ལྡེའུ་ཆོས་འབྱུང་།
༣.སྐུ་བལྟམས་པའི་མཛད་པ།
上一章
下一章

(༣.སྐུ་བལྟམས་པའི་མཛད་པ།)

དེ་ནས་ལྟམས་པ་ཡང་གུང་ཟླ་བཅུ་གཅིག་དུ་ལྷུམས་ནས་ལྟམས་དུ་མ་འདོད་དོ། །མཚན་མཁན་ལ་དྲིས་པས། རྒྱལ་བུ་དེ་ནི་མདུན་སར་ལྟམས་དུ་མི་འདོད་དེ་ནགས་མཐའ་དབེན་པར་གཤེགས་དགོས་གསུང་ནས། ཡུམ་འཁོར་དང་བཅས་པ་ལུམ་བྷ་ནིའི་ནགས་ཚལ་ཏུ་གཤེགས་པ་དང་སྙུངས་ལངས་སྟེ་བྱང་ཆུབ་ཀྱི་ཤིང་རླག་ཤའི་ཡལ་ག་ལ་

24a

༄༅།       །ཕྱག་འཇུས་པ་ཙམ་གྱིས་རྩིབ་མ་གཡས་ཀྱི་གོ་བར་ནས་གློག་འབྱུང་པའི་ཚུལ་དུ་སྐད་ཅིག་མ་ལ་བལྟམས། རྩ་བ་ལ་བབས་རྩ་ན་བསྐྱེད་མོ་ཚལ་དུ་མེ་ཏོག་ཁ་འབུས་པ་ལ་སོགས་པའི་སྔ་ལྟས་སུམ་བཅུ་རྩ་གཉིས་བྱུང་། འདོད་པ་ན་སྤྱོད་པའི་ལྷ་མོ་དྲུག་ཁྲིས་ཡུམ་སྒྱུ་འཕྲུལ་ལ་བསྐུར་ཏི་བྱས། དེ་ནས་ལྟམས་ནས་ཚངས་པ་དང་རྒྱ་བྱིན་བུ་མེད་རྒན་མོར་སྤྲུལ་ནས་དར་དཀར་གྱི་ཁུག་མར་བླངས། ཀླུ་དགའ་བོ་དང་འཇོགས་པོས་ནམ་མཁའ་ན་མར་ལ་བདུད་རྩིའི་ཆར་པ་ཕབ། རྒྱལ་པོ་བཞིས་སྐུ་འཁྲུས་གསོལ། ལྟམས་མ་ཐོག་ཏུ་ཕྱོགས་བཅུར་གོམ་པ་བདུན་བདུན་བཞུད་པས། ཤུལ་ཏུ་པད་མ་བདུན་བདུན་བྱུང་། དེ་སྐད་དུ་སྐྱེ་འཆི་མཐར་བྱེད་དེ་ནི་ལྟམས་པས་ན། །ས་ལ་གོམས་པ་བདུན་བདུན་བཞུད་ནས་སུ། །འདི་ནི་ངའི་སྐྱེ་མཐར་གྱུར་པ་ཡིན་ཞེས། །འཇིག་རྟེན་གསུམ་གྱི་བླ་མ་གཅིག་པུས་གསུང་། །གང་ཚེ་རྣམ་འདྲེན་ལྟམས་པར་གྱུར་པ་ན། །དེ་ཚེ་ས་འདི་རིགས་བཅས་ཤིན་ཏུ་གཡོས། །ཇི་ལྟར་བར་སྣང་གློག་བཞིན་སྣང་པ་དང་། །གཞོན་ནུ་དེ་ནི་རྒྱ་བྱིན་དག་གིས་བླངས། །དྲི་མེད་ཟླ་བའི་དཀྱིལ་འཁོར་འོད་འདྲའི་གདུགས། །ལྷའི་གཙོ་བོས་དབུའི་སྟེང་ནས་མཛིན། །ཀླུ་རྣམས་ཀྱི་ཀྱང་བདུད་རྩིའི་ཆར་པ་ཕབ། །རྒྱལ་ཆེན་རྣམས་ཀྱི་དེ་ལ་སྐུ་འཁྲུས་གསོལ། །ཞེས་སོ། །དེ་ལྟར་གླང་གི་ལོའི་དཔྱིད་ཟླ་འབྲིང་པོའི་ཚེས་བརྒྱད་ལ་ལྟམས་པས། དེའི་དགུང་ལ་ཡུལ་དེར་ལྟས་ཆེན་པོ་བརྒྱད་ཀྱང་བྱུང་ཏེ། ཕོ་བྲང་གི་རིན་པོ་ཆེའི་གཏེར་རྣམས་རང་བཞིན་གྱིས་ཁ་བྱེ། ཡུལ་ཕྱོགས་དེར་

24b

དྲི་ཞིམ་པོ་བྱུང་ངོ་། །རླུང་འཇམས་པོ་ལངས་སྟེ་ཡུལ་དེར་ཕྱག་དར་བྱས། མེ་ཏོག་མང་དུ་ནམ་མཁའ་ལས་ལྷག །བྱ་དང་རི་དགས་མང་པོ་ཡང་རྒྱལ་པོའི་ཕོ་བྲང་གི་ཕྱོགས་སུ་འདུད། བུད་མེད་ལུས་མི་བདེ་བ་རྩམ་ལ་བུ་ཁྱིའུ་བཙས། བྲམ་ཟེ་སྨྲ་འདོན་རྣམས་ཀྱིས་ཤིས་པ་བརྗོད་ལྷ་རྣམས་ཀྱིས་ཀྱང་བཀྲ་ཤིས་བརྗོད། གཞན་ཡང་དུས་དེར་གཉན་ཡོད་ཀྱིས་རྒྱལ་པོ་ཚངས་བྱིན་ལ་སྲས་གསལ་རྒྱལ་བཙས། རྒྱལ་པོའི་ཁབ་དུ་རྒྱལ་པོ་པད་མ་ཆེན་པོའི་སྲས་གཟུགས་ཅན་སྙིང་པོ་ཡང་བཙས། ཀོའུ་ཤ་བྷིར་དམག་རྒྱ་པའི་སྲས་རྒྱལ་བུ་ཤ་ར་བ་ཡང་བཙས། གྲོང་ཁྱེར་འཕགས་རྒྱལ་དུ་མུ་འཁྱུད་མཐའ་ཡས་ཀྱི་སྲས་རབ་སྣང་ཡང་བཙས་སོ། །དགའ་བོ་ལ་སོགས་པ་ཤཀྱ་ལྔ་བརྒྱ་ཡང་བཙས་སོ། །གྲགས་མཛིན་ལ་སོགས་པ་ཤཀྱའི་བུ་མོ་ལྔ་བརྒྱ་དང་འདུན་ལ་སོགས་པ་འཁོར་ལྔ་བརྒྱ་ཡང་བཙས་སོ། །དེ་ནས་གོང་བདུན་ན་ཡུམ་གྲོངས་སྟེ་མ་མ་གསུམ་གསུམ་བཀྲལ་ཏེ། ནུ་ཞོ་བླུན་པའི་མ་མ་སྲུ་གུའུ་ཏ་མི། སྤང་དུ་འཚོ་བའི་སྐྱེ་དགུའི་བདག་མོ། དྲི་སྣབས་འཕྱི་པ་ཚངས་པའི་ཁོལ་མོ་དང་གསུམ་སྟེ་དེ་ལ་སོགས་པ་སུམ་བཅུ་རྩ་གཉིས་ཀྱང་བཀྲལ་ལོ། །དེ་ནས་བྲམ་ཟེ་མཚན་མཁན་ལ་མཚན་དྲིས་པས། ད་ནི་ཁབ་ན་བཞུགས་ན་འཁོར་ལོས་བསྒྱུར་བར་འགྱུར། རབ་ཏུ་བྱུང་ན་སངས་རྒྱས་སུ་འགྱུར་རོ། །ཞེས་སོ། །དེའི་ཚེ་དྲང་སྲོང་ཉོན་མོངས་མེད་དང་རྣག་གི་ཚ་བོ་མེས་བྱིན་གཉིས་ཀྱི་དེ་ལྟར་ཕྱིན་པས། ར་ཙ་ན་རེ་ཅི་ལ་འོངས་ཟེར། དྲང་སྲོངས་ཀྱིས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ནི་འདིར། །ཁྱེད་ཀྱི་སྲས་ལྟམས་པ་ལྟར་ཕྱིར་མཆིས། །འཇིག་རྟེན་གཙོ་བོ་བསྐལ་འདྲེན་པ། །ཐུབ་པ་དེ་ནི་མཐོང་པར་མཚལ། །ར་ཙས་སྨྲས་

25a

༄༅།       །པ། གཞོན་ནུ་དེ་ནི་ལྟ་མིར་འདུག་པས་དར་ཅིག་སྟོན་ཅིག་ཟེར། དྲང་སྲོང་གིས་སྨྲས་པ། རིགས་དང་ལྡན་པའི་ལྷ་རྣམས་ནི། །མཚན་མོ་བཞིན་དུ་ཉལ་བ་དང་། །དགོས་པ་དོན་གཉེར་རྣམས་ཀྱིས་རྙེད། །དམིག་ལ་ཡུན་རིངས་མི་གནས་སོ། །ཞེས་ནས་སླངས་སྟེ་དྲང་སྲོངས་ཀྱི་སྤང་དུ་བཏང་པས་མཚན་མཁན་ཇི་སྐད་ཟེར། རྒྱལ་པོ་ཆེན་པོར་འགྱུར་ཟེར་བྱས་པས། དྲང་སྲོངས་ཀྱིས་སྨྲས་པ། ས་བདག་རྟོགས་པོ་པ་རྣམས་བློ་འཁྲུལ་སྟེ། །བཙོད་པའི་དུས་སུ་འཁོར་ལོས་བསྒྱུར་བ་མི་འབྱུང་། །བསོད་ནམས་མཆོག་གི་ཆོས་ཀྱི་མཛོད་འདི་ནི། །ཉེས་ལས་རྣམ་པར་རྒྱལ་ནས་སངས་རྒྱས་འབྱུང་། །མཚན་མི་གསལ་བར་འདུག་ན་མ་དབང་པའོ། །གླིང་བཞི་རྣམས་ཀྱི་བདག་པོ་དབང་པོར་འགྱུར། །ཐུབ་མཚན་དབང་ནི་ཤིན་ཏུ་གསལ་བས་ན། །མི་མཆོག་སངས་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། །དེ་ནས་དྲང་སྲོངས་རྒྱལ་ཏེ་དེ་སངས་ནས་ཚ་བོ་མེས་སྦྱིན་ལ་སྨྲས་པ། ཁྱོད་དེའི་ཐད་དུ་རབ་ཏུ་བྱུང་ལ་འཁོར་གྱིས་ཅིག་ཟེར། རྒྱལ་པོས་དྲང་སྲོངས་ལ་སྨྲས་པ། འདི་ལ་མི་ལེགས་པའི་མཚན་མ་མི་བརྡའམ་བྱས་པས། འདི་ལ་མི་ལེགས་པའི་མཚན་མ་ཅི་ཡང་མེད། འདི་སངས་རྒྱས་ནས་ཆོས་གསུང་ཙ་ན། བདག་ཉིད་རྒས་ནས་མྱ་ངན་བྱེད་པ་ཡིན་ནོ་ཟེར་རོ། །དེ་ནས་རྒྱལ་པོ་ཡང་ཡིད་ཆེས་ནས་སྲས་ཀྱི་ཞབས་ལ་ཕྱག་འཚལ་ཞིང་སྨྲས་པ། ཁྱོད་ལ་ལྷ་ཀུན་ཕྱག་འཚལ་ཞིང་། །དྲང་སྲོང་རྣམས་ཀྱང་མཆོད་གྱུར་ཏེ། །འཇིག་རྟེན་ཀུན་གྱི་མཆོད་རྟེན་པས། །བདག་ཀྱང་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །དེ་ནས་རིང་པོར་མ་ལོན་

25b

པར་གསེར་གཞོང་དུ་འབྲས་དང་ཤ་སྲེས་པའི་ཆན་མང་དུ་གསོལ་ཏེ་ཕྲོགས་ཀྱང་མ་ཐུབ་གླང་པོ་ཆེས་སྡིག་ཀྱང་མ་ཐུབ་སྟེ་མཚན་ཡང་གླང་པོ་སྟོང་གི་སྟོབས་ཅན་ཞེས་བཏགས་སོ། །དེ་ནས་རྒྱལ་བུས་ལྷ་ཁང་དུ་ཁྱེར་སྟེ་ཤག་ཀྱ་བ་རྣམས་ཀྱི་ཕོ་ལྷ་ལྷ་མང་པོ་ཅི་ཞེས་པ་སེང་གེའི་གཟུགས་ཅན་ཡོད་པ་ལ་བུ་ཆུང་ཐམས་ཅད་ཕྱག་འཚལ་ཏུ་འཁྱེར་བས་དེར་ཕྱིན་པ་དང་ཕོ་ལྷས་ཚུར་བསྟུད་དེ་རྒྱལ་བུ་ལ་ཕྱག་བཙལ་ནས། ད་ཕྱིན་ཆད་རྒྱལ་བུ་ལ་ཕྱག་ཚོལ་ཅིག །བདག་ནི་འཇིག་རྟེན་པའི་ལྷ་སྟེ། འདི་ནི་སངས་རྒྱས་པའི་ལྷ་བོ་ཞེས་ནས། ཤཀྱ་བ་རྣམས་ཀྱིས་ཁ་ཐུབ་པས་ཤག་ཐུབ་པོ། །སེང་གེའི་གཟུགས་ཅན་གྱིས་བསྟུད་པས་ཤཀྱ་སེང་གེ་བོ། །དེ་ནས་ལྷས་ཀྱང་བསྟུད་པས་ལྷའི་ལྷ་ཞེས་མཚན་གསོལ་ཏོ། །