བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
༣.གཞུང་ཚད་བསྟན་པ།
上一章
下一章

(༣.གཞུང་ཚད་བསྟན་པ།)

གསུམ་པ་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་མིང་སྟོང་ཕྲག་བཅུ་གཉིས་ཤེས་བྱ་སྟེ། རྒྱས་པར་བྱས་ན་གྲངས་མེད་དོ། །གཉི་གའི་རྒྱུད་སྟོང་ཕྲག་དྲུག་གོ །སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད་དོ། །བྱ་བའི་རྒྱུད་སྟོང་ཕྲག་བཞིའོ། །རྟོག་པའི་རྒྱུད་སྟོང་ཕྲག་བཞིའོ། །ཞེས་གསུངས་པ་ལ། དེར་རྣལ་འབྱོར་མའི་རྒྱུད་ཀྱི་གྲངས་མ་གསུངས་ཤིང་། སྡོམ་འབྱུང་ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཤེས་གསུངས་ཤིང་། སངས་རྒྱས་ཐོད་པར་ཡང་། དེ་དང་འདྲ་བར་གསུངས་པ་ལ། ས་ར་ཧས། རྣལ་འབྱོར་གྱི་རྒྱུད་ལ་ནི་བྱེ་བ་ཕྲག་དྲུག་ཉིད་དོ་ཞེས་བྱ་བ་ནི་རྣལ་འབྱོར་གྱི་རྒྱུད་རྣམ་པ་དྲུག་ལའོ། །རྣལ་འབྱོར་མའི་རྒྱུད་ལ་ནི་བྱེ་བ་ཕྲག་བཅུ་དྲུག་ཉིད་དོ། །ཞེས་པ་ནི་རྣལ་འབྱོར་མའི་རྒྱུད་རྣམ་པ་བཅུ་དྲུག་ལའོ། །ཞེས་རྣལ་འབྱོར་གྱི་རྒྱུད་སྡེ་རྣམ་པ་དྲུག་དང་། རྣལ་འབྱོར་མའི་

34a

༄༅།        །བཅུ་དྲུག་ཏུ་ཕྱེ་ནས་རེ་རེ་ལ་བྱེ་བ་ཕྲག་རེ་རེ་བྱེད་པའི་ཚུལ་གསུངས་མོད་ཀྱི། དྲུག་དང་བཅུ་དྲུག་ཏུ་ཇི་ལྟར་བྱེད་གསལ་བར་མ་གསུངས་སོ། །གཞུང་ཚད་དེ་དག་ཀྱང་ཤོ་ལོ་ཀའི་གྲངས་མིན་ཏེ། འདིར་བྱ་བའི་རྒྱུད་ལ་སྟོང་ཕྲག་བཞི་ལས་མ་གསུངས་ལ་དོན་ཞགས་ཀྱི་ཆོ་ག་ཞིབ་མོ་བོད་དུ་འགྱུར་ཚད་ལའང་སྟོང་ཕྲག་བརྒྱད་ཡོད་པའི་ཕྱིར་རོ། །དེ་རྣམས་ཀྱི་ནང་ནས་ཕ་རྒྱུད་ཀྱི་འདོད་ཆགས་འདུལ་བའི་རྒྱུད་ལ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དེ་ནས་གཞན་ཡང་བཤད་བྱ་བ། །འདོད་ཆགས་ཐབས་ནི་ཆེན་པོའི་རྒྱུད། །གང་གིས་ལེགས་པར་ཤེས་ནས་ནི། །ཚེ་འདིར་དངོས་གྲུབ་སྦྱིན་པར་བཤད། །གསང་བ་འདུས་པ་སྟོང་ཕྲག་གཅིག །རྡོ་རྗེ་ཕྲེང་བ་འབུམ་ཕྲག་གསུམ། །དགོངས་པ་ལུང་སྟོན་སྟོང་ཕྲག་བཞི། །ལྷ་མོ་བཞི་ཞུས་བརྒྱ་བདུན་ཅུ། །ཨུ་རད་ཏནྟྲ་ཉིས་བརྒྱ་བརྒྱད། །དེ་ཡི་ཉེ་བར་བཤད་པའི་རྒྱུད། །དམ་ཚིག་ཆེན་པོ་ལྔ་བཅུ་ལྔ། །རྡོ་རྗེ་ལྔ་འདུས་སྟོང་ཕྲག་གཅིག །ཀུན་ལས་བཏུས་པ་འབུམ་ཕྲག་གཅིག །མཉམ་ཉིད་རྣམ་རྒྱལ་ཉིས་བརྒྱ་བཅུ། །ཟླ་གསང་ཐིག་ལེ་སྟོང་བདུན་བརྒྱ། །རྡོ་རྗེ་ས་འོག་བརྒྱ་ཉི་ཤུ། །ཅོད་པན་རྡོ་རྗེ་བདུན་བརྒྱ་ལྔ། །ཁྲོ་ཟླ་ཐིག་ལེ་འབུམ་ཕྲག་ལྔ། །རྡོ་རྗེ་རྣམ་རྒྱལ་བརྒྱ་དགུ་བརྒྱ། །མཉམ་ཉིད་གསང་བ་སྟོང་ཕྲག་ལྔ། །རྡོ་རྗེ་གསང་རྒྱན་སྟོང་ཕྲག་ལྔ། །རྡོ་རྗེ་གསང་མཛོད་སྟོང་ཕྲག་བདུན། །ནོར་བུ་གསང་ཐིག་སྟོང་ཕྲག་གཅིག །སྣང་མཛད་སྒྱུ་འཕྲུལ་སྟོང་

34b

དང་བརྒྱ། །རྡོ་རྗེ་གསང་རྒྱན་སྟོང་ཕྲག་གཅིག །རྡོ་རྗེ་ཐོད་པ་ཉིས་བརྒྱ་བརྒྱ། །དེ་ཉིད་བརྒྱ་སྟོང་བརྒྱ་སྟོང་བདུན། །དམ་ཚིག་མངོན་རྒྱན་སྟོང་ཕྲག་འབུམ། །འཇམ་དཔལ་དཔའ་བོ་འབུམ་ཕྲག་གཅིག །གསང་ཆེན་བསྡུས་པ་བརྒྱ་ལྔ་བཅུ། །རིན་ཆེན་སྡོང་པོ་དགུ་བརྒྱ་བདུན། །དུས་ཀྱི་ཐིག་ལེ་བརྒྱད་བརྒྱ་བཅུ། །ལྷ་མོ་བསྟན་བཅོས་ལྔ་བརྒྱ་བདུན། །འདི་རྣམས་དགོངས་པའི་བྱེ་བྲག་གིས། །ང་ཡིས་ཡང་དག་བསྟན་པར་བྱ། །འདི་ནི་གཉིས་པོ་འཁྱུད་པ་ཡིས། །རྒྱུད་ཀྱི་དབྱེ་བ་བསྟན་པའོ། །དེ་བཞིན་དུ་ནི་ལག་བཅངས་དང་། །རྒོད་དང་བལྟས་པའང་ཤེས་པར་བྱ། །དེ་བཞིན་ཞེ་སྡང་གཏི་མུག་གི །རྒྱུད་རྣམས་ཀུན་ཀྱང་ཤེས་པར་བྱ། །མཁའ་འགྲོ་མ་ཡི་རྒྱུད་ཀུན་ཡང་། །འདི་ནི་རིམ་པས་ཤེས་པར་བྱ་ཞེས་སོ། །གུར་ལས། མཁའ་འགྲོའི་བདེ་དང་རྒྱ་མཚོའི་བདེ་དང་ནམ་མཁའ་དང་། །གསེར་གྱི་ཆར་པ་དང་ནི་དགའ་ཆེན་ཟ་ནུས་དང་། །བདེ་ཆེན་དགྱེས་པ་དང་ནི་གསང་བ་ཡིད་བདེ་དང་། །རྒྱུད་དེ་རྣམས་ལ་ཕན་པའི་རྡོ་རྗེ་མཁའ་འགྲོ་དང་། །སངས་རྒྱས་ཐམས་ཅད་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་དང་། ། གསང་བའི་མཛོད་དང་རྡོ་རྗེ་བདུད་རྩི་ལས་བྱུང་དང་། །འཁོར་ལོ་བདེ་མཆོག་གུར་དང་ཕུན་སུམ་ཚོགས་པ་རྣམས། །རྣལ་འབྱོར་མ་ཡི་རྒྱུད་ནི་དྲུག་པར་གྲགས་པ་ཡིན། །ཞེས་གསུངས་སོ། །