ཞི་བྱེད་ཆོས་འབྱུང་།
མཇུག་བྱང་།
上一章
下一章

(མཇུག་བྱང་།)

འདིར་སྨྲས་པ། རྣམ་མང་རྒྱལ་བའི་མཛད་འཕྲིན་གངྒཱའི་ཀླུང་། །རྣམ་དག་དད་པས་ཆུ་ཐིག་ཙམ་ཞིག་བླངས། །རྣ༷མ་མཁྱེན་ལམ་དང་ལྔ་རིག་ལ་རྨོངས་པས། །རྣ༷མ་དཔྱོད་ལྡན་པའི་ལུང་རིགས་རྒྱས་བཤད་དབེན། །བད༷ག་ཉིད་ཆེན་པོའི་རྣམ་ཐར་ཆུ་བོའི་རྒྱུན། །བད༷ག་རྨོངས་སོ་སྐྱེའི་བློ་ཡིས་མ་དྲངས་པར། །བད༷ག་མེད་རྣམ་གཉིས་རྟོགས་པའི་མཁས་གྲུབ་རྣམས། །བད༷ག་གི་ཉེས་པའི་ཚོགས་མཆིས་བཟོད་པར་རིགས། །རྨད་བྱུང་བསོ༷ད་ན༷མས་ཆུ་གཏེར་ལས་འོངས་པའི། །རྨད་བྱུང་ཕུ༷ན་ཚོ༷གས་འདོད་འབྱུང་དབང་གི་རྒྱལ། །རྨད་བྱུང་ཆོ༷ས་ཀྱི༷་དགོས་འདོད་ཆར་འབེབས་ཏེ། །རྨད་བྱུང་མི་ཡི་སེ༷ངྒེའི༷་འབྲས་སྨིན་ཤོག །       ། །ཅེས་ཞི་བྱེད་དང་གཅོད་ཡུལ་གྱི་ཆོས་འབྱུང་རིན་པོ་

93b

ཆེའི་ཕྲེང་བ་ཐར་བའི་རྒྱན་ཞེས་བྱ་བ་འདི་ནི། སྔོན་ནས་རང་ཉིད་ཀྱི་བློ་ལ་འདི་ལྟ་བུ་བྱུང་ན་སྙམ་པའི་འདུན་པ་ཡོད་པར་མ་ཟད། རྣམ་གསུམ་དད་པའི་ནོར་གྱིས་ཕྱུག་པ་ཆབ་མདོའི་དགེ་སྦྱོང་འཇིགས་མེད་གཞན་ཕན་འོད་ཟེར་གྱིས་བསྐུལ་ངོར། ཀུན་རྨོངས༸འཇི༷གས་བྲ༷ལ་ཆོ༷ས་ཀྱི༷་སེ༷ངྒེས་ཡར་ཀླུང་ཆོས་དུང་རི་ཁྲོད་དུ་སྦྱར་བའི་ཡི་གེ་པ་ནི་མངའ་རིས་གར་ཞྭ་མཁའ་འགྲོའི་གླིང་གི་སྦས་པའི་རྣལ་འབྱོར་པ་མི་ཕམ་འཕྲིན་ལས་བཟང་པོ་དང་། དགའ་རབ་བཟང་པོ་གཉིས་ཀྱིས་བགྱིས་པ་འདིས་ཀྱང་གཅོད་ཡུལ་ཕྱག་རྒྱ་ཆེན་པོའི་བསྟན་པ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །       ། །