བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
མཆོད་བརྗོད།
上一章
下一章
1b

(མཆོད་བརྗོད།)

༄༅༅།        །བདེ་མཆོག་འཁོར་ལོའི་རྩ་བ་ཉུང་ངུའི་རྒྱུད་ཀྱི་སྤྱི་དོན་རྣམ་པར་གཞག་པ་དོན་གསལ་ཞེས་བྱ་བ། བླ་མ་དང་། དཔལ་བདེ་མཆོག་འཁོར་ལོ་ལ་ཕྱག་འཚལ་ལོ། །དག་པའི་སེམས་ཀྱིས་སྤྲུལ་པའི་དཔའ་བོ་བདེ་བ་ཆེ། །ཆོས་ཉིད་དག་པས་སྤྲུལ་པའི་རྡོ་རྗེ་ཕག་མོས་འཁྱུད། །དངོས་དང་དངོས་མིན་རོ་མཉམ་དཔལ་ལྡན་ཧེ་རུ་ཀ །བླ་མ་རྡོ་རྗེ་འཆང་ལ་གུས་པས་ཕྱག་འཚལ་ནས། །