ལྡེའུ་ཆོས་འབྱུང་།
མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅའ་བ།
上一章
1b
(མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅའ་བ།)
༄༅༅། །དུས་གསུམ་བདེ་གཤེགས་ཐུགས་རྗེ་ཆེན་པོ་ཉི་མའི་འོད་ཟེར་ཅན། གཞན་ཕན་ལྷུན་གྱིས་གྲུབ་པ་དང་། རྒྱལ་བའི་སྲས་མཆོག་ཀླུ་གྲུབ་མཚན་ལྡན་འགྲོ་ལ་ཆར་ཆེན་འབེབས་པ་དང་། །བསྟན་པ་གསལ་བྱེད་དེ་ལས་བརྒྱུད་པའི་སྲས་དང་བཅས་ལ་བཏུད་བྱས་ཏེ། །སྟོན་པ་བསྟན་པ་དག་གི་འབྲེལ་ཚུལ་མ་ནོར་དགྲིག་པ་ཞིག །མཁས་པས་མཐོང་ན་ངོ་མཚར་སྐྱེས་པ་དང་། །རྨོངས་པའི་གང་ཟག་ཟིལ་གྱིས་གནན་པ་དང་། །བུ་སློབ་རྣམས་ཀྱི་གསོལ་བ་བཏབ་པའི་དོན། །མདོ་བརྒྱུད་བླ་མ་རྣམས་ཀྱིས་ཁུང་ལ་རྟེན་ཏེ་བྲི། །