ་ཆེན་པོས་དགོངས་ཏེ་བཀའ་དྲིན་དུ་བསྩལ་བའོ། །       ། །༈ཕག་མོ་ཕྱི་ནང་ནི། དམ་པ་རིན་པོ་ཆེ། ཁ་ཆེ་ཛྙཱ་ན་སཱུརྱ་གུ་ཧྱེ། པུ་ཧྲང་ལོ་ཆུང་། ཡར་སྟོན་ཆོས་ཀྱི་རྒྱལ་པོ། དགེ་བཤེས་ཡང་དགོན་པ། ཤེའུ་སྟོན་པ་ནམ་མཁའ། རི་ཁྲོད་པ་ཤཱཀ་རྡོར། རོག་བདེ་གཤེགས་ཤེས་རབ་འོད། སྙེ་མདོ་བ་མན་འདྲ། ༈ ཁྲོས་ནག་གསང་སྒྲུབ་ནི། དམ་པ་སངས་རྒྱས། གྲོགས་ཆུང་དཀོན་སེང་། ཤངས་པ་འདུ་སྡེམས། དེ་ནས་མཁའ་འགྲོ་མའི་བླ་མ་བཞི་ལ་བརྒྱུད་དེ། ལབ་སྒྲོན་མ། ཁྱི་རྫི་མ། གཅེར་བུ་མ། འབར་མ་རོ་ཟན། དེ་ནས་རྒྱལ་བ་ཏེ་ནེ་མན་ཆད་སྤྱི་དང་འདྲའོ། ། ༈མགོན་པོ་ཨ་གྷོ་ར་ནི། དམ་པ་སངས་རྒྱས་དང་། ཞ་མ་ལོ་ཙཱ་གཉིས་ཀ་ལས་ཀུན་དགའ་དང་། མན་ཆད་

89b

སྔར་ལྟར་རོ། ། ༈ ཡོན་བདག་ནོར་བུ་བཟང་པོ་ནི། གསང་བདག །ཕ་དམ་པ་སངས་རྒྱས། བྱང་སེམས་ཀུན་དགའ། སྒྲེ་ཆོས་བརྩོན། ཆུས་པ་དར་མ་བརྩོན་འགྲུས། རྒྱལ་བ་ཏེ་ནེ། ། ཆོས་རྒྱལ་ཞིག་པོ་སྐུ་མཆེད་མན་འདྲའོ། ། ༈ ལམ་ལྔའི་དམར་ཁྲིད་ཀྱི་བརྒྱུད་པ་ནི། སངས་རྒྱས་སྐུ་བཞིའི་བླ་མ། ཐུགས་དམ་བདེ་གཤེགས་ཀྱི་བླ་མ་བཅུ་གཉིས། ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག །བྱིན་རླབས་མཁའ་འགྲོའི་བླ་མ་དཔའ་མོ་ཉི་ཤུ་རྩ་བཞི། ཐུན་མོང་མིའི་བླ་མ་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞི། རྗེ་བཙུན་དམ་པ་སངས་རྒྱས། སྒོ་བའི་རྣལ་འབྱོར་པ་བཞི་དང་། ཁྱད་པར་བྱང་སེམས་ཀུན་དགའ། མཁས་བཙུན་པ། ཚབ་སྒོམ་པ་མན་ཆད་དབང་བཀའ་སྤྱི་བརྒྱུད་དང་འདྲ། ཡང་ཁྲིད་བརྒྱུད་ལུགས་གཅིག་ནི། སྟོན་པ་ཤཱཀ་ཐུབ། འཇམ་དཔལ་སྨྲ་སེང་། དམ་པ་རྒྱ་གར། ཀུན་དགའ། སྤ་ཚབ། རྒྱལ་བ་ཏེ་ནེ། ཉི་སེང་། དར་སེང་། སྙེ་མདོ་ཡབ་སྲས། །དཔལ་ཆེན། ཀུན་ལྷུན་པ། ཆོས་རྒྱལ་ཤར་བཟང་། རོང་སྟོན། གུར་རུ་བ། མཁྱེན་རབ་ཆོས་རྗེ། སྤྱང་ལུང་པ། གྲོལ་མཆོག །བྲག་སྟོད་པ། ཏཱ་ར་ནཱ་ཐ། འཕྲིན་ལས་དབང་མོ། ཡེ་ཤེས་རྒྱ་མཚོ། བློ་གྲོས་མཐའ་ཡས། ཀུན་བཟང་དབང་པོ། ཚེ་དབང་ནོར་བུ། །ཀུན་

90a

༄༅།       །བཟང་ཆོས་དབྱིངས། ཀུན་བཟང་ཆོས་འབྱོར། བློ་བཟང་མཐུ་སྟོབས། ཉི་མ་ཆོས་འཕེལ། བློ་གསལ་བསྟན་སྐྱོངས། འཇམ་མགོན་བླ་མའོ། །ལུང་གི་སྐོར་ལ། སྨིན་གླིང་ལོ་ཙཱ་བ་ཆེན་པོའི་གསུང་སྐོར་རྣམས། མཛད་པ་པོ་ནས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཨོ་རྒྱན་བསྟན་འཛིན། རྡོ་རྗེ་འཆང་ཁྲི་ཆེན་འཕྲིན་ལས་རྣམ་རྒྱལ། རྗེ་གྲུབ་པའི་དབང་མོ་འགྱུར་མེད་འཕྲིན་ལས་ཆོས་སྒྲོན། རྗེ་བླ་མ་རྡོ་རྗེ་འཆང་གི་ཞལ་པད་ལས་སོ། །ཞལ་གདམས་དིང་རི་བརྒྱད་ཅུ་ཡན་ཆད་སླར་ཚོལ། བཤེས་གཉེན་བློ་བཟང་རྒྱ་མཚོ། དཀོན་མཆོག་འཇིགས་མེད་དབང་མོ། དཀོན་མཆོག་རྒྱལ་མཚན། དཀོན་མཆོག་བསྟན་པ་རབ་རྒྱས། རྗེ་བླ་མའོ། རྟེན་འབྲེལ་གྱི་སྐོར་ནི། བློ་གྲོས་བརྟན་པ་ཡན་ཆད་སྤྱི་བརྒྱུད་ལྟར་ལས། ཆོས་མཛད་ཀརྨ་སྨན་བླ། གཞོན་ནུ་བློ་གྲོས། སྐལ་བཟང་རྣམ་གྲོལ། གནས་གསར་བ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། བར་འདིར་བླ་མ་གཅིག་དགོས་མིན་བརྟག །ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། རྗེ་དགེ་ལེགས་ལྷུན་གྲུབ། ཀུན་དགའ་དོན་གྲུབ། དགེ་འདུན་རྒྱ་མཚོ། འཇམ་དབྱངས་བློ་གསལ། དེ་བདག་ཅག་གི་འཁོར་ལོའི་རྒྱན་གྱུར་ངེས་པར་ཐམས་ཅད་མཁྱེན་པ་ཉིད་ཚུར་

90b

མཐོང་ཙམ་ལ་དགེ་བའི་བཤེས་གཉེན་གྱི་རྣམ་པར་རོལ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རིགས་བརྒྱའི་ཁྱབ་བདག་གཙུག་གི་ནོར་བུ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་པོ། དེ་གཉིས་ཀྱིས་བདག་དྷརྨྨ་སེངྒེ་ལའོ། །བརྒྱུད་པ་དེ་ལས་འབྱུང་བའི་གདམས་པ་ཡང་། གནས་ལྔ་རིག་པའི་པཎྜི་ཏ་དྷརྨྨ་ཤྲཱིས་སྤྱིར་བཀའ་གཏེར་གྱི་ཆོས་ཐམས་ཅད་ལ་ཕྱག་བཞེས་བསམ་གྱིས་མི་ཁྱབ་པ་དང་། ཞི་བྱེད་གཅོད་ཡུལ་གྱི་བསྟན་པ་ལའང་ད་ལྟའི་བར་དུ་དབང་ལུང་གི་ཟམ་མ་ཆད་པས་བཀའ་དྲིན་ཆེ་བ་ཡིན་ཅིང་། ཞི་བྱེད་སྔ་ཕྱི་བར་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་པའི་དབང་ཆོག་བཀླགས་པས་གྲུབ་པ་ལས། ཞི་བྱེད་ཀྱི་བཀའ་བབས་ཕྱི་མ་དྲི་མེད་ཐིག་པའི་ཕྱག་བཞེས་ཞེས་བྱང་ཆུབ་སེམས་དཔའ་ཀུན་དགའི་ལུགས་ལ། རྟེན་མ་སྨིན་པ་སྨིན་པར་བྱེད་པ་ལམ་ལྔའི་གླེགས་བམ་གྱི་དབང་། གཉིས་པ་སྦྱོར་ལམ་བསྒྲོད་པར་བྱེད་པ་བཀའ་ཐུབ་ཀྱི་དབང་། གསུམ་པ་མཐོང་ལམ་མི་རྟོགས་པའི་ཡེ་ཤེས་འཆར་བྱེད་རྗེས་བློ་བྲལ་གྱི་བྱིན་རླབས། བཞི་པ་སྒོམ་ལམ་ས་བཅུ་དུས་གཅིག་ལ་ནོན་པར་བྱེད་པ་རོ་སྙོམས་ཀྱི་བྱིན་རླབས། ལྔ་པ་ཐར་ལམ་བྱ་བྲལ་གྱི་ཡེ་ཤེས་ཐོབ་པར་བྱེད་པ་སྒོམ་པ་བདག་བསྟོད་གྱི་བྱིན་རླབས། དྲུག་པ་ལ་གསུམ་ལས། དང་པོ་དབང་པོ་རབ་འབྲིང་གི་གང་ཟག་སྨིན་པར་བྱེད་པ་ལམ་གསུམ་

91a

༄༅།       །གཞུང་མའི་དབང་། གཉིས་པ་དཀའ་ཐུབ། གསུམ་པ་ཐར་ལམ་བདག་བསྟོད། བདུན་པ་དབང་རྣོན་ལ་རྫོགས་པའི་དབང་གཅིག་མའམ། ཟབ་མོ་ཀུ་སུ་ལུའི་དབང་ཞེས་པ་ལམ་གསུམ་གླེགས་བམ་ལ་མ་ལྟོས་པར། བླ་མའི་སྐུའི་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་པ་ཏིང་ངེ་འཛིན་གྱི་དབང་བཞི་བསྐུར་བ། བརྒྱད་པ་རྟེན་འབྲེལ་གྱི་བདག་པོ་བསྟོད་པ་ཞེས་བྱ་བ་ཕྱི་ནང་གསང་གསུམ་གྱི་དབང་རྣམས་སོ། །ཡང་བརྒྱུད་པ་ཕྱི་མའི་ཡི་དམ་གྱི་སྐོར་ལས། དང་པོ་ཐུགས་དམ་བདེ་གཤེགས་བཅུ་གཉིས་ཀྱི་དབང་། གཉིས་པ་བདེ་མཆོག་ཐུན་མོང་གི་ལྷ་བཅུ་གསུམ་མའི་དབང་། གསུམ་པ་རྡོ་རྗེ་ཕག་མོ་ཕྱི་སྒྲུབ་ཞལ་གཉིས་མ་ལྷ་དགུའི་དབང་། བཞི་པ་རྡོ་རྗེ་རྣལ་འབྱོར་མའི་ནང་སྒྲུབ་ཞལ་གཅིག་མའི་དབང་། ལྔ་པ་གསང་སྒྲུབ་ཁྲོས་ནག་མའི་དབང་། དྲུག་པ་རྡོ་རྗེ་གཏུམ་མོ་མཁའ་འགྲོ་མ་བདུད་རྩི་བུམ་པའི་དབང་རྣམས་སོ། །ཡང་བརྒྱུད་པ་ཕྱི་མའི་བཀའ་བསྲུང་ཆོས་སྐྱོང་གི་སྐོར་ལས། དང་པོ་མགོན་པོ་བེར་ནག་གི་རྗེས་གནང་། གཉིས་པ་མགོན་པོ་ཨ་གྷོ་རའི་རྗེས་གནང་། གསུམ་པ་ཞིང་སྐྱེས་མཁའ་འགྲོ་ཀུན་ཏུ་རི་ཀའི་རྗེས་གནང་། བཞི་པ་ཡོན་བདག་ནོར་བུ་བཟང་པོའི་རྗེས་གནང་རྣམས་སོ། །ཡང་རྟེན་འབྲེལ་ཁང་པར་འཇུག་པ་དཀའ་ཐུབ་གསུམ་

91b

གྱི་དབང་བཅས་ཁྱོན་ཉི་ཤུ་རྩ་གཅིག་རྣམས་སྨིན་བྱེད་ཀྱི་སྐོར་རོ། །ཡང་གྲོལ་བྱེད་ཁྲིད་ཀྱི་སྐོར་ལ། ཞི་བྱེད་སྔ་ཕྱི་བར་གསུམ་གྱི་ཁྲིད་གང་བཞུགས་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་རྣམས་སོ། །དེ་ལྟ་བུའི་བླ་མ་བརྒྱུད་པའི་རྣམ་ཐར་དང་ཆོས་ཀྱི་བབ་ཚུལ་སོགས་ལ་བལྟ་བའི་དགོས་པ་ནི། ཚེ་འདིའི་ཞེན་པ་ལྡོག་པ། དེ་རྣམས་ཀྱི་རྣམ་ཐར་བཞིན་དུ་སྐྱོང་འདོད་པ། བློ་སྣ་ཐུང་བ། མི་རྟག་པ་རྒྱུད་ལ་སྐྱེ་བ། གོང་མའི་མཛད་སྤྱོད་དྲན་པ། ཕྱི་མ་དོན་དུ་གཉེར་བ། སྒོ་གསུམ་ཆོས་ལ་ཁོལ་བའི་བརྩོན་འགྲུས་མྱུར་བ། རྒྱུ་འབྲས་སྤང་བླང་གི་བྱེ་བྲག་ཕྱེད་པ། རང་ཉམས་སུ་ལེན་པའི་གོ་སྐབས་བདེ་བ། ཕ་རོལ་པོ་ལའང་དེའི་ཚུལ་སྟོན་ནུས་པ། ཆོས་དང་བརྒྱུད་པ་ལ་ཡིད་ཆེས་པ། སྙན་གྲགས་དང་རྙེད་བཀུར་ལ་མི་ཆགས་པ། ནོར་ལ་ཞེན་ཆགས་ཆུང་བ། ཆོས་ཕུགས་སྤྲང་ལ་གཏད་པས་འདི་ཕྱིར་བློ་བདེ་བ་སོགས་ཕན་ཡོན་དང་དགོས་པ་དཔག་ཏུ་མེད་དོ། །གཞན་ཡང་སྐྱེས་མཆོག་དམ་པ་རྣམས་ཀྱི་གསང་གསུམ་གྱི་མཛད་འཕྲིན་ངོ་མཚར་ཞིང་བྱིན་ཆེ་བ་དག་ལན་རེ་ཙམ་ཐོས་པས་ཀྱང་། ལས་སྒྲིབ་དཔག་ཏུ་མེད་པ་འདག་ཅིང་བསོད་ནམས་ཀྱི་ཚོགས་རྫོགས་པར་འགྱུར་བ་དང་། དཀར་པོའི་ས་བོན་ཐེབས་ཤིང་བླ་མ་རྣམས་ཀྱི་ཞབས་དྲུང་དུ་སྐྱེས་ཏེ་དམ་པའི་

92a

༄༅།       །ཆོས་འཛིན་པ་དང་། སྡུག་སྒུར་དང་དཀའ་སྤྱད་ནུས་ཤིང་སྙིང་རུས་ཆེ་བ། བློ་སྟོབས་དང་དད་པ་ཤུགས་ཀྱིས་སྐྱེ་བ། མང་དུ་ཐོས་ཤིང་རྟག་ཏུ་རྣམ་ཐར་དྲན་ན་ཆོས་ཐམས་ཅད་རྣམ་ཐར་གྱིས་བསྟན་པ་ཡིན་གསུངས། གཞན་ཡང་རྒྱུད་ལ་དད་པ་མེད་པ་རྣམས་ལ་དད་པ་སྐྱེ་ཞིང་། ཡོད་པ་རྣམས་གོང་འཕེལ་དུ་འགྲོ་བ་དང་། དེ་ལ་བརྟེན་ནས་དོན་རྒྱུད་ཀྱི་བྱིན་རླབས་ཞུགས་ཏེ་ཉམས་དང་རྟོགས་པ་མ་སྐྱེས་པ་རྣམས་རྩོལ་མེད་དུ་སྐྱེ་བ་དང་། སྐྱེས་ཟིན་གོང་དུ་འཕེལ་བ། བྱང་ཆུབ་སེམས་དཔའི་མཛད་པའི་རྗེས་སུ་སློབ་པར་འདོད་པས་སྨོན་སེམས་ཤུགས་ཀྱིས་སྐྱེ་བ། དགེ་སྟོབས་ཆེན་པོ་རྣམས་ལ་ཡི་རང་བས་བསོད་ནམས་མཉམ་པར་ཐོབ་པ། །མཛད་སྤྱོད་དང་ཆོས་ཀྱི་གཏམ་ཟབ་མོ་རྣམས་ཐོས་པས་འཕྲལ་དུ་ཆགས་སྡང་དང་སྡུག་བསྔལ་རྣམས་འགག་ཅིང་དགའ་སྤྲོ་དང་དཀར་པོའི་དགེ་བ་འཕེལ་བ། ལོག་ལྟ་ཅན་སྨོད་ཅིང་བསྐུར་པ་འདེབས་པ་རྣམས་ཀྱང་རྣམ་ཐར་འཛིན་ཅིང་གདུལ་བྱར་གྱུར་ནས་འཁོར་བ་མཐའ་ཅན་དུ་བྱེད་པ་དང་། མདོར་ན་རང་གཞན་དོན་གཉིས་ལྷུན་གྲུབ་ཀྱི་སངས་རྒྱས་སུ་འགྱུར་བ་ཡིན་པས། འདི་ཉིད་མཐོང་ཐོས་དྲག་རེག་ཙམ་གྱིས་ཀྱང་དོན་དང་ལྡན་པའི་ཕྱིར། འབྲི་བ་དང་། ཀློག་པ་དང་། འཆད་པ་དང་། ཉན་པ་དང་། བསམ་

92b

ཞིང་ཡིད་ལ་འཛིན་པ་དང་། དོན་ཉམས་སུ་ལེན་པ་ལ་བརྩོན་པར་བྱའོ། །ཉེས་པ་ཐམས་ཅད་ཀྱི་རྩ་བ་ལོག་ལྟ་དང་ཐེ་ཚོམ་ལ་འདུ་བས། དེའི་གཉེན་པོ་ཆོས་ཐམས་ཅད་ཀྱི་རྩ་བ་ཡིད་ཆེས་སོགས་ཀྱི་དད་པ་དང་ལྡན་ན་རྣམ་དཀར་དགེ་བའི་ཡོན་ཏན་ཐམས་ཅད་རང་ཤུགས་ཀྱིས་འབྱུང་སྟེ། དཀོན་མཆོག་ཏ་ལའི་མདོ་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དང་གྱུར་ཅིང་། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་པ་དང་། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ན། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་འགྲོའི་གྲོང་ཁྱེར་ཆེན་པོ་ཡིན། །དད་པས་རྙོགས་མ་སེལ་ཞིང་སེམས་དྭངས་བྱེད། །ང་རྒྱལ་སྤོང་ཞིང་དུལ་བའི་ཙ་བ་ཡིན། །དད་པ་གཏེར་དང་ནོར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་དང་། དཔལ་མགོན་ཀླུ་སྒྲུབ་ཀྱིས། དེ་ཡི་སྒྲུབ་པ་མདོར་བསྡུ་ན། །དད་པའི་དང་ནི་ཤེས་རབ་སྟེ། །དེ་ཉིད་གཙོ་བོ་ཤེས་རབ་ཡིན། །དེ་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་དང་། སློབ་དཔོན་ཆེན་པོས། ཚ་བའི་ཡུལ་མེད་ན་རྒྱ་སྐྱེགས་ཀྱི་ནུས་པ་མི་འགོ ༔ དད་པའི་ཞིང་ས་མེད་ན་བྱང་ཆུབ་ཀྱི་མྱུ་གུ་མི་སྐྱེ ༔ །ཡིད་ཁྱེད་ཤེས་ཀྱི་བློ་མེད་ན་དཀོན་

93a

༄༅།       །མཆོག་གསུམ་གྱི་བྱིན་རླབས་རྒྱང་རིང༔ ཞེས་དང་། དེ་ཡང་དང་པོ་ལོ་རྒྱུས་བརྗོད་པས་དང་པ་འདྲེན༔ ཡོན་ཏན་མཐོང་བས་དད་པ་སྐྱེས༔ ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག༔ སེམས་ཐེ་ཚོམ་བྲལ་བས་བསམ་པ་འགྲུབ༔ ཅེས་པ་སོགས་མདོ་རྒྱུད་དུ་མ་ནས་གསུངས་སོ། །དད་པ་སྐྱེ་བ་ལ་རྒྱལ་བ་སྲས་བཅས་ཀྱི་སྤྱོད་ཡུལ་རྣམ་ཐར་ལས་གཞན་དུ་མ་ཡིན་ནོ།       །